གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《«གདུང་བའི་སྐྱ་རེངས»—སློབ་གྲྭའི་སློབ་གསོ་བ་ཨ་འབུམ་ལགས་ལ་སྐྱེལ་མ་ཞུས་པའི་་སྙན་ངག་ཕྱོགས་བསྒྲིགས།

  • ཟླ་ཚང་ཨོ་རྒྱན་ཚེ་རིངip:85.26.234.*
    2022-01-29 02:47:45
    དགེ་རྒན་ལགས། ངས་ཁྱེད་ཀྱི་བཀའ་དྲིན་ཚོར་བ་ནས་ངེད་གཉིས་སེམས་པ་ཤིན་ཏུ་འདྲེས་པོ་བྱུང་བའི་དགེ་རྒན་ལགས། སློབ་གྲྭའི་སློབ་མ་ཡོངས་ཀྱིས་ཁྱེད་ཀྱི་བཀའ་དྲིན་ཡང་ཡང་གླེང་བའི་དགེ་རྒན་ལགས། གཏམ་ངན་འདི་ཐོས་དུས་ང་སྡུག་བསྔལ་གྱིས་དྲག་ཏུ་མནར། ཁྱེད་ཀྱིས་ན་ཚ་ལ་སྣང་ཆུང་བྱས་ནས་དུས་ཡུན་རིང་པོ་འདས་ཀྱང་། སྔར་བཞིན་སློབ་ཁྲིད་ཀྱི་ལས་ཀར་འབད་རྒྱུ་ལས། སྨན་ཁང་ཆེ་ཞིག་ཏུ་མ་སོང་བ་དང་། ཉེ་ལམ་སློབ་སྐབས་མཇུག་སྒྲིལ་ལ་ཉེ་དུས། སློབ་མ་རེ་འགའ་ཁྱེད་ལ་ཐུག་ཏུ་སོང་དུས། སློབ་མ་རེར་ཐུག་རྗེས་ལམ་སང་མལ་ཁྲིའི་སྒང་དུ་ལོག་འགྲོ་ཟེར། ཅང་སུའུ་ནས་ཟི་ལིང་བར་དུ་མེ་འཁོར་ལ་བསྡད་ནས་ཡོང་དུས། ཟི་ལིང་གི་མེ་འཁོར་འབབ་ཚིགས་སུ་སླེབས་དུས། ཁྱེད་ཀྱི་ན་ཟུག་ཆེ་རུ་གྱུར་ནས་ཤིན་ཏུ་ཉམ་ང་བའི་རྣམ་པ་ཞིག་མངོན་སྐབས་ཡུལ་མིས་གཞི་ནས་ཤེས་འདུག་ཟེར། དགེ་རྒན་ལགས། ཁྱེད་ཀྱིས་ན་རག(བཟོད་བསྲན)བྱས་ནས་སུ་ལའང་མི་བཤད་དོན་ཅི། སློབ་བུ་ངས་སྙིང་ནས་བཀུར་བའི་དགེ་རྒན་ལགས། ད་ནི་ང་ལ་སྐྱོ་སྡུག་གི་མིག་ཆུའི་ཞོར་ནས་ཁོང་ཁྲོ་སྐྱེས་ཡོང་གིན་འདུག །ཁྱེད་ཀྱི་ཨུ་ཚུགས་དེས་ངེད་ཅག་སྡུག་ལ་སྦྱར་སོང་། ཁྱེད་འདི་ལྟར་གློ་བུའི་ངང་བཞུད་སོང་། ཁྱེད་དང་ཡུན་རིང་བོར་མ་མཇལ་བའི་ང་ལ་མཚོན་ན་ཧ་ཅང་གི་གློ་བུར་བ་ཞིག་རེད། ཟླ་གཉིས་སྔོན་ཁྱེད་ཀྱིས་ང་ལ་འབྲེལ་བ་བྱས་དུས། "ངས་ཁྱོད་ཀྱིས་བྲིས་པའི་ཟིན་ཐོ་དེ་དག་དཔར་ནས་ཀློག་གིན་ཡོད། རྗེས་མར་ཡང་ཟིན་ཐོ་དེ་འདྲ་སྐོར་ཞིག་འབྲི་རོགས།" ལབ་རྗེས། "ཁྱོད་ལ་ས་མཐའ་ནས་ཅིང་ན་མི་ཉན། ནད་དུག་ལ་གཟབ་གཟབ་བྱོས། ནག་པོ་དགུ་སྦྱོར་དང་དེའི་རྩུབ་ལ་ཅ་ལག་དགོས་ནི་འདྲ་ཡོད་ན་ཤོད་དང་། ངས་ཁྱོད་ལ་རོགས་དེ་འདྲ་ཞིག་བྱེད་ཀྱི་ཡིན"ཟེར་བ་ལ། ངས། "དགེ་རྒན། ཐུགས་རྗེ་ཆེ། ད་ལྟ་རོགས་རམ་གནང་མི་དགོས། རྗེས་མར་རོགས་པ་མཁོ་དུས་ངས་ཁྱེད་ལ་བཤད་ངེས་ཡིན།"ཞེས་ལབ་ཡོད། དགེ་རྒན་ལགས། ནང་སེམས་ཀྱི་ཟབ་ས་ན་འོད་དུ་འཚེར་བའི་དགེ་རྒན་ལགས། ངས་ནམ་ཡང་ཁྱེད་ཀྱི་བཟོ་ལྟ་དང་འགྲོ་འདུག་གླེང་ངེས། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།