དམངས་གླུ་ཆུ་མིག་དགུ་སྒྲིལ།༣

རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-09-24

98

ཁྱོད་ནི་གླུ་བ་མི་བསམ་དགུ་བསམ་རེད།།

འབྲོང་ནི་བྲེ་སེར་ཞིག་གིས་སྒོ་ཟོག་བསམ།།

འབྲོང་ནི་སྐེ་ཤེད་ཆེ་བས་རྫ་ལ་ཁུར།།

རྫ་ནི་ཁ་ཞེང་ཆེ་བས་མགོ་ཡུ་འཁོར།།

 

ཁྱོད་ནི་གླུ་བ་མི་བསམ་དགུ་བསམ་རེད།།

སྟག་ནི་དམར་ཡག་ཅིག་གིས་སྒོ་ཁྱི་བསམ།།

སྟག་ནི་སྐེ་ཤེད་ཆེ་བས་ནགས་ལ་ཁུར།།

ནགས་ནི་ཁ་རྒྱམ་ཆེ་བས་མགོ་ཡུ་འཁོར།།

 

ཁྱོད་ནི་གླུ་བ་མི་བསམ་དགུ་བསམ་རེད།།

རྐྱང་ནི་ཁ་དཀར་ཞིག་གིས་ཇག་རྟ་བསམ།།

རྐྱང་ནི་ཁ་ཤེད་ཆེ་བས་ན་ལ་ཁུར།།

ན་ནི་ཁ་རྒྱམ་ཆེ་བས་མགོ་ཡུ་འཁོར།།

 

ང་ནི་གླུ་བ་མི་བསམ་དགུ་བསམ་རེད།།

འབྲོང་ནི་བྲེ་སེར་ཞིག་གིས་སྒོ་ཟོག་བསམ།།

བློ་ནི་རིག་པའི་སྒོ་ནས་ཞགས་པ་འཕངས།།

ད་ནི་དེང་སང་གླུ་བའི་སྒོ་ཟོག་ཡིན།།

ང་ནི་གླུ་བའི་རྣམ་ཐར་དེ་འདྲ་རེད།།

 

ང་ནི་གླུ་བ་མི་བསམ་དགུ་བསམ་རེད།།

སྟག་ནི་དམར་ཡག་ཅིག་གིས་སྒོ་ཁྱི་བསམ།།

བློ་ནི་རིག་པའི་སྒོ་ནས་ལྕགས་ཐག་བསྐོན།།

ད་ནི་དེང་སང་གླུ་བའི་སྒོ་ཁྱི་ཡིན།།

ང་ནི་གླུ་བའི་རྣམ་ཐར་དེ་འདྲ་རེད།།

 

ང་ནི་གླུ་བ་མི་བསམ་དགུ་བསམ་རེད།།

རྐྱང་ནི་ཁ་དཀར་ཞིག་གིས་ཇག་རྟ་བསམ།།

བློ་ནི་རིག་པའི་སྒོ་ནས་སྲབ་ཅིག་བསྐོན།།

ད་ནི་དེང་སང་གླུ་བའི་ཇག་རྟ་ཡིན།།

ང་ནི་གླུ་བའི་རྣམ་ཐར་དེ་འདྲ་རེད།།

99

གླུ་སུའི་མཐོ་ལྟ་ན་སུའི་མཐོ་ལྟ།།

མཁར་རྩིག་རྩིག་བྱས་ནས་སུའི་མཐོ་ལྟ།།

གླུ་སུའི་ཡག་ལྟ་ན་སུའི་ཡག་ལྟ།།

འཇའ་ཤར་ཤར་བྱས་ནས་སུའི་ཡག་ལྟ།།

གླུ་སུའི་མང་ལྟ་ན་སུའི་མང་ལྟ།།

ཆུ་བཅུ་བཅུ་བྱས་ནས་སུའི་མང་ལྟ།།

100

རོགས་ཆུང་ལོ་བྱུ་རིའི་རྒྱན་ཆ་ཅན།།

སེམས་གངས་དཀར་ཡིད་ན་ནད་ཅིག་ཡོད།།

ནད་ཡོད་ནོ་ངས་ར་མ་ཤེས་འོ།།

ངས་ཅི་ཤེས་ཕ་མས་མ་ཤེས་ཟིག།

 

བོའུ་ཁྲ་རིང་དངུལ་དཀྲིས་གསུམ་པ་ཅན།།

ལུས་གཡོན་མའི་རྩ་ན་སྐྱོན་ཞིག་ཡོད།།

སྐྱོན་ཡོད་ནོ་ངས་ར་མ་ཤེས་འོ།།

ངས་ཅི་ཤེས་མགར་བས་མ་ཤེས་ཟིག།

 

རྟ་འདོ་བ་གསེར་གྱི་གདོང་མཐུར་ཅན།།

རྐང་རྨིག་བཞིའི་བར་ན་སྐྱོན་ཞིག་ཡོད།།

སྐྱོན་ཡོད་ནོ་ངས་མ་ཤེས་འོ།།

ངས་མི་ཤེས་བདག་པོས་མ་ཤེས་ཟིག།

101

འདིའི་རྫ་རི་ཁ་ཞེང་ཅན་པོ།།

ངའི་ཡིད་ལ་བརྒྱ་རེར་སྐྱེ་གི།

འདིའི་རྫ་ཆུ་འོ་མ་འདྲ་བོ།།

ངའི་ཡིད་ནས་བརྗེད་རྒྱུ་མེད་གི།

 

འདིའི་ནགས་རི་ཁ་རྒྱམ་ཅན་པོ།།

ངའི་ཡིད་ལ་བརྒྱ་རེར་སྐྱེ་གི།

འདིའི་སིལ་ཏོག་ཁ་མངར་ཅན་པོ།།

ངའི་ཡིད་ནས་བརྗེད་རྒྱུ་མེད་གི།

 

འདིའི་རུ་སྡེ་ཁ་རྒྱམ་ཅན་པོ།།

ངའི་ཡིད་ལ་བརྒྱ་རེ་སྐྱེ་གི།

འདིའི་ཆུང་འདྲིས་ཞེ་འདང་ཅན་པོ།།

ངའི་ཡིད་ནས་བརྗེད་རྒྱུ་མེད་གི།

102

རྟ་མ་བརྒྱུགས་དྲུག་ཤ་ལྷུང་ཐལ།།

ལྕག་མ་བྲབ་ཅི་ཡིས་ཡིན་ན།།

བོའུ་མ་འཕངས་དགོ་བརྒྱ་འདྲོགས་ཐལ།།

དུ་མ་འཕྱུར་ཅི་ཡིས་ཡིན་ན།།

རོགས་མ་བརྩེས་མྱི་ཁར་གྲགས་ཐལ།།

ཚིག་མ་བཤད་ཅི་ཡིས་ཡིན་ན།།

103

ངའི་ཆོས་ཆེན་བླ་མས་ཟེར་གི་ར།།

རོགས་འུ་གཉིས་མཛའ་མཐུན་གཅད་དགོས་ཟེར།།

ཅི་འདྲ་འདྲའི་བླ་རྒན་འབྱུང་མེད་ཅིག།

ཁྱོའི་ལག་གི་མདའ་དྲིལ་ཆ་མ་འདི།།

 

