《མི་རིགས་ཀྱི་རྩོམ་རིག》ངོ་སྤྲོད་པ།
༄༅། །སྒྲུབ་པ་པོ་དང་བསྒྲུབས་ཡུན།
◇ གཙོ་གཉེར་མཁན་ཀྲུང་གོའི་རྩོམ་པ་པོའི་དཔེ་སྐྲུན་ཚོགས་པ།
◇ གཙོ་སྐྱོང་མཁན་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས།
◇ རྩོམ་སྒྲིག་ཁང་ནི་མི་རིགས་ཀྱི་རྩོམ་རིག་རྩོམ་སྒྲིག་ཁང་།
◇ 2009ལོ་ནས་གཉེར་མགོ་བརྩམས་པ་ནས་ཟླ་གཉིས་ལ་དེབ་རེ་འདོན་གྱི་ཡོད།
◇ 2015ལོའི་དེབ་དང་པོའི་བར་སྤྱིའི་དེབ་གྲངས34སྤེལ་བ།
༄༅། །མིག་སྔའི་དེབ་སྤྱིའི་བཀོད་པ།
◇ དེབ་མིང་དང་སྤེལ་གྲངས་ལ་སོགས་པས་གྲུབ་པའི་མདུན་ཤོག
◇ ཧ་ལམ་རི་མོ་འགོད་སའི་མདུན་ཤོག་ནང་མ།
◇ བོད་ཡིག་གི་སྔོན་འགྲོའི་གཏམ།
◇ བོད་ཡིག་གི་དཀར་ཆག
◇ དེབ་དངོས་ཀྱི་ནང་དོན།
◇ དེབ་རེ་ལ་ཤོག་གྲངས128ཀྱིས་གྲུབ།
◇ བར་བཅུག་འདྲ་པར་དང་ཡི་གེ
◇ རྒྱ་ཡིག་གི་དཀར་ཆག
◇ རྒྱ་ཡིག་གི་སྔོན་འགྲོའི་གཏམ།
◇ ཚོགས་འདུ་དང་གནས་ཚུལ་སྤེལ་སའི་རྒྱབ་ཤོག་ནང་མ།
◇ རྩོམ་པ་པོ་དམིགས་བཀར་འོས་སྦྱོར་གནང་སའི་རྒྱབ་ཤོག
༄༅། །ལེ་ཚན་བསྒྲིགས་ཚུལ།
◇ སྔོན་འགྲོའི་གཏམ། བོད་རྩོམ། བརྩམས་སྒྲུང་། ལྷུག་རྩོམ། སྙན་ངག དཔྱད་པ། བརྙན་རིས་ཞེས་བདུན་དུ་ཕྱེ་ཡོད།
◇ བོད་རྩོམ་དུ་བོད་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་དག་གི་བོད་ཡིག་གི་བརྩམས་ཆོས་དུས་དེབ་གཞན་དུ་བཀོད་པའམ་མ་བཀོད་པ་དག་དགོད་བཞིན་ཡོད།
◇ བརྩམས་སྒྲུང་དུ་ཕྱི་རྒྱལ་དང་རྒྱའི་བརྩམས་སྒྲུང་ལས་གཞན་བྱིས་སྒྲུང་སོགས་ཀྱང་དགོད་བཞིན་ཡོད།
◇ དཔྱད་པ་ནི་ཕལ་ཆེར་སྐད་རིགས་གཞན་ལས་ཚུར་བསྒྱུར་བ་ཡིན་མོད་བོད་ཡིག་གི་ལམ་ནས་དཔྱད་པ་ཡག་པོ་འབྲི་མཁན་ཡོད་ཚེ་ལྟོས་བཅས་ཀྱིས་དགོད་རྒྱུ་ཡིན།
༄༅། །རྩོམ་དགོད་སྟངས་དང་ཇུས་འགོད།
◇ བོད་ཡིག་གི་ལམ་ནས་བརྩམས་པ་ལ་ཐད་ཀར་ངེད་རྩོམ་སྒྲིག་ཁང་ལ་བསྐུར་བ་དང་དུས་དེབ་གཞན་གྱི་རྩོམ་སྒྲིག་པས་ང་ཚོར་འོས་སྦྱོར་གནང་བ་གཉིས།
