གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་གསར་པ། 《འཆལ་མོ་དབང་མཚོ》

  • ཨ་ཚ།ip:117.136.29.*
    2018-11-24 20:09:56
    སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་ཁ་ཤས་ལ་བག་ཆགས་ཙམ་བཞག་མྱོང་། ཅི་ཡིན་ཧ་མ་གོ་བའི་ཚུལ་དུ་བསྐྱུར་བ་ལས་ཡག་མི་ཡག་གི་ཁ་ཕོ་བསྒྲགས་པ་དྲན་རྒྱུ་མི་འདུག   རྩོམ་པའི་རྣམ་བཞག་ལ་ངེས་ཤེས་རོབ་ཙམ་རྙེད་པ་ནས། དུས་ཆད་དང་གངས་སྐོར་དང་རྡུང་ལེན་པ་དོན་གྲུབ་ལྟ་བུ་དག་བཀླགས་རྒྱུ་བྱུང་བ་དང་། མྱོང་ཀློག་གི་གོ་རིམ་དུ་ཧོའོ་ལེ་བོའི་གློག་བརྙན་ཞིག་ལ་ལྟ་བ་དང་མཚུངས་པར་དགའ་བདེའི་ཚོར་བ་དཔག་མེད་ཅིག་སྦྱིན་ཞིང་། བསམ་བློ་རིགས་ཤིག་མུན་ནག་ནང་གི་སྒྲོན་མེ་ཞིག་ལྟར་ཇེ་གསལ་ཇེ་གསལ་དུ་སོང་ནས་མཐར་ཉམ་ཆུང་བའི་ཚེ་སྲོག་དག་གི་དཔུང་རོགས་སུ་ལངས་ཀྱིན་པ་མཐོང་བས། ལྷག་པར་དགའ་བ་འཕེལ། རྩོམ་པ་པོ་འདི་དག་གི་སྐུ་ཚེ་རིང་། བཀྲ་ཤིས། ཞལ་བྲོ།