ཆ་ཁ་ཡས་མེད་ན་ཅི་འདྲ་རེད།།

རོགས་འུ་གཉིས་ཞེ་འདང་དེ་འདྲ་རེད།།

ངའི་དྲིན་ཅན་ཕ་ལོས་ཟེར་གི་ར།།

རོགས་འུ་གཉིས་ཞེ་འདང་གཅད་དགོས་ཟེར།།

 

ཅི་འདྲ་འདྲའི་ཕ་ལོ་འབྱུང་མེད་ཅིག།

ཁྱོའི་རྒྱབ་གི་ཁྲ་རིང་ཆ་མ་འདི།།

ཆ་ཁ་ཡས་མེད་ན་ཅི་འདྲ་རེད།།

རོགས་འུ་གཉིས་ཞེ་འདང་དེ་འདྲ་རེད།།

 

ངའི་དྲིན་ཅན་མ་ལོས་ཟེར་གི་ར།།

རོགས་འུ་གཉིས་ཞེ་འདང་གཅད་དགོས་ཟེར།།

ཅི་འདྲ་འདྲའི་མ་ལོ་འབྱུང་མེད་ཅིག།

ཁྱོའི་འདོག་གི་རྣ་ལུང་ཆ་མ་འདི།།

ཆ་ཁ་ཡས་མེད་ན་ཅི་འདྲ་རེད།།

རོགས་འུ་གཉིས་ཞེ་འདང་དེ་འདྲ་རེད།།

104

རོགས་དཔེ་མེད་མཐུན་ན་མི་ཉན་གི།

སེམས་གངས་དཀར་དཀྱིལ་གི་ནད་ཅིག་རེད།།

རྟ་དཔེ་མེད་མགྱོགས་ར་མི་ཉན་གི།

ཐང་ཨ་ཆེན་དཀྱིལ་ནས་རླུང་ཞིག་རེད།།

བོའུ་དཔེ་མེད་འབབ་ར་མི་ཉན་གི།

སྲོག་དམར་ཆུང་གན་གི་བདུད་ཅིག་རེད།།

105

ང་བོའུ་ཞིག་མེད་ད་བོའུ་ཞིག་ཡོད།།

བོའུ་ཁྲ་རིང་རང་གི་རྒྱབ་ན་ཡོད།།

ནང་ཁོག་མདའ་མ་སྤྲད་ཁུར་བསྡད་ཡོད།།

ནང་ཁོག་མདའ་སྤྲད་དུས་འཕེན་རྒྱུ་རེད།།

 

ང་རྟ་ཞིག་མེད་ད་རྟ་ཞིག་ཡོད།།

རྟ་འདོ་བ་རྩྭ་ཁ་བྱས་ནས་ཡོད།།

རྒྱུག་ར་མདའ་མ་དགོས་བསྐྱུར་བཞག་ཡོད།།

རྒྱུག་ར་མདའ་དགོས་དུས་ཞོན་རྒྱུ་རེད།།

 

ང་རོགས་ཤིག་མེད་ད་རོགས་ཤིག་ཡོད།།

རོགས་ཆུང་ལོ་སྡེ་ཆེན་གྲོང་ན་ཡོད།།

ཁྱིམ་མནའ་མར་མ་བླངས་བསྐྱུར་བཞག་ཡོད།།

ཁྱིམ་མནའ་མར་བླངས་དུས་ཚེ་རོགས་རེད།།

106

ངའི་གླུ་མགོ་ཤྭ་བརྒྱ་དགོ་བརྒྱ་རེད།།

ཁྱོས་ཟིན་གི་བསམ་ན་བདའ་ན་ཆོག།

ངའི་གླུ་སྐེད་ལྕགས་སྐུད་སུམ་སྒྲིམ་རེད།།

ཁྱོས་ཆོད་གི་བསམ་ན་འཐེན་གི་སྡོད།།

ངའི་གླུ་རྔ་མཚོ་མོ་ཡར་འཁྱིལ་རེད།།

ཁྱོས་མཛད་གི་བསམ་ན་ཆུས་གི་སྡོད།།

107

རྫ་ཁྲ་ཡག་གན་ལ་རྣམ་ཤེས་མེད།།

རྫ་ཁྲ་ཡག་གན་གི་རྣམ་ཤེས་སུ་རེད།།

རྫ་ཁྲ་ཡག་གན་གི་རྣམ་ཤེས་འབྲོང་རེད།།

 

ནགས་རྒྱ་རྫོང་གན་ལ་རྣམ་ཤེས་མེད།།

ནགས་རྒྱ་རྫོང་གན་གི་རྣམ་ཤེས་སུ་རེད།།

ནགས་རྒྱ་རྫོང་གན་གི་རྣམ་ཤེས་སྟག་རེད།།

 

སྡེ་ཆེན་པོ་གན་ལ་རྣམ་ཤེས་མེད།།

སྡེ་ཆེན་པོ་གན་གི་རྣམ་ཤེས་སུ་རེད།།

སྡེ་ཆེན་པོ་གན་གི་རྣམ་ཤེས་མྱི་རེད།།

108

འདིའི་རྟ་མང་ཕྱོགས་གི་རྟ་རྫི།།

རྟ་འཚོ་རོགས་དགོས་ན་ཤོད་ད།།

རྟ་འཚོ་རྒྱུ་མེད་ནི་མ་རེད།།

རོགས་ནི་ཁྱོད་ཕྱོགས་ས་ལ་སྐྱོ་གི།

 

འདིའི་ཟོག་མང་ཕྱོགས་གི་ཟོག་རྫི།།

ཟོག་འཚོ་རོགས་དགོས་ན་ཤོད་ད།།

ཟོག་འཚོ་རྒྱུ་མེད་ནི་མ་རེད།།

རོགས་ནི་ཁྱོད་ཕྱོགས་ས་ལ་སྐྱོ་གི།

 

འདིའི་ལུག་མང་ཕྱོགས་གི་ལུག་རྫི།།

ལུག་འཚོ་རོགས་དགོས་ན་ཤོད་ད།།

ལུག་འཚོ་རྒྱུ་མེད་ནི་མ་རེད།།

རོགས་ནི་ཁྱོད་ཕྱོགས་ས་ལ་སྐྱོ་གི།

109

སྤང་མེ་ཏོག་སེར་ཆེན་རིག་དུས།།

ཁྱོད་གཡུ་ཡི་སྦྲང་མ་དྲན་གི།

གན་སྟོན་ཟླ་རིང་མོའི་རྗེས་ནས།།

ཁྱོད་རིག་རྒྱུ་མེད་ན་སྡུག་གི།

110

སྡེ་ཁ་ཞེང་ཅན་པོ་རིག་དུས།།

རོགས་ཆུང་འདྲིས་བྱམས་པ་དྲན་གི།

ནང་ཁ་ཡ་ན་ཟླ་འཚོགས་དུས།།

རོགས་མཐོང་རྒྱུ་མེད་ན་སྡུག་གི།

111

ངས་མ་དྲན་མ་དྲན་ཆུང་འདྲིས་དྲན།།

ངས་ཆུང་འདྲིས་མིག་རྡོ་འདྲ་བོ་དྲན།།

རོགས་ཆུང་འདྲིས་ཡན་ཞིག་ངས་མ་རྙེད།།

རོགས་འུ་གཉིས་ངང་བ་ཚེ་འགྲོས་རེད།།

112

ཆར་བབས་ནས་ད་ནངས་ཟར་ཞིག་རེད།།

སྨུག་འཐིབས་ནས་ད་རུང་བསྡད་ཡོད་གི།

སྨུག་འཐིབས་ནོ་ཅི་ཡིན་མི་ཤེས་གི།

རྫ་ཁྲ་ཡག་མིན་ན་སུ་ལ་གསལ།།

 

