སྐྱབས་ཆེན་བདེ་གྲོལ་གྱི་སྙན་དེབ་གསར་པ《བར་སྐོར་གྱི་ཆང་ཁང》མངགས་ཉོ་གནང་རོགས།

  ཉེ་ལམ་བོད་ཀྱི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྙན་ངག་དེབ་གསར《བར་སྐོར་གྱི་ཆང་ཁང》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས། ད་ལྟ་འགྲེམ་སྤེལ་དངོས་ཀྱི་གོ་རིམ་ལ་སླེབས་ཡོད།

  སྙན་དེབ་འདི་ནི་རྩོམ་པ་པོ་ཁོང་གིས་སྤྱི་ལོ༢༠༡༢ལོར་སྙན་དེབ《མི་རྟག་པ》དཔར་བའི་རྗེས་ནས། དངོས་སུ་དཔར་སྐྲུན་བྱས་པའི་སྙན་ངག་གི་དེབ་གཅིག་པུ་ཡིན་ལ། འདིའི་ནང་དུ་སྔར་གྱི་སྙན་དེབ《མི་རྟག་པ》རུ་མ་འདུས་པའི་སྙན་ངག་སྤུས་ལེགས་ཁ་ཤས་ཕུད། ཕལ་མོ་ཆེ་ནི་༢༠༡༢ལོ་ནས་ད་ལྟའི་བར་གྱི་ལོ་ངོ་བདུན་ལ་ཉེ་བའི་རིང་གི་སྙན་ངག་གསར་པ་སྤུས་ལེགས་ཤོས་དག་ཡོངས་སུ་བསྡུས་པ་ཡིན་ལ། ཆེས་གསར་ཤོས་ནི་སྤྱི་ལོ༢༠༡༩ལོའི་རྗེས་སུ་གསར་དུ་བརྩམས་པའི་སྙན་ངག་ཀྱང་འདུས་ཡོད།

  ལོ་ངོ་འདི་དག་རིང་ལ་རྩོམ་པ་པོ་ཁོང་གི་འཚོ་བ་ནི་སྔར་བཞིན་གསར་རྩོམ་དང་བསམ་གཞིག དཔེ་ཀློག་དང་ལྗོངས་རྒྱུ་སོགས་ཀྱིས་གཙོ་བོར་བྱས་ཡོད་པས། སྙན་ངག་དེ་དག་ཏུའང་ཁོ་རང་ནར་སོན་ཞིང་འཚོ་བ་རོལ་སའི་ཕ་ཡུལ་རྨ་ཆུ་ཕུད། དབུས་འགྱུར་ལྷ་ལྡན་གྲོང་དང་། གནའ་བོའི་གྲོང་ཁྱེར་ཞི་ཨན། ཡོ་རོབ་ཀྱི་གྲོང་ཁྱེར་ཨམ་སི་ཐིར་ཏམ། སོག་པོའི་རྒྱལ་ས་ཨོ་ལན་པཱ་ཐུར། གསེར་གླིང་ཐེ་ལན་ཌིའི་བྷང་ཁོག་སོགས་ལྗོངས་དང་གྲོང་ཁྱེར་འགྲིམ་པའི་མྱོང་ཚོར་དང་མཐོང་ཐོས་བཀོད་ཡོད་ལ། གསར་རྩོམ་གྱི་ལག་ཐབས་ཀྱང་སྔར་གྱི་སྲོལ་རྒྱུན་དང་དེང་རབས་ཞེས་པའི་ས་མིག་གི་བཅད་བཟུང་དེ་དོར་ནས་ཚང་མ་སྙན་ངག་ཅེས་པའི་སྤང་ཡངས་པོ་དེ་ལ་བསྡུས་ཤིང་། དེ་རུ་མི་རང་རང་གི་ཚོར་འདུ་དང་བདེ་སྡུག འཇིག་རྟེན་སྤྱི་ལ་དམིགས་པའི་སེམས་ཁུར་དང་བསམ་གཞིག་སོགས་ལས། བཅད་ལྷུག་དང་དོ་སྙོམ་མི་སྙོམ་སོགས་ཀྱི་ཕྱི་ཚུལ་གྱི་འཛིན་པ་དེ་ཡོངས་སུ་སྤངས་ཡོད། རྩོམ་པ་པོ་ཁོང་གིས“སྙན་དེབ་སྔོན་མ 《མི་རྟག་པ》བཀྲམ་རྗེས་ཀྱི་བགྲང་བྱ་དྲུག་གི་རིང་ལ། ངས་དུས་ཚོད་མང་ཤོས་གྲོང་ཁྱེར་ནས་བསྐྱལ་བ་དང་། ངའི་སྙན་ངག་གི་འཇིག་རྟེན་ཡང་རྟོག་པའི་ཀློང་གི་སྣང་བརྙན་ཆེན་པོ(དཔེར་ན་སེངྒེ་ལྟ་བུ)དག་ལས་བུད་དེ་ང་རང་གི་འཚོ་བའི་བྲིས་རིས་དང་སེམས་ཀྱི་འགྱུར་ཁུག་ཏུ་གྱུར”ཞེས་གསུང་པ་ནང་བཞིན་དུ། མི་ཚེ་གསར་རྩོམ་ལ་ཐིམས་པའི་རྩོམ་པ་པོ་ཞིག་ལ་མཚོན་ན། ནམ་ཡང་འབྲི་སྟངས་རིགས་ཤིག་དང་། བསམ་གཞིག་རིགས་ཤིག་ནས་གི་གྲུ་ག་ནས་ལུས་མི་སྲིད་པར། སང་ཉིན་ནང་བཞིན་རང་གི་གསར་རྩོམ་གྱི་ལམ་ཁའི་གསང་བ་མང་པོ་ཞིག་གི་སྒོ་རྒྱ་རིམ་གྱིས་བཀྲོལ་དང་དགྲོལ་བཞིན་ཡོད་ལ། དེས་སྙན་ངག་གི་ཀློག་པ་པོ་དག་ལའང་འགྱིག་བྱི་རིལ་བལྡད་པ་ལྟ་བུ་མ་ཡིན་པར། ནམ་ཡང་རོ་བརྒྱའི་ལོངས་སྤྱོད་ཅིག་སྩོལ་བཞིན་ཡོད། དེའི་ཕྱིར《བར་སྐོར་གྱི་ཆང་ཁང》ཡང་བོད་ཀྱི་སྙན་ངག་གི་རྩོམ་སྟེགས་སྤྱི་དང་། ཀློག་པ་པོ་སྒེར་སུ་ལ་མཚོན་ནའང་གསར་པ་གསར་རྐྱང་གི་ཤིང་ཏོག་སོས་པ་ཞིག་ཡིན་ཞེས་བརྗོད་ཆོག དེབ་འདིའི་རྩོམ་སྒྲིག་པ་སྐུ་ཞབས་ཀུན་དཔལ་ཚེ་རིང་ལགས་ཀྱིས་སྙན་དེབ་འདི་རྩོམ་སྒྲིག་གི་གོ་རིམ་ཁྲོད་དུ་སྙན་ངག་དག་ཡང་ཡང་བཀླགས་རྗེས“ངས་བལྟས་ན་སྐྱབས་ཆེན་ལོ་འདི་འགར་རང་དགར་བསྡད་མི་འདུག ཁོ་ཡུལ་ཁམས་མང་པོར་ཕྱིན་འདུག འབྲི་སྟངས་མང་པོ་ལ་ཚོད་ལྟ་བྱས་འདུག”ཅེས་བརྗོད་པ་ནི་དོན་ལ་གནས་པའི་གཏམ་དུ་གྱུར་ཡོད།