◇ ཡིག་རིགས་གཞན་ལས་བསྒྱུར་བ་ལ་ངེད་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ནས་བསྒྱུར་བ་དང་ལོ་ཙཱ་བ་རང་སོ་སོ་ནས་བསྒྱུར་བ་རིགས་གཉིས།
◇ ཇུས་འགོད་ཀྱི་ཆ་རུ། 2013ལོ་ནས་བཟུང་བོད་ཀྱི་རི་མོ་པ་གྲགས་ཅན་བདེ་སྒྲོན་ལགས་ཀྱི་མུ་འབྲེལ་རི་མོ་དག་སྤྱད་ནས་ལོ་གཉིས་ཀྱི་རིང་ལ་དེབ་ཀྱི་མདུན་ཤོག་ངོས་གཙང་ལ་མིག་ལ་མཛེས་པ་ཞིག་ཏུ་བཟོས་པ་དང་། དེབ་ཀྱི་ནང་དུའང་ཤོག་མགོ་དང་ཤོག་རྔ་སོགས་འདུས་པའི་ནང་དོན་ཆ་ཚང་ལ་ཇོ་མོ་གླང་མའི་གཟབ་ཆེན་དང་གཟབ་ཆུང་སྤྱད་ནས་གྲལ་དག་ལ་ཀློག་བདེ་བ་ཞིག་ཏུ། དེང་རབས་རྒྱལ་སྤྱིའི་དག་སྤྱི་ཁྱབ་ཏུ་སྤྱོད་པའི་དཔེ་ཆ་ཇུས་འགོད་ཀྱི་མཉེན་ཆསAdobe Indesignཞེས་པ་སྤྱད་ཡོད།
༄༅། །ད་ལྟའི་བར་རྩོམ་བཀོད་ཚུལ།
◇ བོད་ཀྱི་རྩོམ་པ་པོ། ཚེ་རིང་དོན་གྲུབ། བཀྲ་བྷ། སྟག་འབུམ་རྒྱལ། ཕུན་ཚོགས་བཀྲ་ཤིས། གཅན་མེ་སྟག པད་མ་ཚེ་བརྟན། བསྟན་པ་ཡར་རྒྱས། སྐྱབས་ཆེན་བདེ་གྲོལ། ན་རོ། ལྷ་བྱམས་རྒྱལ། མདའ་བཙན་པོ། རེ་རྐང་གླིང་། སེང་རྡོར། བདེ་སྐྱིད་སྒྲོལ་མ། དཔལ་མོ། དཔལ་ལྷ། མཁའ་མོ་རྒྱལ། དགེ་འདུན་ལྷུན་གྲུབ། ཁྲི་སེམས་དཔའ། ངལ་རྫི། ཅོ་ནེ་ཡུམ་ཚེ་རིང་། རོང་བོ་གངས་དཀར། འབྲོག་བུ་དཀོམ་བཀྲ། རྨོག་རུ་ཤེས་རབ་རྡོ་རྗེ། དཔལ་རྩལ། ཨ་སྐྱབས་དར་རྒྱས་ལ་སོགས་རྩོམ་པ་པོ་བཅུ་ཕྲག་ཁ་ཤས་ཀྱི་བརྩམས་ཆོས་བཀོད།
◇ ཕྱི་རྒྱལ་གྱི་རྩོམ་པ་པོ། པོར་ཧེ་ཟི། མེ་འོ་ཟི། ཤེམ་པོར་སི་ཁ། ཕ་བི་ཆི། མུན་རོ། མར་ཁེ་ཟི། ཧི་ཐ་མུ་ལེར། ཨོར་ཧན་ཕ་མུ་ཁི། ནེ་རུ་ད། ཧེ་མིང་ཝེ། པུ་རོན་སི་ཀེ། རུ་ཧྥེན། ཧྥོལ་ཁི་ནེར་ལ་སོགས་པ་མཚམས་སྦྱར་ཞིང་བརྩམས་ཆོས་ཁ་ཤས་མ་ཡིག་ལས་ཐད་ཀར་བསྒྱུར་ནས་སྤེལ་ཏེ་བོད་འགྱུར་དག་རྒྱ་ཡིག་ལ་མ་བརྟེན་པར་མ་ཡིག་ལས་ཐད་ཀར་བསྒྱུར་བའི་ལམ་བུ་སྙེག་མགོ་བརྩམས་པ།
