གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སུམ་རྟགས་རྩ་ཚིག་གི་འཆི་ལྟས་མངོན་བྱུང་།

  • མི་ཕམip:125.72.250.*
    2015-04-21 19:43:28
    སུམ་རྟགས་དག་གསུམ་ནི་བོད་ཀྱི་ཡི་གེའི་ཕྱི་མོ་ཡིན་པ་ཀུན་གྱིས་ཤེས་གསལ་ལགས། དུས་སྐབས་གསར་བའི་ནང་དུ་བོད་ཡིག་གི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་སོང་བ་དང་བསྟུན་ནས་བོད་ཀྱི་མིང་གི་དབྱེ་སྟངས་ཀྱང་སྔར་ལས་ལྡབ་འགྱུར་གྱིས་རྣམ་གྲངས་ཇེ་མང་དང་ཞིབ་ཆ་ཇེ་ཡོད་དུ་སོང་སྟེ་ད་ལྟ་དྲུག་ཅུ་རྩ་གྲངས་ལྷག་ལ་སླེབས་འདུག་པས། དངོས་གནས་བོད་ཀྱི་སུམ་རྟགས་དག་གསུམ་ལ་གསོན་ཤུགས་གསར་བ་ཞིག་རྒྱས་ཡོད་པ་ལས་འཆི་ལྟས་ཤིག་ག་ལ་མངོན། དཔེར་ན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་གྱི་སློབ་དཔོན་ཆེན་མོ་ཚེ་གྲུབ་རྒྱལ་གྱིས་བོད་ཀྱི་མིང་གི་དབྱེ་སྟངས་དེ་རྩིས་འཁོར་ནང་དུ་ཐག་བཅད་དེ་ད་ལྟ་ཚིག་གི་དབྱེ་སྟངས་ལ་འཇུག་བཞིན་པ་ལས་རྟོགས་ཐུབ་བོ། །