རྟ་བརྒྱུགས་ནས་ད་ནངས་ཟར་ཞིག་རེད།།

རྡུལ་འཐིབས་ནས་ད་རུང་བསྡད་ཡོད་གི།

རྡུལ་འཐིབས་ནོ་ཅི་ཡིན་མི་ཤེས་གི།

ལམ་སྐྱ་མོ་མིན་ན་སུ་ལ་གསལ།།

 

རོགས་བརྩེས་ནས་ད་ནངས་ཟར་ཞིག་རེད།།

ཞེ་སྨྲེང་ནས་ད་རུང་བསྡད་ཡོད་གི།

ཞེ་སྨྲེང་ནོ་ཅི་ཡིན་མི་ཤེས་གི།

སེམས་གངས་དཀར་མིན་ན་སུ་ལ་གསལ།།

113

ནགས་རྒྱ་རྫོང་གན་གི་ནང་ན།།

བྱ་ཁུ་བྱུག་ཟེར་རྒྱུ་ཞིག་ཡོད།།

ནགས་རྒྱ་རྫོང་སྟོང་བ་མ་རེད།།

བྱ་ཁུ་ལོ་གྲགས་དུས་སྐྱིད་གི།

 

ལམ་སྐྱ་མོ་གན་གི་ནང་ན།།

རྟ་འདོ་བ་ཟེར་རྒྱུ་ཞིག་ཡོད།།

ལམ་སྐྱ་མོ་སྟོང་བ་མ་རེད།།

རྟ་འདོ་བ་འགྲོ་དུས་སྐྱིད་གི།

114

རྟ་འདོ་བ་འདི་ལ་རྨིག་བཞི་ཡོད།།

རྐང་རྨིག་བཞི་སྐྱི་བསེར་རླུང་ལ་འགྲན།།

རྒྱུག་གོམ་ལག་ཡོད་ན་དོན་དེ་ཡིས་རེད།།

རྐང་རྨིག་བཞི་ཚེ་ཐག་རིང་བར་ཤོག།

 

འབྲོང་རྣུ་ལུག་གན་ལ་རྭ་གཉིས་ཡོད།།

རྭ་ངར་མ་མི་བརྡར་ས་ཞིག་མེད།།

འབྲོང་ཁིས་ནས་བུད་དུས་རྭ་རིག་གི།

རྭ་ངར་མ་ཚེ་ཐག་རིང་བར་ཤོག།

 

ཁྱིམ་སྐྱིད་པོ་འདི་ལ་བཟའ་གཉིས་ཡོད།།

བཟའ་ཚེ་རོགས་མཉམ་འགྲོ་མཉམ་འདུག་རེད།།

ཁྱིམ་སྐྱིད་པོ་ཡོང་དོན་དེ་ཡིས་རེད།།

བཟའ་ཚེ་རོགས་ཚེ་ཐག་རིང་བར་ཤོག།

115

ངའི་མདང་གསུམ་རྨི་ལམ་གོང་མ་ན།།

གསེར་སེར་བོའི་ཆར་ཞིག་བབས་ནི་རྨིས།།

ངས་གསེར་ཆུ་ཕང་ལ་འཁྱིལ་ནི་རྨིས།།

ངའི་གསེར་སྐུད་ལག་པས་སྒྲིམ་ནི་རྨིས།།

 

ངའི་མདང་གསུམ་རྨི་ལམ་བར་མ་ན།།

དངུལ་དཀར་བོའི་ཆར་ཞིག་བབས་ནི་རྨིས།།

ངས་དངུལ་སྐུད་ལག་པས་སྒྲིམ་ནི་རྨིས།།

 

ངའི་མདང་གསུམ་རྨི་ལམ་ཞོལ་མ་ནས།།

དུང་དཀར་བོའི་ཆར་ཞིག་བབས་ནི་རྨིས།།

ངས་དུང་ཆུ་ཕང་ལ་འཁྱིལ་ནི་རྨིས།།

ངས་དུང་སྐུད་ལག་པས་སྒྲིམ་ནི་རྨིས།།

116

རོགས་གནའ་འདྲིས་ད་འདྲིས་ཆུང་འདྲིས་གསུམ།།

རོགས་གནའ་འདྲིས་གནའ་ཡི་རྩེ་རོགས་རེད།།

དུས་དེང་སང་སྡེ་བའི་ཆུང་མ་རེད།།

རོགས་ཁྱོད་ཚོ་སེམས་ལ་དྲན་གི་མེད།།

 

རོགས་གནའ་འདྲིས་ད་འདྲིས་ཆུང་འདྲིས་གསུམ།།

རོགས་ད་འདྲིས་དབྱར་གྱི་མེ་ཏོག་རེད།།

ཕྱི་ཡག་རུང་ཚེ་ཡག་ཨེ་ཡིན་ན།།

རོགས་ཁྱོད་ཚོ་སེམས་གི་ཐེ་ཚོམ་རེད།།

 

རོགས་གནའ་འདྲིས་ད་འདྲིས་ཆུང་འདྲིས་གསུམ།།

རོགས་ཆུང་འདྲིས་སེམས་ནས་མི་བོར་གི།

སེམས་བསམ་པ་ཁོ་ཐག་མི་ཆད་གི།

རོགས་ཁྱོད་ཚོ་ཚེ་ནོམ་ཡིན་ན་བསམ།།

117

སྡེ་ཆེན་པོ་རྨེ་བའི་ས་ཆ།།

རྐྱང་ཁ་དཀར་རྟ་ལ་འདྲེས་ས།།

ཤྭ་དགོ་ཆེན་རྩེད་མོ་རྩེ་ས།།

སའི་བསོད་ནམས་བཤད་ན་དེ་འདྲ་རེད།།

 

སྡེ་ཆེན་པོ་རྨེ་བའི་ས་ཆ།།

བྱ་ཁྱུང་ཁྱུང་སྟོང་འབབ་བྱེད་ས།།

གསོད་མི་ཉན་སྲོག་ཐར་གཏོང་ས།།

སའི་དགེ་བ་བཤད་ན་དེ་འདྲ་རེད།།

 

