གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། ཕྱིར་ལོག་མི་ཐུབ་པའི་མི།

  • རྒྱ་ཐུང་པ།ip:211.101.61.*
    2018-03-29 20:07:47
    ཕྱིར་ལོག་འདོད་ཀྱང་ཕྱིར་ལོག་མི་ཐུབ་པའི་འགལ་འདུ་འདི་ལ་དོན་དུ་ལྟ་གྲུབ་རིག་པ་དང་མཛེས་དཔྱོད་རིག་པའི་མཐོ་ཚད་ཅིག་འདུག རྩོམ་འདིས་རང་ཉིད་དམ་ཡུལ་གྱར་པའི་འགལ་འདུས་གྲུབ་པའི་གཤིས་ཀ་ལ་འགྲེལ་བ་བྱས་འདུག་ཅིང་། རྨི་ལན་ཁོན་དྷི་རའི་འགལ་འདུའི་ལྟ་གྲུབ་ཀྱང་ཞོར་དུ་འགྲེལ་འདུག ཡུལ་གྱར་པའི་འགལ་འདུའི་སྣང་ཚུལ་སྣ་ཚོགས་ཀྱི་སྲད་བུའི་སྟར་ཕྲེང་མང་པོའང་དོན་དུ་སྲད་བུའི་སྟར་ཀ་གཅིག་ཏུ་ངེས་ཏེ་དེ་ནི་མིའི་རིགས་ཀྱི་ཡུལ་གྱར་པའི་འགལ་འདུའི་སྲད་བུ་དེའོ།། འདིའང་འགལ་འདུའི་སྣང་ཚུལ་གཉིས་མཉམ་དུ་བསྡུར་བའི་དགོས་པར་འདོད།  རྩོམ་པ་པོས་དོན་དུ་འགལ་འདུ་བཤད་འདོད་པ་རེད་དམ། ཡུལ་གདུང་བཤད་འདོད་པ་རེད་ཅེས་དྲི་བ་ཞིག་འཕངས་ཚེ། ངའི་མཐོང་སྣང་དུ་མངོན་པ་ནི་ཡུལ་གྱར་པའི་འགལ་འདུ་རེད།  གལ་ཏེ་མི་བུ་ཡུལ་གདུང་ཆེ་བ་ཞིག་གིས་རྩོམ་འདིས་ཕ་ཡུལ་དྲན་པའི་གདུང་བ་བརྗོད་བཞིན་འདུག་ཅེས་བརྗོད་ཚེ་དེའང་འགྲིག་པ་ལྟ་བུར་མཐོང་ཡང་དོན་དུ་རྩོམ་འདིའི་བརྗོད་སྙིང་དང་རིང་དུ་གྱེས་ཏེ་འགལ་འདུའི་ངོས་གཅིག་ལས་ངོས་གཞན་དེ་མེད་པར་བྱས་པ་རེད། དེ་ལྟར་བྱས་ཚེ་དོན་དུ་ཕྱིར་ལོག་འདོད་པའི་འགལ་འདུའི་ངོས་དང་ཕྱིར་ལོག་མི་ཐུབ་པའི་ངོས་གཉིས་ལ་དོ་མཉམ་ཤོར་ཏེ་མཐར་འགལ་འདུའི་རྒྱ་མའི་སྣེ་མོ་ཕྱིར་ལོག་པའི་ངོས་སུ་གཟར་ངེས་ཏེ་མཐར་རྩོམ་པ་པོའང་ཕ་ཡུལ་དུ་ལོག་དགོས་པའི་མཇུག་འབྲས་འབྱུང་སྲིད་ཅིང་དེ་ལྟར་ཡིན་ཚེ་རྩོམ་གྱི་བབ་ལ་མཚོན་ན་གཏོར་བརླག་ཅིག་ཏུ་མཐོང་། ཡིནའང་རྩོམ་གྱི་མཇུག་ཏུ་“ངས་ཀྱང་རང་གི་མི་ཚེ་འདི་རྒྱང་དུ་གྱེས་མི་ཐུབ་པའི་མི་ཚེ་ཞིག་ཡིན་ལ། དེ་བས་ཀྱང་ཕྱིར་ལོག་མི་ཐུབ་པའི་མི་ཚེ་ཞིག་ཡིན་པར་ངོས་འཛིན་བྱས་ཆོག་པ་འདྲ།”ཞེས་བཀོད་པ་ལས་ཁ་གསལ་དུ་བཏང་འདུག་སྟེ། ཡུལ་གྱུར་པའི་འགལ་འདུ་ལ་འཐེན་བརྒྱངས(张力)ཀྱིས་ཕྱུག་པར་བྱས་འདུག