◇ རྒྱའི་རྩོམ་པ་པོ། མོ་ཡན། པེ་ཧྥེ་ཡེ། སུའུ་ཐུང་། ཝང་མིང་ལ་སོགས་པ་དང་། རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་མཁན་ཅི་ཏེ་མ་ཅ། བསྟན་འཛིན། ཉི་མ་ཕན་ཐོགས། དགའ་བདེ་ཚེ་རིང་ལ་སོགས་པ་གྲངས་ཉུང་མི་རིགས་གཞན་གྱི་རྩོམ་པ་པོ་མང་པོའི་བརྩམས་ཆོས་རྒྱ་ཡིག་ལས་བསྒྱུར་ནས་སྤེལ་བ།
◇ ལོ་ཙཱ་བ། རྣམ་སྲས། བྱམས་ཕྲུག མོག་ཆུང་ཕུར་ཁོ། སྤེན་པ་དོན་གྲུབ། འཆིང་གྲོལ། དཔལ་ལྡན། ན་རོ། སྐྱབས་ཆེན་བདེ་གྲོལ། ཆོས་སྐྱོང་། རྡོ་རྗེ་མཁར། འཇམ་དབྱངས་དར་རྒྱས། ཧུ་ར་འཇའ་པེ། སྤེན་ནོར། དོན་འགྲུབ། ཆུང་བདག ཚེ་རིང་འབུམ། བྱ་གཞུང་དབྱངས་བྷ། ནོར་དཀྱིལ་བུ་ཆུང་རྒྱལ་ལ་སོགས་པ་བསྒྱུར་བའི་ལས་ཀར་ཞུགས་པ།
◇ རྩོམ་པ་པོའི་དཔུང་ཁག་ཡན་གར་བ་ཞིག་དམིགས་སུ་བཟུང་ནས་ན་གཞོན་རྩོམ་པ་པོ་དང་། སྐྱེས་མའི་རྩོམ་པ་པོ། བཅད་མ། བོད་ལྗོངས་ཀྱི་རྩོམ་པ་པོའི་ཆེད་བསྒྲིགས་བཅས་བསྒྲིགས།
༄༅། །ལོ་རེའི་བྱ་དགའ།
◇ 2012ལོ་ནས་བཟུང་ལོ་རེ་རེར་རྩོམ་པ་པོ་དང་ལོ་ཙཱ་འགའ་ལ་ལོ་རེའི་བྱ་དགའ་སྤྲོད་མགོ་བརྩམས།
◇ 2012ལོར་རྩོམ་པ་པོ་ལྷ་བྱམས་རྒྱལ་དང་། ལོ་ཙཱ་བ་སྐྱབས་ཆེན་བདེ་གྲོལ། རེ་རྐང་གླིང་བཅས་ལ་ཐོབ། 2013ལོར་སྙན་ངག་པ་ན་རོ་སྟེ་ཤ་བོ་ཚེ་བརྟན་དང་། ལོ་ཙཱ་བ་རྣམ་སྲས། བྱམས་ཕྲུག་བཅས་ལ་བྱ་དགའ་ཐོབ། 2014ལོར་སྙན་ངག་པ་སེང་རྡོར་དང་། དཔལ་རྩལ། ཕ་བོང་སྟེ་པད་མ་རིག་འཛིན། ལོ་ཙཱ་བ་མོག་ཆུང་ཕུར་ཁོ་དང་། སྤེན་པ་དོན་གྲུབ་བཅས་ལ་བྱ་དགའ་ཐོབ།
༄༅། །རྩོམ་སྐུར་སྟངས།
◇ ཨི་མེལ་ཏེ་ཡིག་ཟམ་ལས་སྐུར་ཚེ། ཨི་མེལ་གྱི་ཁ་བྱང tbmzwx@163.com འདི་ལ་སྐུར་དགོས། ཨི་མེལ་ལས་རྩོམ་སྐུར་ཚེ། རབ་ཡིན་ན་ཕྲ་མཉེན་གྱིWordནང་ལ་བཅུག་པའི་རྩོམ་ཡིག་གང་དེ附件གྱི་རྣམ་པ་ལས་བསྐུར་རྒྱུ་དང་། ཡིག་ཆའི་ཁ་བྱང་ལ“རྩོམ་པ་པོ་དང་བརྩམས་ཆོས་དང་རྩོམ་ལུས”བཅས་གསུམ་ག་འབྲི་རྒྱུ་མཁྱེན།