སྡེ་ཆེན་པོ་རྨེ་བའི་ས་ཆ།།

ཕ་ཨ་ཁུ་ཁ་ལྕེ་བདེ་ས།།

མ་བུ་མོ་སྐྱེ་གཟུགས་ཡག་ས།།

སའི་ལོ་རྒྱུས་བཤད་ན་དེ་འདྲ་རེད།།

118

ང་ཇག་པའི་ཇག་བུ་ཞིག་ལ།།

རྒྱུ་འབྱོར་བ་ཟེར་བ་མེད་གི།

ང་ཡོད་རྒྱུ་ཇག་རྟ་འདི་རེད།།

རྟ་འདི་སོ་མྱི་ཚེའི་རྒྱུ་ཡིན།།

 

ང་ཇག་པའི་ཇག་བུ་ཞིག་ལ།།

རྒྱུ་འབྱོར་བ་ཟེར་བ་མེད་གི།

ང་ཡོད་རྒྱུ་ཁྲ་རིང་བོའུ་རེད།།

བོའུ་འདི་སོ་མྱི་ཚེའི་རྒྱུ་རེད།།

 

ང་ཇག་པ་ཇག་བུ་ཞིག་ལ།།

རྒྱུ་འབྱོར་བ་ཟེར་བ་མེད་གི།

ང་ཡོད་རྒྱུ་རང་གི་སྲོག་རེད།།

སྲོག་འདི་སོ་རྒྱུ་ཡི་ཐུ་རེད།།

119

རྟ་འདོ་བ་སྐྱི་བསེར་རླུང་རེད།།

ལམ་སྐྱ་མོ་གཅོད་གི་མདའ་རེད།།

རྟ་འདོ་བའི་གོམ་ལག་བདེ་ནོ།།

ལམ་སྐྱ་མོ་གན་ལ་གསལ་གི།

120

རྫ་གན་ལ་མཐོ་རྒྱུ་མེད་གི།

རྫ་གན་ལ་དམའ་རྒྱུ་མེད་གི།

རྫ་གན་སོ་མ་འགྱུར་བསྡད་ན།།

དེའི་ཡན་གི་ཡག་ཅིག་མེད་གི།

 

རོགས་གན་ལ་ཡག་རྒྱུ་མེད་གི།

རོགས་གན་ལ་བཙོག་རྒྱུ་མེད་གི།

རོགས་གན་སོ་མ་འགྱུར་བསྡད་ན།།

དེའི་ཡན་གི་ཡན་ཅིག་མེད་གི།

121

ཁྱོའི་སྐེ་གི་བྱུ་རུའི་ཕྲེང་བ།།

རྒྱུ་ནོམ་པས་ཁུག་ས་མ་རེད།།

ཁྱོའི་བྲང་གི་སྙིང་ཆུང་དམར་པོ།།

ཕོ་ང་རས་ཉོས་ན་ཨེ་ཆོག།

122

འདིའི་རྫ་རི་ཐ་རེ་ཐོར་རེ་བོ།།

འདིའི་རྫ་ཆུ་ད་གེ་དིག་གེ་བོ།།

ངས་མི་འཐུང་འཐུང་ཁུལ་བྱས་དུས།།

ཁྱོས་ངོ་མ་འཐུང་གི་ཨེ་བསམ།།

 

འདིའི་ནགས་རི་ཐ་རེ་ཐོར་རེ་བོ།།

འདིའི་སིལ་ཏོག་སྐྱ་རེ་སྐྱུར་རེ་བོ།།

ངས་མི་བཟའ་ཟ་ཁུལ་བྱས་དུས།།

ཁྱོས་ངོ་མ་ཟ་གི་ཨེ་བསམ།།

 

འདིའི་རུ་སྡེ་ཐ་རེ་ཐོར་རེ་བོ།།

འདིའི་བག་ཞིས་སྨྱ་ནེ་སྨྱོན་ནེ་བོ།།

ང་མི་རྩེ་རྩེ་ཁུལ་བྱས་དུས།།

ཁྱོས་ངོ་མ་རྩེ་གི་ཨེ་བསམ།།

123

ཁྱོད་མར་མེ་རྐང་ཆུང་ཡིན་ན།།

ཁྱོད་གསལ་ཐོག་དེ་ནས་སྡོད་ད།།

ང་རླུང་ནག་འཚུབ་མ་ཡིན་རུང་།།

གསད་མི་ཉན་རྒྱུ་བོ་ལོས་ཤེས།།

 

ཁྱོད་རོགས་ཆུང་འདྲིས་རོགས་ལོ་ཡིན་ན།།

ཁྱོད་ཚིག་ཐོག་གཅིག་གི་སྡོད་ད།།

ང་སྣང་མེད་ཤར་ལུ་ཡིན་རུང་།།

འགལ་མི་ཉན་རྒྱུ་བོ་ལོས་ཤེས།།

 

ཁྱོད་གྱི་ལིང་གྱོ་རྒྱ་ཡིན་ན།།

ཁྱོད་རྒྱུགས་ཐོག་གཅིག་གི་སྡོད་ད།།

ང་བྲེལ་མོའི་ཤར་ལུ་ཡིན་རུང་།།

ལྕག་མི་བཤད་རྒྱུ་བོ་ལོས་ཤེས།།

124

ངའི་གླུ་མགོ་མདའ་དར་བཅུ་གསུམ་རེད།།

མདའ་ཁྱེར་ར་ལབ་ཙེ་བསྟོད་གི་འགྲོ།།

ངའི་གླུ་སྐེད་འབྲུ་དྲུག་ནས་སྔོན་རེད།།

ནས་ཁྱེར་ར་བཀྲ་ཤིས་བརྗོད་གི་འགྲོ།།

ངའི་གླུ་ཞོལ་བལ་དཀར་ཁ་ཆུ་རེད།།

བལ་ཁྱེར་ར་རྨུ་ཐག་འཐེན་གི་འགྲོ།།

125

རྫ་སྨུག་དྲུག་མགོ་ན་འཇའ་དྲུག་ཤར།།

རྗེ་བླ་མ་འཁྲུང་གི་རྟེན་འབྲེལ་རེད།།

ཆུ་རྨ་ཆུའི་སྟོད་ན་རྨ་དར་ཆགས།།

དབུས་ཇོ་བོར་མཇལ་གི་རྟེན་འབྲེལ་རེད།།

 

ཐང་ཆེན་པོའི་ཐོག་ལ་རྩི་ཏོག་རྒྱས།།

འབྲི་ཐུལ་ལུ་འདོག་གི་རྟེན་འབྲེལ་རེད།།

དགོང་ཡོས་ན་འབྲུག་ཆུང་ལྡི་རུ་རུ།།

ཆར་སིལ་མ་འབབ་གི་རྟེན་འབྲེལ་རེད།།

 

དེའི་མགོ་ན་ཉི་ཟླ་འོད་ཆེམ་ཆེམ།།

བོད་མགོ་ནག་སྐྱིད་གི་རྟེན་འབྲེལ་རེད།།

དེའི་ཁྱིམ་ལ་ཇ་ཆང་ལྡེམ་མེར་མེར།།

སྐྱིད་བུ་ཚ་སྐྱེ་བའི་རྟེན་འབྲེལ་རེད།།

126

ཕ་རུའི་རི་འདི་གསར་གྱི་རི།།

ཚུ་རུའི་རི་འདི་དངུལ་གྱི་རི།།

གསེར་དངུལ་གཉིས་ཀ་འཛོམས་གསུམ་འཛོམས།།

སང་ཕར་ལོ་དབུས་ལ་འགྲོ་དུས་ན།།

དབུས་ཇོ་བོར་གསེར་སོས་འཐེན་གི་འགྲོ།།

 