འགལ་འདུའི་ཚོར་བ་ནི་མནར་གཅོད་ཅིག་ཡིན་ངེས་ཀྱང་དེ་ནི་གཞི་གྲུབ(存在)ཅིག་ཀྱང་ཡིན་པ་རེད། དེའི་རྣམ་པ་ནི་ང་ཚོར་ཆ་རྒྱུས་ཡོད་པའི་ནང་ཆོས་ཀྱི་ཚིག་ཅིག་དྲངས་ན་འཁོར་བ་ནི་སྡུག་བསྔལ་རེད་ཟེར་བ་དང་འདྲ་ཞིང་། ནང་ཆོས་ཀྱིས་འགལ་འདུ་གཏོར་ཏེ་འགྲོ་བ་རིགས་དྲུག་ལ་ཐར་ལམ་བསྟན་པ་དང་རྩོམ་འདིར་འགལ་འདུ་ནི་གཞི་གྲུབ་ཅིག་ཏུ་བཞག་ཅིང་དེ་ནི་མི་ཚེ་འདིར་སེལ་ཐབས་མེད་པའི་གནས་སྟངས་འུ་ཐུག་པོ་ཞིག་ཏུ་ངོས་འཛིན་བྱས་ཤིང་མཐར་སྐྱེ་བ་ཕྱི་མ་བརྗོད་པ་དེས་དེ་ལས་ཀྱང་ཤུགས་དྲག་པོ་དང་ཐག་ཆོད་པོས་མཚོན་ཡོད་པས། ཡུལ་གྱུར་པའི་འགལ་འདུ་བརྗོད་སྟངས་འདི་ནི་རྩོམ་འདིའི་བསམ་བློའི་ཡང་རྩེ་དང་མཛེས་པའི་མཐར་ཐུག་ཏུའང་གྱུར་འདུག་པར་སེམས་སོ།།
  • ཨ་ཉི་རྡོར་བྷ།ip:61.178.103.*
    2018-03-29 19:18:00
    ལྷུག་རྩོམ་འདི་བཀླགས་རྗེས་སྐུ་ཞབས་ལྷ་ལགས་ཀྱི་བརྩམས་སྒྲུང་གི་ལམ་གྱི་འགྱུར་བ་ལ་གོ་ལོན་ཐུབ་སོང་། མ་འོངས་པ་ན་ཁོང་གིས་མུ་ནས་བོད་ཀྱི་གཅེས་ཕྲུག་དང་དབུས་ལམ་རིང་མོ་ལྟ་བུའི་བརྩམས་སྒྲུང་བྲི་ངེས་སྲིད། སྒྱུ་རྩོམ་གྱི་ངོས་ནས་བསམ་ན་བློ་ཕམ་དཔེ་མེད་ཅིག་ཏུ་འདོད།
  • གངས་མུ་ཏིགip:42.90.98.*
    2018-03-29 19:12:38
    བོད་ཀྱི་གཅེས་ཕྲུག་ལྷ་བུ། ཉིད་ཀྱི་བརྩམས་སྒྲུང་རེ་རེ་ལས་ང་ཚོས་སྔོན་ཆད་བོར་སོང་བའི་རང་གི་རྒྱབ་གཟུགས་རྙེད་ལ།མ་འོངས་པའི་མདུན་ལྗོངས་ཀྱང་མཐོང་ཐུབ། ཁྱོད་ཀྱི་ལྷུག་རྩོམ་ལས་ང་ཚོས་མི་རབས་ཤིག་གི་འཚོ་གནས་ཀྱི་བརྡབ་གསིག་དང་གཉུག་གཤིས་ཀྱི་དགའ་སྐྱོ་མྱོང་ཐུབ།
  • གོ་བོ།ip:14.139.236.*
    2018-03-29 18:28:35
    ཅེ་ཁེ་སུའུ་ལེན་གྱི་ཁོངས་ནས་སྒེར་ཚུགས་བྱས་ཟེར་བ་དེ།  
    ཅེ་ཁེ་རང་བཙན་བྱས་ཟེར་མ་རེ་དམ།
  • རྫི་བོ།ip:117.136.62.*
