གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《མོག་བུ་ཡེ་ཤེས་སྐྱབས་ཀྱི་བྱིས་པའི་གླུ་ཚིག་གཅེས་བཏུས།

  • ལྗང་མྱུགip:118.213.149.*
    2016-03-28 21:16:26
    དངོས་ནས་ཡག་པོ་རེད།      
  • མིང་མེད།ip:110.167.110.*
    2016-03-03 13:21:47
    ཕེབས་པ་ཚང་མ་བསུ། སྒོས་སུ་མི་ལ་ཙི་ཙིའི་མན་ངག་དང་གཅན་གྱི་དྲང་གཏམ་ལ་བཀའ་དྲིན་ཞུ།
  • མི་ལ་ཙི་ཙི།ip:175.184.135.*
    2016-02-27 16:45:44
    ༼ནེའུ་སོ་ཨོང་རིལ༽ཡག   ༼བྱིས་པ་རྐང་རྗེན༽ཡང་ཡག   འདི་དག་ལ་གཞས་ཚིག་གི་ཉམས་ཐོན་གྱིན་འདུག་སྙམ།  འོན་ཀྱང་ད་དུང་ཞུན་ཐར་གཅོད་ས་ཡང་ཡོད་སྙམ། སྤྱིར་ན་གཞས་ཚིག་ཐམས་ཅད་པོ། ཡུན་རིང་མ་འཕྲད་པའི་བརྩེ་འདང་ཅན་གྱི་གཉེན་ཉེ་དག་གི་རུས་མིང་ནས་འབོད་པ་བཞིན། ཐོས་པ་ཙམ་གྱིས་སེམས་ངོར་ལྷུང་གིན་ཡོང་བ་ཞིག་ཡིན་དགོས་ལ། དེ་ནས་ཀྱང་དགའ་སྐྱོ་ཡི་སེམས་ཁམས་རབ་ཏུ་གཡོ་བར་བྱེད་པ་ཞིག་ཡིན་དགོས་རྒྱུ་རེད།  མདོར་ན་ཆེས་བབ་ཆགས་པའི་ཐ་སྙད་ལས་ཆེས་མཛེས་པའི་སྐྱོ་གར་རམ་སྤྲོ་གར་གྱི་དོན་དེ་མཚོན་དགོས། དེ་ལྟ་ན་གཞས་ཚིག་དེ་ནི་ཡི་གེ་མི་ཤེས་པ་ཞིག་གི་རྣ་ལམ་ནས་ལན་ཅིག་གྲག་པས་ཀྱང་དྲན་ཤིང་ཟབ་མོ་འཇོག་ཐུབ། དེ་ནི་སྒྱུ་རྩལ་གྱི་ནུས་མཐུ་རེད། ད་དུང་མིང་བརྡ་དག་ཁ་ཐོག་ལྕེ་ཐོག་ལ་ལེན་བདེ་བ། ཆེད་དུ་བློར་སྐྱོར་བ་མིན་རུང་དབྱངས་དང་ལྷན་དུ་རང་བཞིན་སྒོས་མགྲིན་པར་འཁོར་ཡོང་བ་ཞིག་ཡིན་དགོས་སྙམ། ཏག་ཏག་འདི་དག་ནི་སྙན་ངག་དང་མི་འདྲ་བར། གཞས་ཚིག་ལ་ཆེད་དུ་མངའ་བའི་དཀའ་གནད་དམ་མན་ངག་རེད་བསམ། དེ་རིང་གི་ཆར་གཞས་ཚིག་འབྲི་བར་ཚོད་བལྟ་བྱེད་མཁན་ནམ། ཡང་ན་གཞས་ཚིག་འབྲི་རྒྱུ་ལས་སླ་བོར་བསམ་མཁན་ས་ཁྱབ་རྡོ་ཁྱབ་ཡིན་རུང་། ཨ་ལ་ལ་ལ་འདི་ད་གཞས་ཚིག་ཟེར་བ་རེད་ཅེས་བསྟོད་དུ་རི་བ་ད་དུང་བོད་ལ་ཉིན་སྐར་ཙམ་ལས་མི་འདུག་སྙམ་མོ། །
  • བོང་སྟག་ལྷག་གip:111.12.251.*
    2016-01-26 22:01:06
    འབྲོག་ཐང་ནས་བྱིས་དུས་རྫོགས་པའི་འུ་ཅག་ལ་མཚོན་ན་གཞས་ཚིག་འདི་དག་ནི་ཇི་འདྲའི་སྙིང་ལ་རྗེ་ཨང་། ཡིད་དུ་སིམ་ཨང་། སེམས་པར་འཕྲོད་ཨང་། ལེགས།
  • གཅན།ip:223.220.37.*
    2016-01-07 19:29:07
    "ཁྱེད་སྟེར"དང"ང་བྱིན"གཉིས་ནི་ཁ་སྐད་ཀྱི་སྒྲ་ལས་དེ་འདྲ་ཞིག་ཡིན་པར་སྣང་ཡང་། དེའི་ཆོས་ཉིད་མ་ཤེས་པར་ཐད་ཀར་ཡི་གེར་ཕབ་ཚེ་བོད་ཡིག་གི་བརྡ་སྤྲོད་དང་མི་མཐུན་པ་ཞིག་ཏུ་གྱུར་ཡོད། དོན་ལ་བསམ་བློ་རགས་ཙམ་བཏང་ཚེ་གོང་གི་དེར"ལ་དོན"གྱི་གཏན་ཚིགས་ངེས་ཅན་ཞིག་ལྡན་ཞིང་། "ཁྱེད(ཁྱོད)ལ་སྟེར"ནི"ཁྱེར(ཁྱོར)སྟེར"དང"ང་ལ་བྱིན"ནི"ངར་བྱིན"ཞེས་བྲིས་ན་ཡང་དག་པར་སྙམ།
  • གུ་རུ་འོད་གསལ།ip:220.167.244.*
    2016-01-07 16:56:25
    ཁོའི་བྱིས་པའི་གླུ་ཚིག་དག་བཀླགས་པས་ང་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་བྱིན་སོང་།