གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《འཁྱམ་རུ་གནམ་ལྷ་རྒྱལ་གྱི་བརྩམས་སྒྲུང་གསར་པ། 《ལུག་ཤ》

  • མཚོ་ལྷོ་འགྲེང་བུ།ip:61.133.233.*
    2020-02-18 11:33:56
    ཇི་ལྟར་འཆོས་ན་དེ་ལྟར་ཡག་པའི་ངེས་པ་ཡོད་ནི་མ་རེད།   ཚེར་མ་ལ་ལན་བརྒྱབས་པ་ཡིན།
  • མཚོ་ལྷོ་འགྲེང་བུ།ip:61.133.233.*
    2020-02-18 11:32:16
    ཁ་བྱང་ལ་འབྲེལ་བ་ཡོད་མེད་དང་རྩོམ་གྱི་བསྟན་དོན་རྩོམ་པ་པོའི་བསམ་པ་དང་ཐོད་རྒྱག་མིན་སོགས་མདོར་ན་རྩོམ་རིག་བརྩམས་ཆོས་ལས་གང་ཞིག་ཨ་ཁེད་ལ་རེ་བའམ།   ཁེད་ལྟར་དུ་ཀློག་པ་ནི་བརྩམས་ཆོས་རོལ་མྱོང་བྱེད་སྲོལ་ཞིག་མ་རེད།  ད་མ་ཀློག   ཁྱོད་སྒྲུང་བཀླག་ནི་ཅན་པོ་མ་རེད།    གཡུ་རལ་ལ་ལན་བརྒྱབས་པ་ཡིན།   
  • གཡུ་རལ།ip:222.28.239.*
    2018-11-14 16:36:13
    ༡ སྒྲུང་གཏམ་འདིའི་བསྟན་བྱ་དང་བྱུང་རིམ་གང་ལ་མཚོན་ནའང་ལུག་ཤ་དང་འབྲེལ་བ་ཟབ་མོ་ཅི་ཡང་བྱུང་མི་འདུག་པས་ཁ་བྱང་ལ་ལུག་ཤ་འདོགས་པའི་དགོས་ངེས་རང་བཞིན་ལ་ཐེ་ཚོམ་སྐྱེས།     ༢ གཏམ་རྒྱུད་འདིའི་ཡུལ་དུས་ཁོར་ཡུག་གི་ཆ་ནས་ནམ་གང་ངམ་གནམ་སྟོང་གི་དགོང་མོ་ཞིག་ལ་བྱུང་བའི་སྣང་བ་མ་སྦྱིན་མ་སོང་།   ༣ ཁྱིམ་ཚང་མང་བོས་ལུག་ཤ་མ་བྱིན་པ་དེ་ལ་རྒྱུ་མཚན་ནམ་བསྟན་བྱ་ཞིག་ཡོད་ན་འགྲིག་སྟེ།  ཚན་པ་གཉིས་པ་ཕལ་ཆེར་ལུག་ཤ་བསྐྱི་བའི་གོ་རིམ་འདིས་ཟིན་ཡོད་པས། གལ་ཏེ་དམིགས་བསལ་གྱི་གོ་ཞིག་ཆོད་མེད་ན་ནི།  ཚན་པ་འདི་ཡིག་ཚོགས་སུ་འགྱུར་ཉེན་ཆེ།   ༤ གཏམ་རྒྱུད་དངོས་སུ་བཀྲམ་ས་ནི་ཚན་པ་བདུན་པ་སྟེ་མཇུག་ཚན་ཁོ་ན་ཡིན་ན། མཇུག་ཚན་བཀླགས་པས་ཀློག་པོའི་སྣང་ངོར་ཚན་པ་གོང་མ་དག་ཀྱང་རང་དགར་མ་བཀླགས་པ་ལ་ཨང་སྙམས་པར་འདོད་པའི་རྩེ་གང་བ་ཞིག་ཨེ་ཡོང་བསམ་ནས་འཇུས་ཀྱང་།  མཇུག་ཚན་གྱིས་དེ་འདྲའི་འདོད་བློ་བསྐངས་མ་སོང་།     མཐར་དགོངས་འགལ་མེད་པའི་སྟེང་ཐུགས་རྗེ་འཚལ།
  • ཚེར་མ།ip:221.207.37.*
    2018-11-09 16:57:58
    ཐེངས་བཅུ་གཅིག་ལ་བཅོས་པའི་སྒྲུང་ཞིག་གི་ཚོད་ཀྱིས་ཧ་ལས་མ་སོང་། འདིའི་ཡན་ཞིག་ཡིན་སྙམ་སོང་།
