གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གློག་བརྙན《ལག་དམར》དང་གླེང་སྟངས་ཤིག

  • བོད་ཀྱི་དེ་ཕོ།ip:183.222.39.*
    2020-05-30 18:35:07
    དྲ་ཐོག་ཏུ་རྒྱུགས་བཞིན་པའི་གློག་བརྙན་ལག་དམར་གྱི་བརྙན་དཔྱད་ཁ་ཤས་མཐོང་སོང་། རྩོམ་པ་པོ་ཐེའུ་རིང་ལགས་ཀྱི་བརྙན་དཔྱད་འདི་ནི་གློག་བརྙན་མི་ཤེས་ཤིང་ཤེས་ཟེར་མཁན་དང་རྩོམ་རིག་གི་རྨང་གཞིའི་ཤེས་བྱ་ཅུང་ཙམ་རེ་ཡོད་པ་དག་ལ་ཤིན་ཏུ་འཕྲོད་པོ་འདུག་འདྲ་ཞིག་སྙམ་བྱུང་། མི་ནི་ཧོལ་རྒྱུགས་ལ་མཁས་ཤིང་ལྷག་ཏུ་བོད་པ་དག་ནི་གྲབ་རྒྱགས་དང་རྩང་རྩིང་ལ་མཁས་པོ་ཡོད་པས་རྨང་གཞིའི་ཤེས་བྱ་ཙམ་ལྡན་པ་དེས་ཀྱང་ཡོད་ཚད་བཤད་ཀྱི་ཡིན་ཟེར་ཡོང་། དེ་ཙམ་གྱིས་སྐུ་ཞབས་པདྨ་ཚེ་བརྟན་ལྟ་བུའི་རྩོམ་རིག་གི་བློ་སྦྱོང་འཛོམས་པོ་ཡོད་པས་མི་ཚད། གློག་བརྙན་རང་སྟེང་གི་ཆུ་ཚད་ཀྱང་གཏིང་ཀྱང་ཤིན་ཏུ་ཟབ་མོ་ཡོད་པ་དག་གི་བརྩམས་ཆོས་ལ་རོལ་མྱོང་ཐུབ་གི་མ་རེད།
  • ལུང་རིགip:110.166.248.*
    2019-11-05 10:46:31
    པད་མ་ཚེ་བརྟན་གྱི་གློག་བརྙན་ལ་ཞིབ་ཏུ་དཔྱད་ཚེ། ང་ཚོའི་རིག་གནས་དང་འདུ་ཤེས་འཛིན་སྟངས་དེ་གཞན་བསྒྱུར་异化བྱེད་པའི་སྣང་ཚུལ་ཡ་མཚན་ཅན་ཞིག་འདུག་པར་མ་ཟད། ད་དུང་བོད་ཀྱི་མ་འོང་པའི་གློག་བརྙན་གྱི་ལམ་ཁ་དེ་ཀུ་ཇེ་དོག་ལ་གཏོང་བའི་ཚོར་འདུ་ཞིག་ཀྱང་སྐྱེས་ཡོང་། ང་ཚོའི་གློག་བརྙན་ལ་འཇུག་མཁན་གྱི་གསར་སློབ་པ་དག་གིས་བརྟག་དཔྱད་དང་ཞིབ་དཔྱད་གང་ཡང་མེད་པར། མཚན་སྙན་ཞིག་རེག་པའི་ཆེད་དུ་རྨོངས་འཐོམས་ངང་འདི་ལྟར་ལོང་རྒྱུགས་བྱས་ཚེ། ནམ་ཞིག་ང་ཚོར་ཅི་ཡང་མེད་ལ་ཅི་ཡང་མིན་པའི་རིག་གནས་ཀྱི་ཤུན་ལྐོག་སྟོང་བ་ཞིག་ལས་མེད་སྙམ། འདི་དག་ནི་ང་ཚོ་བོད་པའི་ཤེས་ཡོན་པའི་སྡེ་དང་གཞོན་སྐྱེས་དག་གིས་བསམ་བློ་གཏིང་རིང་གཏོང་དགོས་པའི་དོན་བྱ་ཞིག་ལོས་ཡིན་སྙམ།
  • ཆེ་གེ་མོ།ip:182.130.20.*