◇ སྦྲག་ཁང་ནས་སྐུར་ཚེ། 100125 北京市朝阳区农展馆南里10号楼811室《民族文学》杂志社 吉多加 ཞེས་པའི་ས་གནས་འདི་ལ་བསྐུར་ཡོང་དགོས།
◇ ཡིག་གཟུགས་ཀྱི་ཆ་ནས། ཕྲ་མཉེན་གྱིWordཞེས་པའི་མཉེན་ཆས་ནང་ལ་ཧི་མ་ལ་ཡའི་ཡིག་གཟུགས་སྤྱོད་ཐུབ་ཚེ་རབ་དང་། མིན་ན་ཡིག་གཟུགས་གཞན་པའི་ལམ་ནས་བསྐུར་ཡང་རུང་།
◇ རྩོམ་སྐུར་དུས་གཟབ་དགོས་པ་ཞིག་ལ། བརྩམས་པའམ་བསྒྱུར་བའམ་གང་ཡིན་ཡང་རྩོམ་གྱི་མཇུག་ཏུ་རྩོམ་པ་པོའི་རུས་མིང(སྡོད་དམངས་ལག་འཁྱེར་སྟེང་གི)དང་ས་གནས་རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་དང་། ཁ་པར་ཨང་གྲངས། སྦྲག་ཨང་བཅས་ཞིབ་པར་བསྐུར་ཡོང་དགོས།
◇ བསྒྱུར་རྩོམ་བསྐུར་ཡོང་ཚེ་མ་ཡིག་ཀྱང་ལྷན་དུ་སྐུར་དགོས།
◇ འཛམ་གླིང་རྒྱལ་ཁབ་མང་པོའི་སྤྱི་ཆིངས་དང་རྩོམ་དབང་སོགས་ཀྱི་དབང་གིས། ཕྱི་རྒྱལ་གྱི་ཡིག་རིགས་དག་གི་ལམ་ནས་བརྩམས་པའི་རྩོམ་བོད་ཡིག་ཏུ་བསྒྱུར་བ་ལ་རྩོམ་པ་པོ་གང་དེ་སྐུ་གཤེགས་ནས་ལོ་བདུན་ཅུའམ་ཡང་ན་ལྔ་བཅུ་འདས་པའི་རྗེས་སུ་རྩོམ་གྱི་པར་དབང་སྤྱི་ལ་དབང་བས་ད་གཟོད་ཆོག་མཆན་མེད་པར་བོད་ཡིག་ལ་བསྒྱུར་ཆོག
◇ ད་ལྟར་སྐུ་བཞུགས་པའམ་ཚེ་ལས་འདས་ནས་ལོ་ལྔ་བཅུའམ་ཡང་ན་བདུན་ཅུ་མ་ཕྱིན་པའི་ཕྱི་རྒྱལ་གྱི་རྩོམ་པ་པོའི་རྩོམ་གྱི་འགྱུར་བསྐུར་ཡོང་ཚེ། ངེས་པར་དུ་མ་རྩོམ་བོད་ཡིག་ཏུ་བསྒྱུར་ཆོག་པ་དང་ང་ཚོའི་དུས་དེབ་ལ་དགོད་ཆོག་པའི་ཆོག་མཆན་ཐོབ་དགོས། ཆོག་མཆན་མ་ཐོབ་པ་དག་འདི་གར་དགོད་རྒྱུ་མིན།
◇ རྒྱལ་ཁོངས་ཀྲུང་གོ་ཡིན་པའི་རྒྱའི་རྩོམ་པ་པོ་དག་གི་རྩོམ་བསྒྱུར་བ་ལ་གྲངས་ཉུང་མི་རིགས་ལ་དམིགས་བསལ་ཡོད་པས་ཅི་དགར་བསྒྱུར་ནས་བསྐུར་ཆོག
◇ རྩོམ་ཡིག་འབྱོར་ན་ཨི་མེལ་གྱིས་རང་ལན་བསློག་ངེས་པ་དང་། ཉིན་དེ་ནས་ཟླ་བ་གཅིག་གི་ནང་ལ་བརྩམས་ཆོས་དགོད་ཐུབ་མིན་གྱི་ལན་ཞུས་ཡོང་ངེས་པ་མཁྱེན།