ཕ་རུའི་རི་འདི་གྲོ་ཡི་རི།།

ཚུ་རུའི་རི་འདི་འབྲས་ཀྱི་རི།།

གྲོ་འབྲས་གཉིས་ཀ་འཛོམས་གསུམ་འཛོམས།།

སང་ཕར་ལོ་དབུས་ལ་འགྲོ་དུས་ན།།

དབུས་ཇོ་བོར་མཆོད་པ་འབུལ་གི་འགྲོ།།

 

ཕ་རུའི་རི་འདི་གོས་ཀྱི་རི།།

ཚུ་རུའི་རི་འདི་དར་གྱི་རི།།

དར་གོས་གཉིས་ཀ་འཛོམས་གསུམ་འཛོམས།།

སང་ཕར་ལོ་དབུས་ལ་འགྲོ་དུས་ན།།

དབུས་ཇོ་བོར་མཇལ་དར་འཕེན་གི་འགྲོ།།

127

རོགས་ཁྱོད་ནི་གསེར་ཆུའི་ཕ་རོལ།།

རོགས་ང་ནི་གསེར་ཆུའི་ཚུར་རོལ།།

ཞེ་མཐུན་པ་གསེར་སྐུད་སུམ་སྒྲིམ།།

ཕྱི་སྡེ་བས་ཕྱི་སྐྱ་ལྷོད་གི།

ནང་སྡེ་བའི་ནང་སྐྱ་ལྷོད་གི།

སྐྱ་ཡང་སྒྲིམ་དགོས་ན་ཁྱོད་ཡིན།།

གསེར་ཁ་སྣོན་དགོས་ན་ང་ཡིན།།

 

རོགས་ཁྱོད་ནི་དངུལ་ཆུའི་ཕ་རོལ།།

རོགས་ང་ནི་དངུལ་ཆུའི་ཚུ་རོལ།།

ཞེ་མཐུན་པ་དངུལ་སྐུད་སུམ་སྒྲིམ།།

ཕྱི་སྡེ་བས་ཕྱི་སྐྱ་ལྷོད་གི།

ནང་བཟའ་བས་ནང་སྐྱ་ལྷོད་གི།

སྐྱ་ཡང་སྒྲིམ་དགོས་ན་ཁྱོད་ཡིན།།

དངུལ་ཁ་སྣོན་དགོས་ན་ང་ཡིན།།

128

རྫ་དཀར་དཀར་བུམ་པའི་ཞོལ་ན།།

ལུག་དཀར་མོ་ལྷས་ལ་བསྒོར་ཡོད།།

ལུག་ལྷས་ལ་འདེད་རོགས་བྱོས་ར།།

རོགས་འུ་ཚོ་འགྲོ་ཕྱོགས་གཅིག་རེད།།

129

ཁྱོད་ཡོད་པའི་ས་ཕྱོགས་དེ་ལ།།

ངའི་འདོ་བས་གོམ་གསུམ་སྤོས་ནི་བོ།།

རྗེས་མ་ཡལ་ད་རུང་ཨེ་ཡོད།།

 

ང་ཡོད་སའི་ས་ཕྱོགས་དེ་ལ།།

ཁྱོའི་འདོ་བས་གོམ་གསུམ་སྤོས་ཐལ།།

རྗེས་མ་ཡལ་ད་རུང་ཡོད་གི།

 

ཁྱོའི་འགྲམ་པའི་མཁུར་ཚོས་སྟེང་ལ།།

ངས་བདེ་མོའི་འོ་གསུམ་བྱས་ནི་བོ།།

རྗེས་མ་ཡལ་ད་རུང་ཨེ་ཡོད།།

 

ངའི་འགྲམ་པའི་མཁུར་ཚོས་སྟེང་ལ།།

ཁྱོས་བདེ་མོའི་འོ་གསུམ་བྱས་ནི་བོ།།

རྗེས་མ་ཡལ་ད་རུང་ཡོད་གི།

 

 

རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་གླུ་ཆུ་མིག་དགུ་སྒྲིལ།༣

2009-09-24 རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་། ཀློག་གྲངས། མཆན ཡོད།

98

ཁྱོད་ནི་གླུ་བ་མི་བསམ་དགུ་བསམ་རེད།།

འབྲོང་ནི་བྲེ་སེར་ཞིག་གིས་སྒོ་ཟོག་བསམ།།

འབྲོང་ནི་སྐེ་ཤེད་ཆེ་བས་རྫ་ལ་ཁུར།།

རྫ་ནི་ཁ་ཞེང་ཆེ་བས་མགོ་ཡུ་འཁོར།།

 

ཁྱོད་ནི་གླུ་བ་མི་བསམ་དགུ་བསམ་རེད།།

སྟག་ནི་དམར་ཡག་ཅིག་གིས་སྒོ་ཁྱི་བསམ།།

སྟག་ནི་སྐེ་ཤེད་ཆེ་བས་ནགས་ལ་ཁུར།།

ནགས་ནི་ཁ་རྒྱམ་ཆེ་བས་མགོ་ཡུ་འཁོར།།

 

ཁྱོད་ནི་གླུ་བ་མི་བསམ་དགུ་བསམ་རེད།།

རྐྱང་ནི་ཁ་དཀར་ཞིག་གིས་ཇག་རྟ་བསམ།།

རྐྱང་ནི་ཁ་ཤེད་ཆེ་བས་ན་ལ་ཁུར།།

ན་ནི་ཁ་རྒྱམ་ཆེ་བས་མགོ་ཡུ་འཁོར།།

 

ང་ནི་གླུ་བ་མི་བསམ་དགུ་བསམ་རེད།།

འབྲོང་ནི་བྲེ་སེར་ཞིག་གིས་སྒོ་ཟོག་བསམ།།

བློ་ནི་རིག་པའི་སྒོ་ནས་ཞགས་པ་འཕངས།།

ད་ནི་དེང་སང་གླུ་བའི་སྒོ་ཟོག་ཡིན།།

ང་ནི་གླུ་བའི་རྣམ་ཐར་དེ་འདྲ་རེད།།

 

ང་ནི་གླུ་བ་མི་བསམ་དགུ་བསམ་རེད།།

སྟག་ནི་དམར་ཡག་ཅིག་གིས་སྒོ་ཁྱི་བསམ།།

བློ་ནི་རིག་པའི་སྒོ་ནས་ལྕགས་ཐག་བསྐོན།།

ད་ནི་དེང་སང་གླུ་བའི་སྒོ་ཁྱི་ཡིན།།

ང་ནི་གླུ་བའི་རྣམ་ཐར་དེ་འདྲ་རེད།།

 