    2019-05-30 18:38:51
    གློག་བརྙན་ལག་དམར་གྱི་བརྙན་དཔྱད་འདི་ལས་འཇམ་དཔལ་རྡོ་རྗེའི་བརྙན་དཔྱད་དེའི་ཡག་སྣང་འདྲ་ཤར་སོང།
  • འབྲོག་པ།ip:110.167.30.*
    2019-05-21 16:44:51
    འཁྲབ་སྟོན་པའི་ཆུ་ཚད་ཉོག་རེད། ཤ་འཚོང་མཁན་གྱི་ཚོང་བ་དེ་མ་གཏོགས་བལྟས་ཀི་བལྟས་ཀི་ངོ་ཚ་ནི་གཟིག་རེད། འཁྲབ་སྟོན་པས་ཀྱང་བོད་ཡུལ་གྱི་ལྐོག་གྱུར་དང་ངོ་མཚར་དག་གི་བཙོང་ཚར་དུས་ད་གཞན་ཅང་མེད་ཀི་བསམ་སྤྱད་ཅིག་རེད། སྒེར་ངོས་ནས་འདི་ལས་ཐར་ལོ་ཡག་གི་སྙམ།
  • བསོད་ནམས་དབང་འགྲུབ།ip:110.167.30.*
    2019-05-13 14:52:53
    བྲིས་ནོ་མི་ཡག་གི  ཐད་ཀར་དུ་མྱོང་ཚོར་བཤད་ཐུབ་ན་བཟང་གི་མ་གཏོགས།  གདེངས་འཇོག་གམ་དཔྱད་འཇོག་གི་རང་བཞིན་འདི་ཅན་པོ་གློག་བརྙན་གྱི་བློ་སྦྱོང་མེད་ན་ཤོད་ནི་མ་རེད།
  • དངུལ།ip:222.197.74.*
    2019-05-11 11:38:32
    རང་གི་བསམ་པར་དཔྱད་བརྗོད་བྱས་པ་ཤིན་ཏུ་ལེགས་སྙམ། འོན་ཀྱང་ཆེས་མཇུག་གི་ཚན་པ་དེ་འབྲེལ་མེད་དོན་གཞན་ཞིག་ཏུ་གོའོ།།
  • རི་མྱི།ip:117.136.82.*
    2019-05-10 23:23:33
    ཡག་སོང་།
  • གངས་མུ་ཏིགip:42.93.173.*
    2019-05-08 22:06:58
    ཐེའུ་རང་གིས་བྲིས་པ་དེ་ཁ་ཁ་ཞིག་རེད། ཡི་རངས་ཡོད
  • དཔལ།ip:106.120.233.*
    2019-05-08 16:40:14
    འཁྲུལ་སྣང་གི་རི་མོ་ཞིག་ཡིན་པ་ཤེས་བཞིན་དུ་ཡང་།  ཡིན་ལུགས་མིན་ལུགས་ཀྱི་གཏམ་རིང་ལུང་པ་གང་འཐེན་དགོས་པ་འདི།  ཏན་ཏན་སྒྱུ་རྩལ་གྱི་བསླུ་བྲིད་མ་རེད་དམ།  ངས་བསམས་ན་གལ་ཆེ་ཤོས་ནི་བོད་ཅེས་པ་ནམ་ཡང་མཚན་མ་ཆིག་རྐྱང་ཞིག་གི་མཚོན་རྟགས་ཙམ་པོར་གྱུར་མི་རུང་བ་དེ་རེད།  བོད་ནི་རྨི་ལམ་དུ་ཡང་དགྲ་ཤ་བླངས་ནས་ཁྲག་དམར་གྱི་འཁོར་ལོ་སྐོར་བའི་སྦྱིན་པ་དེ་ཡིན་ལ།  ཕ་གསོད་ཀྱི་ལག་དམར་མཐོང་དུས་སྙིང་རྗེའི་མིག་ཆུ་འཐོར་བའི་སྦྱིན་པ་དེ་ཡང་ཡིན།  