གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ང་ལ་བཙན་གཡེམ་བྱས་པའི་དངོས་བྱུང་གཏམ་རྒྱུད།

  • ཀློའུ།ip:42.89.32.*
    2016-07-10 18:23:57
    བོད་ཀྱི་བརྩེ་བ་ནི་དཔེ་ཆ་དང་དྲ་བའི་སྟེང་ན་མ་གཏོགས་འཚོ་བའི་ཁྲོད་ན་མེད།
  • རྨ་གངས་ཆབ།ip:223.221.187.*
    2016-07-04 10:37:00
    གཏམ་རྒྱུད་འདིའི་བབས་ལ་གཞིགས་ན། དངོས་ཡོད་གནས་ཚུལ་ལས་རྫུན་ཤུགས་ཆེའོ།།
  • ཤར་མདའ།ip:45.113.64.*
    2016-07-01 21:59:07
    དངོས་ཡོད་གནས་ཚུལ་འདི་ལྟར་བརྗོད་སྐབས་བོད་མི་ཟེར་བ་ཡ་རབས་ཀུན་སྦྱོད་ལྡན་པ་ཞིག་ཡིན་ཟེར་བ་གང་ལ་བུད་ཐ་དྲ་གྲོགས་ཚོའི་འདི་ལྟས་ནས་མཐོང་སྣང་གང་འདྲ་བྱུང་དྲང་གཏམ་རེད་འབྲི་རྒྱུ་རེ་བ་ཆེན་པོ་ཡོད།
  • འབྲོང་བུ་གུ་དྲག་སྐྱབip:221.207.37.*
    2016-07-01 12:51:07
    གཏམ་རྒྱུད་ང་མའི་སྐྱི་ཡ་བ་ཅིག་རེད།   གནས་ཚུལ་འདི་ལྟ་བུར་འཕྲད་ན་ཐོག་མར་མི་རང་ཉིད་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱི་ཁྲིམས་ལ་སྤྱོར་དགོས།   སྤྱིན་པ་འཚར་མ་ལེན་ལེན་བྱིད་དགོས།   གཞན་ངོ་ཚ་དང་མི་ཁར་འཛེམ་པ་ནི་དཔའ་ཡོད་དགོས་ས་ནས་དཔའ་མེད་རེད།   གནད་དོན་ང་མ་ཐག་གཅོད་བྱས་མེད།   ད་ལྟ་འདི་ནས་བོད་ཀྱི་བུད་མེད་ལས་དབང་དང་སྦྱར་ནས་གླེང་ན་དོན་འདིའི་ཆེན་པོ་གསལ་བཤད་མི་ཐུབ་པ་འདྲ།
  • སྨོན་བློ་བཟང་ཚེ་བརྟནip:42.81.66.*
    2016-06-28 21:03:35
    འཛམ་གླིང་ཡོངས་ལ་དེ་འདྲ་བའི་གནས་འདུག།   རྒྱ་གར་རྒྱལ་ཁབ་བཙོས་ཀྲུང་གོའི་སྤྱི་ཚོགས་ཡོངས་ལ་གནས་ཚུལ་འདི་འདྲ་མང་པོ་འདུག།    དེ་ཚོ་ཕར་བཞག་བྱམས་སེམས་ལྡན་ལ་སྙིང་རྗེ་ཆེ་བ་ནང་ཆོས་སྟན་པ་དར་བའི་བོད་མི་རིགས་ཀྱི་ཁོར་ཡུག་དེར་སྐྱུག་བྲོ་བའི་གནས་ཚུལ་འདི་འདྲ་འབོར་ཆེ་འདུག།  དེ་ལ་ང་ཚོས་མཐུན་མོངས་ཀྱི་འགོག་སྒོལ་དང་མཐུན་མོངས་ཀྱི་འགན་ཁྲི་མི་འཁུར་བས་རེད།  དེ་ལྟར་མཐུན་མོངས་ལ་དེ་འདྲའི་འདུ་ཤེས་དང་འགན་ཁྲི་ཞིག་མེད་དུས་མ་རབས་ཐ་ཤལ་གྱི་མི་དེ་ཚོའི་ནག་ཉེས་ལ་བཀག་འགོག་དང་རྡུང་རྡེག་བྱེད་ཐུབ་ཀྱི་མེད།
              གོང་གི་རྩོམ་ཡིག་ལ་ནར་མ་སོན་པའི་བུ་མོ་ཞིག་ལ་དེ་ལྟ་བུའི་བྱ་ཉེས་སྤེལ་བའི་སྐོར་དེ་མཐོང་དུས་གློག་པ་པོར་མནར་གཅོད་ཀྱི་སྐྱི་གཡའ་བའི་ན་ཆུང་བྱིས་པ་ཞིག་མིག་འདུན་དུ་མཐོང་ཐུབ་ལ་གློག་པ་པོའི་སེམས་ནང་དུ་བཟོད་དཀའ་བའི་ན་ཟུགས་ཡང་གཏོག་གིས་  དེ་བཞིན་མི་རིགས་འདིར་རྣམ་སྤྱོད་བྲལ་བའི་བླུན་རྨོངས་རྩུབ་བཏུལ་གྱི་ཀླ་ཀློ་འགའ་ཞིག་ཡོད་པ་མིག་མདུན་དུ་ཚོར་དུས་ང་མི་རིགས་དེའི་རྣམ་དཀར་གྱི་མི་རྣམས་ལ་རྙིང་རྗེ་སྟིང་ནས་སྐྱེས་བྱུང།