ང་ནི་གླུ་བ་མི་བསམ་དགུ་བསམ་རེད།།

རྐྱང་ནི་ཁ་དཀར་ཞིག་གིས་ཇག་རྟ་བསམ།།

བློ་ནི་རིག་པའི་སྒོ་ནས་སྲབ་ཅིག་བསྐོན།།

ད་ནི་དེང་སང་གླུ་བའི་ཇག་རྟ་ཡིན།།

ང་ནི་གླུ་བའི་རྣམ་ཐར་དེ་འདྲ་རེད།།

99

གླུ་སུའི་མཐོ་ལྟ་ན་སུའི་མཐོ་ལྟ།།

མཁར་རྩིག་རྩིག་བྱས་ནས་སུའི་མཐོ་ལྟ།།

གླུ་སུའི་ཡག་ལྟ་ན་སུའི་ཡག་ལྟ།།

འཇའ་ཤར་ཤར་བྱས་ནས་སུའི་ཡག་ལྟ།།

གླུ་སུའི་མང་ལྟ་ན་སུའི་མང་ལྟ།།

ཆུ་བཅུ་བཅུ་བྱས་ནས་སུའི་མང་ལྟ།།

100

རོགས་ཆུང་ལོ་བྱུ་རིའི་རྒྱན་ཆ་ཅན།།

སེམས་གངས་དཀར་ཡིད་ན་ནད་ཅིག་ཡོད།།

ནད་ཡོད་ནོ་ངས་ར་མ་ཤེས་འོ།།

ངས་ཅི་ཤེས་ཕ་མས་མ་ཤེས་ཟིག།

 

བོའུ་ཁྲ་རིང་དངུལ་དཀྲིས་གསུམ་པ་ཅན།།

ལུས་གཡོན་མའི་རྩ་ན་སྐྱོན་ཞིག་ཡོད།།

སྐྱོན་ཡོད་ནོ་ངས་ར་མ་ཤེས་འོ།།

ངས་ཅི་ཤེས་མགར་བས་མ་ཤེས་ཟིག།

 

རྟ་འདོ་བ་གསེར་གྱི་གདོང་མཐུར་ཅན།།

རྐང་རྨིག་བཞིའི་བར་ན་སྐྱོན་ཞིག་ཡོད།།

སྐྱོན་ཡོད་ནོ་ངས་མ་ཤེས་འོ།།

ངས་མི་ཤེས་བདག་པོས་མ་ཤེས་ཟིག།

101

འདིའི་རྫ་རི་ཁ་ཞེང་ཅན་པོ།།

ངའི་ཡིད་ལ་བརྒྱ་རེར་སྐྱེ་གི།

འདིའི་རྫ་ཆུ་འོ་མ་འདྲ་བོ།།

ངའི་ཡིད་ནས་བརྗེད་རྒྱུ་མེད་གི།

 

འདིའི་ནགས་རི་ཁ་རྒྱམ་ཅན་པོ།།

ངའི་ཡིད་ལ་བརྒྱ་རེར་སྐྱེ་གི།

འདིའི་སིལ་ཏོག་ཁ་མངར་ཅན་པོ།།

ངའི་ཡིད་ནས་བརྗེད་རྒྱུ་མེད་གི།

 

འདིའི་རུ་སྡེ་ཁ་རྒྱམ་ཅན་པོ།།

ངའི་ཡིད་ལ་བརྒྱ་རེ་སྐྱེ་གི།

འདིའི་ཆུང་འདྲིས་ཞེ་འདང་ཅན་པོ།།

ངའི་ཡིད་ནས་བརྗེད་རྒྱུ་མེད་གི།

102

རྟ་མ་བརྒྱུགས་དྲུག་ཤ་ལྷུང་ཐལ།།

ལྕག་མ་བྲབ་ཅི་ཡིས་ཡིན་ན།།

བོའུ་མ་འཕངས་དགོ་བརྒྱ་འདྲོགས་ཐལ།།

དུ་མ་འཕྱུར་ཅི་ཡིས་ཡིན་ན།།

རོགས་མ་བརྩེས་མྱི་ཁར་གྲགས་ཐལ།།

ཚིག་མ་བཤད་ཅི་ཡིས་ཡིན་ན།།

103

ངའི་ཆོས་ཆེན་བླ་མས་ཟེར་གི་ར།།

རོགས་འུ་གཉིས་མཛའ་མཐུན་གཅད་དགོས་ཟེར།།

ཅི་འདྲ་འདྲའི་བླ་རྒན་འབྱུང་མེད་ཅིག།

ཁྱོའི་ལག་གི་མདའ་དྲིལ་ཆ་མ་འདི།།

 

ཆ་ཁ་ཡས་མེད་ན་ཅི་འདྲ་རེད།།

རོགས་འུ་གཉིས་ཞེ་འདང་དེ་འདྲ་རེད།།

ངའི་དྲིན་ཅན་ཕ་ལོས་ཟེར་གི་ར།།

རོགས་འུ་གཉིས་ཞེ་འདང་གཅད་དགོས་ཟེར།།

 

ཅི་འདྲ་འདྲའི་ཕ་ལོ་འབྱུང་མེད་ཅིག།

ཁྱོའི་རྒྱབ་གི་ཁྲ་རིང་ཆ་མ་འདི།།

ཆ་ཁ་ཡས་མེད་ན་ཅི་འདྲ་རེད།།

རོགས་འུ་གཉིས་ཞེ་འདང་དེ་འདྲ་རེད།།

 

ངའི་དྲིན་ཅན་མ་ལོས་ཟེར་གི་ར།།

རོགས་འུ་གཉིས་ཞེ་འདང་གཅད་དགོས་ཟེར།།

ཅི་འདྲ་འདྲའི་མ་ལོ་འབྱུང་མེད་ཅིག།

ཁྱོའི་འདོག་གི་རྣ་ལུང་ཆ་མ་འདི།།

ཆ་ཁ་ཡས་མེད་ན་ཅི་འདྲ་རེད།།

རོགས་འུ་གཉིས་ཞེ་འདང་དེ་འདྲ་རེད།།

104

རོགས་དཔེ་མེད་མཐུན་ན་མི་ཉན་གི།

སེམས་གངས་དཀར་དཀྱིལ་གི་ནད་ཅིག་རེད།།

རྟ་དཔེ་མེད་མགྱོགས་ར་མི་ཉན་གི།

ཐང་ཨ་ཆེན་དཀྱིལ་ནས་རླུང་ཞིག་རེད།།

བོའུ་དཔེ་མེད་འབབ་ར་མི་ཉན་གི།

སྲོག་དམར་ཆུང་གན་གི་བདུད་ཅིག་རེད།།

105

ང་བོའུ་ཞིག་མེད་ད་བོའུ་ཞིག་ཡོད།།

བོའུ་ཁྲ་རིང་རང་གི་རྒྱབ་ན་ཡོད།།

ནང་ཁོག་མདའ་མ་སྤྲད་ཁུར་བསྡད་ཡོད།།

ནང་ཁོག་མདའ་སྤྲད་དུས་འཕེན་རྒྱུ་རེད།།

 

ང་རྟ་ཞིག་མེད་ད་རྟ་ཞིག་ཡོད།།

རྟ་འདོ་བ་རྩྭ་ཁ་བྱས་ནས་ཡོད།།

རྒྱུག་ར་མདའ་མ་དགོས་བསྐྱུར་བཞག་ཡོད།།

རྒྱུག་ར་མདའ་དགོས་དུས་ཞོན་རྒྱུ་རེད།།

 

