གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ལྷ་བྱམས་རྒྱལ་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་《རྨུ་ཐག》རྩོམ་སྒྲིག་ཁང་གིས་བཅར་འདྲི་བྱས་པའི་ཟིན་བྲིས།

  • ནག་བཟའ་སྐར་བརྒྱ།ip:36.100.58.*
    2017-12-18 15:13:25
    ནམ་ཡང་།  བོད་ཀྱི་སྒྲུང་གཏམ་པ།  སྐུ་ཞབས་སྟག་འབུམ་རྒྱལ་དང་ལྷ་བྱམས་རྒྱལ་སོགས་ལ་རྒྱབ་སྐྱོར་ཡོད།
  • མིང་མེད།ip:110.166.254.*
    2016-06-13 22:36:43
    གྲོགས་པོregouཞེས་པ་གན་ཚུལ་འཆོས་དང་གྲགས་སྐམ་གྱི་གདུང་བས་གཟིར་བའི་གླེན་པ་ཁ་ནག་ཅིག་དང་། ལྟག་སྒོ་དང་ནོར་སྲེད་ཀྱིས་བསླུས་པའི་དེང་གི་བོད་པའི་བླུན་ཕྲུག་ཁ་ཤས་ཀྱི་གྲས་ཤིག་མིན་པའི་ངེས་པ་མེད།  ད་ལྟ་བོད་ཀྱི་དུས་དེབ་ཆེ་གྲས་(སྦྲང་ཆར)དང(མི་རིགས་ཀྱི་རྩོམ་རིགས)ཀྱི་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཁང་ཁ་ཤས་ཀྱིས་རྩོམ་ཞིག་དུས་དེབ་ཏུ་དགོད་པར་ཡང་མཚན་དང་སྙན་པར་བལྟས་ནས་ལས་ཀ་སྒྲུབ་ཀྱིན་ཡོད་ཅིང་། རྩོམ་སྒྲིག་པས་མིང་གོ་མྱོང་བའི་རྩོམ་མཁན་ཞིག་ཡིན་ན་དོ་སྣང་སྤུ་ཙམ་ཡང་མི་བྱེད་པའི་ནད་ཡམས་དེ་ལྟ་བུ་བྱུང་ཡག་ཡིན་པའི་མི་ཞིག་ཡིན་ཁོ་ཐག་རེད་དེ།  སྒྲུང་བྲིས་ནས་སུ་ཞིག་རྩེ་གྲ་ཡིན་མིན་བརྩད་ནས་ཁྱོས་ཅི་ཞིག་བྱ་རྩིས་ཡིན། སྒྲུང་གཏམ་རང་རང་ལ་རང་གི་ཁྱད་ཆོས་ཤིག་ཡོད་པས། ཡིན་གཅིག་མིན་གཉིས་རྩེ་གྲ་ཞིག་ལོགས་སུ་བགར་དགོས་དོན་ག་རེ་འདུག  བོད་པ་ལ་ལས་གནའ་ནས་བཟུང་གྲུབ་མཐའི་རྩེ་གྲ་བརྩད་ནས་སེར་དམག་དང་སྐྱ་དམག་གིས་སྐྱུགས་རྫོབ་ག་འདྲ་ལས་ཡོད་པ་ལོ་རྒྱུས་ལས་ཤེས།  ཁྱོས་ལོ་རྒྱུས་བསླབས་པ་ལས་ཁྱོད་ལ་བློ་བསྐྱེད་དང་ཉམས་མྱོང་གི་བསླབ་བྱ་མ་ཐོབ་ན་ཁྱོད་ནི་འོད་ཟེར་མ་མཐོང་བའི་འུག་པ་དང་ཁྱད་ཅི།  སྐུ་ཞབས་སྟག་འབུམ་རྒྱལ་ཡིན་ན་འདྲ་ལ་ལྷ་བྱམས་རྒྱལ་ཡིན་ནའང་ཆོག  སོ་སོས་མི་རིགས་ཤིག་གི་མདུན་ལམ་གྱི་ཆེད་དུ་ཧུར་བརྩོན་བྱེད་ཀྱི་ཡོད་པ་ལས། ཁྱོད་དང་ཁྱོད་འདྲ་བ་ལྟར་ནང་འཁྲུག་སློང་བའི་སྟ་གོན་ཁྱོན་ནས་བགྱི་ས་མ་རེད།
                                                                                               ཟོར་བ་དབལ་རྒོད་ནས།
  • ཕོ་རོག་དཀར་པོ།ip:221.222.49.*
    2016-06-13 12:30:28
    ཚེ་དབང་རྣམ་རྒྱལ་ཞེས་པ་ཞིག་གི་མིང་ཡང་གོ་མ་མྱོང་། རྩོམ་གྱི་ལྗིད་ཚད་འཇལ་དཀའ་ཙམ་གདའ། འོན་ཏེ། གོང་གི་regouཞེས་པ་དེ་སྐྱག་པ་སྲང་ལམ་དུ་གཡུགས་མཁན་ཞིག་ཡིན་ཁོ་ཐག
  • reguoip:101.14.42.*
    2016-06-13 11:45:59
    ལོ་ན་ཉེར་བརྒྱད་ཡིན་པའི་གཞོན་ནུ་བརྩམས་སྒྲུང་བ་ཚེ་དབང་རྣམ་རྒྱལ་ཤ་འོད་བཞིན་བརྡོལ་འོངས་དུས་བོད་པའི་བརྩམས་སྒྲུང་གི་མི་རབས་གསུམ་པ་སྟེ། སྐྱབས་བདེ་དང་ཅོ་ཡུམ། རེ་རྐང་གླིང་། ཧུ་ར་སོགས་ཀྱི་རག་ཁ་ངང་གིས་ཤོར་བར་གྱུར་ཞིང་། ལྷ་བྱམས་རྒྱལ་གཅིག་པུར་འཐོག་སྟེ་ཡོད།འོན་ཏེ། དྲང་མོར་ཞུས་ན། ལྷ་བུའི་རག་ཁ་ཡང་མི་ཤོར་བའི་ངེས་པ་མི་འདུག རྒྱུ་མཚན་ཁོའི་ཉེ་ཆར་གྱི་ནུབ་ཀྱི་སྐར་མ་དང་ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན་ལྟ་བུར་སྔོན་གྱི་སྒྲུང་གཏམ་རླུང་ལ་བཅོལ་བ་སོགས་ལྟ་བུའི་ལྗིད་ཚད་ཀྱིས་སྟོངས་འདུག་སྙམ་བྱུ