  དེབ་འདིའི་ཇུས་འགོད་ཐད་ལའང་པར་ངོས་སྒྲིག་སྟངས་དང་། ཡིག་གཟུགས་ཇུས་འགོད་སོགས་ཕྱོགས་གང་ཐད་ནས་སྙན་དེབ་གསར་པ་ཞིག་གི་ཁྱད་ཆོས་མངོན་ཇི་ཐུབ་བྱས་ཡོད་ལ། བར་བཅུག་རི་མོ་ལ་རྩོམ་པ་པོས་སྙན་ངག་གསར་རྩོམ་གྱི་གོ་རིམ་དང་ཁམས་སོགས་མངོན་ཐུབ་པའི་ལག་བྲིས་སྙན་ངག་ཁག་ཅིག་རི་མོའི་ལམ་ནས་བཀོད་ཡོད་པས། ཀློག་པ་པོས་སྙན་ངག་མྱོང་རོལ་དང་ལྟ་ཀློག་མྱོང་ཚོར་མཐོ་རུ་འདེག་ཐུབ། མདོར་ན་བརྗོད་བྱའི་ནང་དོན་དང་། དེབ་གཟུགས་རྣམ་པ་སོགས་གང་ཐད་ནས་སྙན་ངག་ལ་དགའ་མོས་ཡོད་པའི་ཀློག་པོ་ཞིག་ལ་མཚོན་ན་ཡུན་རིང་རེ་སྒུག་བྱས་པ་ནི་དོན་དང་ལྡན་ཡོད་ཅེས་སྨྲ་ཆོག

  སྙན་དེབ《བར་སྐོར་གྱི་ཆང་ཁང》པར་སྐྲུན་གྱི་གོ་རིམ་ཡོངས་རྫོགས་ཚད་ལྡན་ཅན་དུ་བསྒྱུར་ནས། འཆར་འགོད་དང་ཇུས་འགོད། པར་སྐྲུན་དང་འགྲེམ་སྤེལ་སོགས་ལས་རིམ་རེ་རེ་ཆེད་ལས་ཀྱི་ཚན་པ་རེ་རེས་བསྒྲུབས་ཡོད་ལ། ཕྱིར་ཚོང་འགྲེམ་སྤེལ་གྱི་དབང་ཆ་ཡོངས་རྫོགས་ནས་སོན་དཔེ་ཁང་གཅིག་པུ་ལ་སྤྲད་ཡོད། ནས་སོན་དཔེ་ཁང་གིས་དེབ་འདི་སིལ་ཚོང་དང་སྡེབ་ཚོང་གི་འགན་ཡོངས་རྫོགས་ཁུར་ཡོད་པས། མོས་པ་ཅན་ཚོས་གཤམ་གྱི་འབྲེལ་གཏུག་ཁ་པར་དང་རྩ་གཉིས་བཤེར་རིས་བརྒྱུད་ནས་འབྲེལ་བ་བྱ་ཆོག་ལ། དམིགས་བསལ་སྡེབ་ཉོ་གནང་མཁན་ལ་སྡེབ་ཉོའི་དེབ་གྲངས་ཀྱི་མང་ཉུང་བཞིན་ཕབ་གཅོག་ཀྱང་ལུགས་མཐུན་བྱ་རྒྱུ་རེད།

         འབྲེལ་གཏུག་ཁ་པར། 13997275090

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱབས་ཆེན་བདེ་གྲོལ་གྱི་སྙན་དེབ་གསར་པ《བར་སྐོར་གྱི་ཆང་ཁང》མངགས་ཉོ་གནང་རོགས།

2019-03-04 ནས་སོན་དཔེ་ཁང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།