ང་རོགས་ཤིག་མེད་ད་རོགས་ཤིག་ཡོད།།

རོགས་ཆུང་ལོ་སྡེ་ཆེན་གྲོང་ན་ཡོད།།

ཁྱིམ་མནའ་མར་མ་བླངས་བསྐྱུར་བཞག་ཡོད།།

ཁྱིམ་མནའ་མར་བླངས་དུས་ཚེ་རོགས་རེད།།

106

ངའི་གླུ་མགོ་ཤྭ་བརྒྱ་དགོ་བརྒྱ་རེད།།

ཁྱོས་ཟིན་གི་བསམ་ན་བདའ་ན་ཆོག།

ངའི་གླུ་སྐེད་ལྕགས་སྐུད་སུམ་སྒྲིམ་རེད།།

ཁྱོས་ཆོད་གི་བསམ་ན་འཐེན་གི་སྡོད།།

ངའི་གླུ་རྔ་མཚོ་མོ་ཡར་འཁྱིལ་རེད།།

ཁྱོས་མཛད་གི་བསམ་ན་ཆུས་གི་སྡོད།།

107

རྫ་ཁྲ་ཡག་གན་ལ་རྣམ་ཤེས་མེད།།

རྫ་ཁྲ་ཡག་གན་གི་རྣམ་ཤེས་སུ་རེད།།

རྫ་ཁྲ་ཡག་གན་གི་རྣམ་ཤེས་འབྲོང་རེད།།

 

ནགས་རྒྱ་རྫོང་གན་ལ་རྣམ་ཤེས་མེད།།

ནགས་རྒྱ་རྫོང་གན་གི་རྣམ་ཤེས་སུ་རེད།།

ནགས་རྒྱ་རྫོང་གན་གི་རྣམ་ཤེས་སྟག་རེད།།

 

སྡེ་ཆེན་པོ་གན་ལ་རྣམ་ཤེས་མེད།།

སྡེ་ཆེན་པོ་གན་གི་རྣམ་ཤེས་སུ་རེད།།

སྡེ་ཆེན་པོ་གན་གི་རྣམ་ཤེས་མྱི་རེད།།

108

འདིའི་རྟ་མང་ཕྱོགས་གི་རྟ་རྫི།།

རྟ་འཚོ་རོགས་དགོས་ན་ཤོད་ད།།

རྟ་འཚོ་རྒྱུ་མེད་ནི་མ་རེད།།

རོགས་ནི་ཁྱོད་ཕྱོགས་ས་ལ་སྐྱོ་གི།

 

འདིའི་ཟོག་མང་ཕྱོགས་གི་ཟོག་རྫི།།

ཟོག་འཚོ་རོགས་དགོས་ན་ཤོད་ད།།

ཟོག་འཚོ་རྒྱུ་མེད་ནི་མ་རེད།།

རོགས་ནི་ཁྱོད་ཕྱོགས་ས་ལ་སྐྱོ་གི།

 

འདིའི་ལུག་མང་ཕྱོགས་གི་ལུག་རྫི།།

ལུག་འཚོ་རོགས་དགོས་ན་ཤོད་ད།།

ལུག་འཚོ་རྒྱུ་མེད་ནི་མ་རེད།།

རོགས་ནི་ཁྱོད་ཕྱོགས་ས་ལ་སྐྱོ་གི།

109

སྤང་མེ་ཏོག་སེར་ཆེན་རིག་དུས།།

ཁྱོད་གཡུ་ཡི་སྦྲང་མ་དྲན་གི།

གན་སྟོན་ཟླ་རིང་མོའི་རྗེས་ནས།།

ཁྱོད་རིག་རྒྱུ་མེད་ན་སྡུག་གི།

110

སྡེ་ཁ་ཞེང་ཅན་པོ་རིག་དུས།།

རོགས་ཆུང་འདྲིས་བྱམས་པ་དྲན་གི།

ནང་ཁ་ཡ་ན་ཟླ་འཚོགས་དུས།།

རོགས་མཐོང་རྒྱུ་མེད་ན་སྡུག་གི།

111

ངས་མ་དྲན་མ་དྲན་ཆུང་འདྲིས་དྲན།།

ངས་ཆུང་འདྲིས་མིག་རྡོ་འདྲ་བོ་དྲན།།

རོགས་ཆུང་འདྲིས་ཡན་ཞིག་ངས་མ་རྙེད།།

རོགས་འུ་གཉིས་ངང་བ་ཚེ་འགྲོས་རེད།།

112

ཆར་བབས་ནས་ད་ནངས་ཟར་ཞིག་རེད།།

སྨུག་འཐིབས་ནས་ད་རུང་བསྡད་ཡོད་གི།

སྨུག་འཐིབས་ནོ་ཅི་ཡིན་མི་ཤེས་གི།

རྫ་ཁྲ་ཡག་མིན་ན་སུ་ལ་གསལ།།

 

རྟ་བརྒྱུགས་ནས་ད་ནངས་ཟར་ཞིག་རེད།།

རྡུལ་འཐིབས་ནས་ད་རུང་བསྡད་ཡོད་གི།

རྡུལ་འཐིབས་ནོ་ཅི་ཡིན་མི་ཤེས་གི།

ལམ་སྐྱ་མོ་མིན་ན་སུ་ལ་གསལ།།

 

རོགས་བརྩེས་ནས་ད་ནངས་ཟར་ཞིག་རེད།།

ཞེ་སྨྲེང་ནས་ད་རུང་བསྡད་ཡོད་གི།

ཞེ་སྨྲེང་ནོ་ཅི་ཡིན་མི་ཤེས་གི།

སེམས་གངས་དཀར་མིན་ན་སུ་ལ་གསལ།།

113

ནགས་རྒྱ་རྫོང་གན་གི་ནང་ན།།

བྱ་ཁུ་བྱུག་ཟེར་རྒྱུ་ཞིག་ཡོད།།

ནགས་རྒྱ་རྫོང་སྟོང་བ་མ་རེད།།

བྱ་ཁུ་ལོ་གྲགས་དུས་སྐྱིད་གི།

 

ལམ་སྐྱ་མོ་གན་གི་ནང་ན།།

རྟ་འདོ་བ་ཟེར་རྒྱུ་ཞིག་ཡོད།།

ལམ་སྐྱ་མོ་སྟོང་བ་མ་རེད།།

རྟ་འདོ་བ་འགྲོ་དུས་སྐྱིད་གི།

114

རྟ་འདོ་བ་འདི་ལ་རྨིག་བཞི་ཡོད།།

རྐང་རྨིག་བཞི་སྐྱི་བསེར་རླུང་ལ་འགྲན།།

རྒྱུག་གོམ་ལག་ཡོད་ན་དོན་དེ་ཡིས་རེད།།

རྐང་རྨིག་བཞི་ཚེ་ཐག་རིང་བར་ཤོག།

 

འབྲོང་རྣུ་ལུག་གན་ལ་རྭ་གཉིས་ཡོད།།

རྭ་ངར་མ་མི་བརྡར་ས་ཞིག་མེད།།

འབྲོང་ཁིས་ནས་བུད་དུས་རྭ་རིག་གི།

རྭ་ངར་མ་ཚེ་ཐག་རིང་བར་ཤོག།

 