ང་ལ་མཚོན་ན་གློག་བརྙན་འདིའི་ལེགས་ཆ་ནི།  བོད་ཟེར་དུས་ཕྱག་འཚལ་ནས་ལྷ་སར་འགྲོ་མཁན་ཞིག་དང་།  འབུ་རིག་ན་ཚེ་ཐར་གཏོང་མཁན་ཞིག  དགྲ་བོ་མཐོང་དུས་རལ་གྲི་ཐང་ལ་གཡུག་འཇོག་མཁན་ཙམ་འབའ་ཞིག་དང་།  དེ་ལས་འདའ་མི་རུང་བའི་བཀའ་རྒྱ་བཙན་པོ་སྒྲོག་མཁན་དག་གི་མཐུན་ཐབས་ཀྱི་ཡོག་ལམ་དེ་བསྙེགས་པའི། གཞན་གྱི་མིག་ནང་གི་བོད་ཅེས་པའི་མཚན་མ་ཁ་རྐྱང་དེ་ལ་སྒྲུབ་བྱེད་ཀྱི་གཏམ་རྒྱུད་ཙམ་བསྒྲིགས་པའི་གཡོ་ཅན་དག་གི་རྗེས་སུ་མ་སོང་བ་དེ་ཡིན་ནོ།  །
  • ཚ་བོ།ip:183.220.26.*
    2019-05-07 21:43:55
    ཐེངས་གཉིས་ནས་གསུམ་ཙམ་ལ་མ་བལྟས་པར་དཔྱད་བརྗོད་འབྲི་བ་ནི་ལར་མཐོ་སྙེགས་སམ་མཁས་མདོག་ཡིན་ན་ཐང་མོད།  སྐུ་ཞབས་ཐེའུ་རང་ལགས་ཀྱི་དཔྱད་བརྗོད་འདིའི་ཚིག་གི་བརྗོད་པ་དངོས་ནས་གཞན་དང་མ་འདྲ་བ་ཞིག་འདུག   འོན་ཀྱང་གློག་བརྙན་ལ་གོ་བ་ལོན་མེད་ས་དང་འབྲེལ་མེད་ཀྱི་སྐད་ཆ་དག་གིས་ཀློག་མི་སྤྲོ་བ་ཞིག་ཏུ་བཏང་སོང་།  ད་དུང་ལུག་གཅིག་བསད་ནི་མིན་རྒྱུ་ན་ཅན་པོ་དེས་ནི་ང་བགད་ནས་སྒྱུ་མ་ལུག་ལ་ཁད་བྱས་བཏང་ད།  ཧཧཧཧ
  • མེ་དཔལ།ip:124.152.216.*
    2019-05-07 19:13:26
    ཡོངས་སུ་ཐེངས་ཅིག་བཀླགས་ཟིན།
    བྲིས་པ་ཡག་གི
    ཁྱེད་ཀྱིས་དཔྱད་པའི་མྱོང་ཚོར་དང་དཔྱད་འཇོག་ལ་བལྟས་ན།
    ཁྱད་ཆོས་ཤིག་འདུག
    ཚིག་གི་སྡེབ་ལུགས་དང་དེ་མ་ཡིན་པའི་ཟུར་གཞན་ཞིག་ནས་ཀྱང་།
    དཔྱད་བསྡུར་གྱི་དཔེ་མཚོན་བཀོད་ཕྱོགས་སོགས་ཧ་ལས་པ་ཡག་སོང་།
  • ཨ་ཚ།ip:221.207.37.*
    2019-05-07 19:11:01
    གློག་བརྙན་དང་འབྲེལ་མེད་ཀྱི་ཚིག་ལྷག་མང་དུ་ཐོན་པས་མུ་རུ་བལྟ་བའི་ཡི་ག་འགགས། དཔྱད་པ་འབྲི་མཁན་ཚོས་བརྩམས་ཆོས་གང་དེར་ཐེངས་གཉིས་ནས་གསུམ་ལ་བལྟས་རྗེས་ད་གཟོད་ཡི་གེའི་གཟུགས་ལ་དགོད་རྒྱུའི་རེ་བ་སྙིང་ནས་ཞུའོ།།