  • ཀླུ་ཨ་རྡོར།ip:222.28.239.*
    2018-11-09 15:23:51
    ན་གཞོན་སྒྲུང་གཏམ་པར་རྟེན་འབྲེལ་ཞུ།
  • འཁྱམ་རུ་གནམ་ལྷ་རྒྱལ།ip:118.144.141.*
    2018-11-09 13:51:13
    ཕྲན་གྱི་སྒྲུང་གཏམ་སྟེ་《ལུག་ཤ》ཞེས་པ་ནི་2015ལོར་བརྩམས་ཤིང་2017ལོའི་བར་དུ་སྔ་ཕྱིར་ཐེངས་བཅུ་གཅིག་ལ་ཞུ་དག་བྱས།  འདི་ནི་ང་རང་སྒྲུང་གཏམ་གསར་རྩོམ་གྱི་ལམ་དུ་ཞུགས་ནས་ཡུན་རིང་མ་འགོར་བ་དང་སྒྲུང་གཏམ་གྱི་འབྲི་ཐབས་སྣ་ཚོགས་ལ་སློབ་སྦྱོང་དང་ལད་མོ་བྱེད་དུས་ཀྱི་ཚོད་ལྟ་ཅན་གྱི་སྒྲུང་གཏམ་ཞིག་ཡིན་ཕྱིར།  ཕྲན་གྱིས་སྒྲུང་གཏམ་འདི་བྲིས་མ་ཐག་ཏུ་དུས་དེབ་དང་ཚེགས་པར་སོགས་སུ་མ་བསྐུར་བར།  དུས་ཡུན་ངེས་ཅན་རེར་བསྐྱུར་རྗེས་སླར་ཡང་སྒྲུང་གཏམ་འདིའི་སྒྲིག་གཞི་དང་སྐད་ཆ་ལ་བཟོ་བཅོས་དང་དྲུས་དྲབས།  ཐ་སྙད་དང་ཚིག་སྦྱོར་ལ་འཕྲི་སྤོར་དང་མཛེས་བཟོ་སོགས་བྱེད་པའི་ལས་ལ་འབད་པ་ཡིན།  འོན་ཀྱང་།  བར་སྐབས་ཤིག་ལ།  ང་རང་“སྒྲུང་གཏམ་ནི་བརྩམས་ནས་གྲུབ་པ་མིན་ཏེ་བཅོས་ནས་གྲུབ་པ་ཡིན”ཞེས་པའི་སྐད་ཆ་དེར་དོགས་པ་ཞིག་སྐྱེས་བྱུང་།  ང་རང་གི་མྱོང་བ་ལྟར་ན།  སྒྲུང་གཏམ་གང་དེའི་བརྗོད་བྱ་དང་གཏམ་རྒྱུད་བཟང་ན་ཅི་ཙམ་བཅོས་ན་དེ་ཙམ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་མོད།  བརྗོད་བྱ་དང་གཏམ་རྒྱུད་ཞན་པའི་སྒྲུང་གཏམ་ཞིག་ཞུ་དག་ལན་བརྒྱར་བྱས་ཀྱང་སྔར་བཞིན་ཕུལ་བྱུང་ཅན་དུ་འགྱུར་མི་སྲིད་པ་འདྲ།  ངའི་སྒྲུང་གཏམ་འདི་ནི་ཕྱི་མར་གཏོགས་ཏེ།  རང་གིས་རྩོམ་ཁུལ་བྱས་པའི་སྒྲུང་གཏམ་གཞན་དང་བསྡུར་ན་ཞུ་དག་བྱས་པ་ཆེས་མང་པ་འདི་ཡིན་ཡང་།  ཆེས་ཡིད་མི་ཚིམ་དེ་ཡང་སྒྲུང་གཏམ་“ལུག་ཤ”ཡིན་པར་སྙམ་བཞིན་ཡོད། དེ་ལྟ་ནའང་།  སྒྲུང་གཏམ་“ལུག་ཤ”ཞེས་པའི་ཞུ་དག་གི་གོ་རིམ་ཁྲོད་དུ་ང་ལ་སྒྲུང་གཏམ་ནི་གཟབ་ནན་གྱི་ལས་ཀ་ཞིག་ཡིན་པའི་མྱོང་བ་སྐྱེས་ཤིང་།  སྒྲུང་གཏམ་ཞིག་ཡང་ཡང་ཞུ་དག་བྱེད་པ་ནི་རང་ཉིད་མཐོར་འདེགས་སུ་གཏོང་བའི་ཐབས་ཤིག་ཡིན་པའང་ངང་གིས་རྟོགས་སོང་།