    2018-03-29 17:59:49
    སོས་དལ་ངང་ཀློག་ཡོད། སེམས་ཚོར་སྐྱེད་པོ་ཞིག་བྱུང་སོང་།  ཤིན་ཏུ་མད་དོ།
  • གཡུ་དགའ།ip:211.101.60.*
    2018-03-29 17:39:31
    འོད་ཀྱི་གཙང་བོ་ཁྲ་ཆིལ་དགུ་ཆིལ།།
    བྱེས་ཀྱི་འཚོ་བ་མདོག་ལ་འཐིམ་པ།།
    ཡར་འབྲོག་གཡུ་མཚོ་མཐིངས་སྔོན་འདྲ་ལེ།།
    གཡུ་མཚོའི་ཉ་མོ་གཞིས་ལ་ཆགས་པ།།
  • འོད་སྲུང་།ip:221.207.37.*
    2018-03-29 17:34:16
    ཟང་ཟིང་ལ་བྲེལ་བའི་སེམས་པ་འདི་སྦད་དེ་བསམ་གཞིག་གི་དྲ་བར་བཅུག
  • གཡུ་རྡོ་རྗེ།ip:61.178.103.*
    2018-03-29 17:23:39
    འཚོ་གནས་ཀྱི་ཤུགས་ཀྱིས་དྲུད་དེ་མདུན་དུ་བསྐྱོན་ནའང་། དྲན་གདུང་ལྕི་མོ་ཞིག་གིས་ནམ་ཡང་གཏོང་དུ་མེད་པ་ནི་བྱེས་སྡོད་པའི་སེམས་ངལ་ཡིན་ལ། ནམ་ཞིག་ཚེ་སྲོག་གི་བགྱི་བར་བཞི་ཤད་མ་བཀོད་ཚེ་སེམས་ངལ་འདི་ཡང་གཏན་ནས་སངས་ཐབས་བྲལ། སེམས་ཁམས་ཀྱི་འགྱུ་བག་དང་བསྟུན་པའི་རྩོམ་ཡིག་འདི་ལྟ་བུས་ནམ་ཡང་བསམ་གཞིག་གི་ཀློང་ལ་ཁྲིད་འགྲོ  རྩོམ་པ་པོར་བཀའ་དྲིན་ཞུ།
  • གཟི་ནགip:222.36.47.*
    2018-03-29 17:02:03
              ཡུར་གྱར་བ་ཡིན་མིན་གང་ལྟར་ཡང་།  དུས་ཀྱི་ཆུ་ཀློང་གིས་དབང་མེད་དུ་གང་ཞིག་ལ་འཁུར་གྱིན་པའི་ཚེ་སྲོག་གི་འགྲུལ་པ་དག་ནམ་ཡང་ཕྱིར་ལོག་མི་ཐུབ་སྟེ། ཟོ་ཆུན་ཁྱུད་མོ་ལྟར་འཁོར་ཞིང་འཁོར་བ་ནི་ལྗོངས་ནས་ལྗོངས་སུ་རྒྱུ་བའི་རྡོག་པའི་སྐོར་བ་རྒྱག་མཁན་དག་ཡིན་ཟེར་ན།  ག་ཤེད་དུ་ལམ་ལ་ཆས་པའི་ས་ཚིགས་དེར་སླར་འབྱོར་དུས།  དེར་ཡང་ཆོས་ཉིད་ཀྱིས་རང་ཉིད་དེ་བས་ཀྱང་ཐག་རིང་ཞིག་ཏུ་བསྐྲད་ཟིན་པའི་སྐྱོ་ཤས་ཤིག་མ་གཏོགས་གང་ཡང་མེད། དེ་བས་ཡུལ་གདུང་བྱ་བ་ནི་དྲན་ཤེས་ཁོ་ནས་བསྐྱེད་པའི་འཁྲུལ་སྣང་གི་རྩེད་མོ་ཙམ་ཡིན་དུ་སྲིད་པ་དང་། ཡིན་པ་ཡིན་པར་ཤེས་སུ་ཆུགས་ཀྱང་སྐྱིད་སྡུག་གི་སྣང་བ་དག་ཐོལ་ཐོལ་གྱིས་ཡ་ཁོག་ནས་འཕྱུར་དུས་རང་ཉིད་ཀྱང་ཅི་བྱ་གཏོལ་མེད་དུ་གྱུར་པ་ནི་འགྲོ་བ་མི་སྟེ།  དགའ་སྐྱོ་ཆགས་སྡང་གི་དོལ་དུ་ཚུད་པའི་ཐབས་ཟད་ཀྱི་གླང་བོ་སྨྱོན་པ་ཞིག་དང་འདྲ་བྱུང་།   དེ་བས་ངེད་ཅག་གིས་སྨོན་པ་ཙམ་རྒྱག་རྒྱུ་ལས་ཅི་བྱ་ཟེར་བ་རྩོམ་པ་པོའི་བསམ་བློའི་ཆ་ཞིག་ཡིན་སྲིད།  