༄༅། །བརྩམས་ཡོན་དང་བསྒྱུར་ཡོན།
◇ བརྩམས་ཡོན་ལ་རྩོམ་རབ་འབྲིང་གི་ཚད་དང་དུས་དེབ་གཞན་ལས་བཤུས་ཡོང་མིན་གྱི་ཆ་ནས། རབ་ཡིན་པ་དུས་དེབ་གཞན་ལ་མ་བཀོད་པར་ཡིག་འབྲུ་སྟོང་ལ་སྒོར180དང་། དུས་དེབ་གཞན་དུ་བཀོད་པ་ལ་ཡིག་འབྲུ་སྟོང་རེར་སྒོར130། རབ་མ་ཡིན་པ་དུས་དེབ་གཞན་ལ་མ་བཀོད་པར་ཡིག་འབྲུ་སྟོང་རེར་སྒོར130དང་། དུས་དེབ་གཞན་དུ་བཀོད་པ་ལ་ཡིག་འབྲུ་སྟོང་རེར་སྒོར80ཡིན།
◇ བསྒྱུར་ཡོན་ལ་འགྱུར་རབ་འབྲིང་གི་ཚད་ནས་རབ་ལ་ཡིག་འབྲུ་སྟོང་ལ་སྒོར180དང་། དེ་ལས་དམན་པ་ལ་ཡིག་འབྲུ་སྟོང་རེར་སྒོར130། དེ་ལས་དམན་པ་ལ་ཡིག་འབྲུ་སྟོང་རེར་སྒོར80བཅས་ཡིན།
༄༅། །མངག་ཉོ་གནང་སྟངས།
◇ སྦྲག་ལམ་ནས་ཉོ་ཚེ། སྦྲག་ཐོག་འགྲེམ་སྤེལ་ཨང་རྟགས(邮发代号)80-959ཞེས་པ་བརྒྱུད་ནས་མངག་ཉོ་གནང་དགོས་ལ། རྒྱལ་ནང་གི་དུས་དེབ་ཉོ་སྟངས་ཀྱི་འགྲོ་ལུགས་ལ་གཞིགས་ཚེ། ལོ་རྗེས་མའི་དུས་དེབ་ཉོ་མཁན་དག་གིས་ད་ལོའི་ཟླ་བཅུ་པ་ཙམ་ལ་སྦྲག་ཁང་བརྒྱུད་ནས་ཕྱི་ལོའི་ལོ་གཅིག་རིང་གི་དུས་དེབ་ཉོ་ཆོག་པ་དང་། དེ་མིན་པར་དུས་ལས་བརྒལ་ན་ལོ་ཕྱེད་དང་ཡང་ན་ཉོ་མི་ཐུབ་པའི་གནས་ཚུལ་རག་གི་ཡོད།
◇ རྩོམ་སྒྲིག་ཁང་ནས་ཐད་ཀར་ཉོ་མཁན་ཡོད་ཚེ། གཞུང་གི་ཁ་པར010—65016107ནམ། རྩོམ་སྒྲིག་པའི་ལག་ཁྱེར་ཁ་པར་ཨང་གྲངས13264219075བརྒྱུད་ནས་ཉོ་ཆོག འདི་ལ་དུས་དང་དེབ་གྲངས་ཀྱི་ཚད་བཀག་སོགས་མེད།
༄༅། །འབྲེལ་བ་བྱེད་ཐབས།
◇ ས་གནས། 北京市朝阳区农展馆南里10号楼811室《民族文学》杂志社
◇ འབྲེལ་བ་བྱེད་ས། 吉多加
◇ སྦྲག་ཨང་། 100125
◇ ཁ་པར། 010—65016107,13264219075
◇ པར་སྐྱེལ། 010—65018935
◇ QQཨང་གྲངས། 287429024
ཞེས《མི་རིགས་ཀྱི་རྩོམ་རིག》གི་རྩོམ་སྒྲིག་ཁང་ནས།
སྤྱི་ལོ2015ལོའི་སྤྱི་ཟླ2པའི་ཚེས13ཉིན།
རྩོམ་ཁུངས། ངེད་དྲ་བ།