               ཡང་གཅིག་བཤད་ན།  གོང་གི་རིགས་པའི་གཟེབ་དེ་དང་ཅུང་བཀྱེད་དེ་བལྟས་ན།  ཅིས་ཀྱང་ཕྱིར་ལོག་འདོད་པའི་བདག་དེའི་མདུན་དུ་ལྷགས་པའི་བསླུ་བྲིད་དག་སོར་མོས་རེ་རེ་ནས་བགྲང་པས། ཅིས་ཀྱང་ལོག་མི་འདོད་པའི་བདག་ཅིག་བྱུང་བ་ཡིན་པས།  ཕྱིར་ལོག་མི་ཐུབ་པའི་མི་དེ་ནི་རྒྱུ་ཤེད་ཀྱི་བསླུ་བྲིད་མ་ཟློག་པའི་རང་ཉིད་དེའི་དབང་གིས་བྱུང་བ་ལས། ནམ་ཡང་ལོག་ཐབས་མེད་པའི་མཐར་ཐུག་གི་ཕ་ཡུལ་དེས་རྐྱེན་གྱིས་མ་ལོག་པ་མིན་ཡང་སྲིད་མོད། གང་ལྟར་རྩོམ་འདི་འདྲ་བྲིས་པ་ལེགས་བྱུང་།  རྩོམ་པ་པོ་བཀའ་དྲིན་ཆེ།
  • ཕུར་བུ་རྣམ་རྒྱལ།ip:101.206.171.*
    2018-03-29 16:31:13
    ཕ་ཡུལ་དང་རྩོམ་རིག་ལ་བཅངས་པའི་བརྩེ་གདུང་གིས་ང་རང་དུས་རབས་འདིའི་ཟང་ཟིང་ཁྲོད་རྦད་དེ་མི་མཛའ་བའི་མི་ཞིག་ཏུ་འགྱུར་འགྲོ་ནའང་། སེམས་པ་རྣལ་དུ་ཕབ་ཅིང་མིག་རྒྱང་རིང་དུ་བསྐྱེད་དེ་བསམ་བློ་རེ་བཏང་ན་དེའང་སྐྱོ་ཤས་ཆེན་པོ་སྐྱེ་དོན་མ་ཡོད་དེ།མི་ཚེ་ཐུང་ཐུང་འདིར་དྲན་པ་གཅེས་སུ་ཉར་བའི་རྙིང་ཞེན་གྱི་མི་ཞིག་བཅས་ནས།དགྱ་ནག་གི་རྩོམ་པ་པོ刘亮程ལྟར་ཕ་ཡུལ་གྱི་རི་ར་བ་ཁང་ཁྱིམ་དང་བྱ་ཁྱི་ཕག་ཟོག་སོགས་ཆེས་སྤྱིར་བཏང་གི་བརྗོད་བྱ་དག་དྲངས་ནས།ཆེས་སྤྱིར་བཏང་གི་རྩོམ་ཡིག་རེ་བྲིས།ཆེས་སྤྱིར་བཏང་གི་མི་ཚེ་ཞིག་རོལ་རྒྱུ་བྱུང་ནའང་མི་ཆོག་རྒྱུ་མེད་དོ།།
  • ཚྭ་རྡེའུ།ip:43.242.180.*
    2018-03-29 15:52:39
    རྒན་ལྷ་བྱམས་རྒྱལ་གྱི་ལྷུག་མ་མང་པོར་བལྟས་མྱོང་།  བརྩམས་ཆོས་མང་པོས་བྱེས་མི་དག་གི་དྲན་པའི་རྨ་ཁར་གཟས་ཏེ་ཚྭ་ཆུ་ཕོར་བ་གང་རེ་རྙོག་དིར་རེར་བྱོ་འཇོག