ཁྱིམ་སྐྱིད་པོ་འདི་ལ་བཟའ་གཉིས་ཡོད།།

བཟའ་ཚེ་རོགས་མཉམ་འགྲོ་མཉམ་འདུག་རེད།།

ཁྱིམ་སྐྱིད་པོ་ཡོང་དོན་དེ་ཡིས་རེད།།

བཟའ་ཚེ་རོགས་ཚེ་ཐག་རིང་བར་ཤོག།

115

ངའི་མདང་གསུམ་རྨི་ལམ་གོང་མ་ན།།

གསེར་སེར་བོའི་ཆར་ཞིག་བབས་ནི་རྨིས།།

ངས་གསེར་ཆུ་ཕང་ལ་འཁྱིལ་ནི་རྨིས།།

ངའི་གསེར་སྐུད་ལག་པས་སྒྲིམ་ནི་རྨིས།།

 

ངའི་མདང་གསུམ་རྨི་ལམ་བར་མ་ན།།

དངུལ་དཀར་བོའི་ཆར་ཞིག་བབས་ནི་རྨིས།།

ངས་དངུལ་སྐུད་ལག་པས་སྒྲིམ་ནི་རྨིས།།

 

ངའི་མདང་གསུམ་རྨི་ལམ་ཞོལ་མ་ནས།།

དུང་དཀར་བོའི་ཆར་ཞིག་བབས་ནི་རྨིས།།

ངས་དུང་ཆུ་ཕང་ལ་འཁྱིལ་ནི་རྨིས།།

ངས་དུང་སྐུད་ལག་པས་སྒྲིམ་ནི་རྨིས།།

116

རོགས་གནའ་འདྲིས་ད་འདྲིས་ཆུང་འདྲིས་གསུམ།།

རོགས་གནའ་འདྲིས་གནའ་ཡི་རྩེ་རོགས་རེད།།

དུས་དེང་སང་སྡེ་བའི་ཆུང་མ་རེད།།

རོགས་ཁྱོད་ཚོ་སེམས་ལ་དྲན་གི་མེད།།

 

རོགས་གནའ་འདྲིས་ད་འདྲིས་ཆུང་འདྲིས་གསུམ།།

རོགས་ད་འདྲིས་དབྱར་གྱི་མེ་ཏོག་རེད།།

ཕྱི་ཡག་རུང་ཚེ་ཡག་ཨེ་ཡིན་ན།།

རོགས་ཁྱོད་ཚོ་སེམས་གི་ཐེ་ཚོམ་རེད།།

 

རོགས་གནའ་འདྲིས་ད་འདྲིས་ཆུང་འདྲིས་གསུམ།།

རོགས་ཆུང་འདྲིས་སེམས་ནས་མི་བོར་གི།

སེམས་བསམ་པ་ཁོ་ཐག་མི་ཆད་གི།

རོགས་ཁྱོད་ཚོ་ཚེ་ནོམ་ཡིན་ན་བསམ།།

117

སྡེ་ཆེན་པོ་རྨེ་བའི་ས་ཆ།།

རྐྱང་ཁ་དཀར་རྟ་ལ་འདྲེས་ས།།

ཤྭ་དགོ་ཆེན་རྩེད་མོ་རྩེ་ས།།

སའི་བསོད་ནམས་བཤད་ན་དེ་འདྲ་རེད།།

 

སྡེ་ཆེན་པོ་རྨེ་བའི་ས་ཆ།།

བྱ་ཁྱུང་ཁྱུང་སྟོང་འབབ་བྱེད་ས།།

གསོད་མི་ཉན་སྲོག་ཐར་གཏོང་ས།།

སའི་དགེ་བ་བཤད་ན་དེ་འདྲ་རེད།།

 

སྡེ་ཆེན་པོ་རྨེ་བའི་ས་ཆ།།

ཕ་ཨ་ཁུ་ཁ་ལྕེ་བདེ་ས།།

མ་བུ་མོ་སྐྱེ་གཟུགས་ཡག་ས།།

སའི་ལོ་རྒྱུས་བཤད་ན་དེ་འདྲ་རེད།།

118

ང་ཇག་པའི་ཇག་བུ་ཞིག་ལ།།

རྒྱུ་འབྱོར་བ་ཟེར་བ་མེད་གི།

ང་ཡོད་རྒྱུ་ཇག་རྟ་འདི་རེད།།

རྟ་འདི་སོ་མྱི་ཚེའི་རྒྱུ་ཡིན།།

 

ང་ཇག་པའི་ཇག་བུ་ཞིག་ལ།།

རྒྱུ་འབྱོར་བ་ཟེར་བ་མེད་གི།

ང་ཡོད་རྒྱུ་ཁྲ་རིང་བོའུ་རེད།།

བོའུ་འདི་སོ་མྱི་ཚེའི་རྒྱུ་རེད།།

 

ང་ཇག་པ་ཇག་བུ་ཞིག་ལ།།

རྒྱུ་འབྱོར་བ་ཟེར་བ་མེད་གི།

ང་ཡོད་རྒྱུ་རང་གི་སྲོག་རེད།།

སྲོག་འདི་སོ་རྒྱུ་ཡི་ཐུ་རེད།།

119

རྟ་འདོ་བ་སྐྱི་བསེར་རླུང་རེད།།

ལམ་སྐྱ་མོ་གཅོད་གི་མདའ་རེད།།

རྟ་འདོ་བའི་གོམ་ལག་བདེ་ནོ།།

ལམ་སྐྱ་མོ་གན་ལ་གསལ་གི།

120

རྫ་གན་ལ་མཐོ་རྒྱུ་མེད་གི།

རྫ་གན་ལ་དམའ་རྒྱུ་མེད་གི།

རྫ་གན་སོ་མ་འགྱུར་བསྡད་ན།།

དེའི་ཡན་གི་ཡག་ཅིག་མེད་གི།

 

རོགས་གན་ལ་ཡག་རྒྱུ་མེད་གི།

རོགས་གན་ལ་བཙོག་རྒྱུ་མེད་གི།

རོགས་གན་སོ་མ་འགྱུར་བསྡད་ན།།

དེའི་ཡན་གི་ཡན་ཅིག་མེད་གི།

121

ཁྱོའི་སྐེ་གི་བྱུ་རུའི་ཕྲེང་བ།།

རྒྱུ་ནོམ་པས་ཁུག་ས་མ་རེད།།

ཁྱོའི་བྲང་གི་སྙིང་ཆུང་དམར་པོ།།

ཕོ་ང་རས་ཉོས་ན་ཨེ་ཆོག།

122

འདིའི་རྫ་རི་ཐ་རེ་ཐོར་རེ་བོ།།

འདིའི་རྫ་ཆུ་ད་གེ་དིག་གེ་བོ།།

ངས་མི་འཐུང་འཐུང་ཁུལ་བྱས་དུས།།

ཁྱོས་ངོ་མ་འཐུང་གི་ཨེ་བསམ།།

 

འདིའི་ནགས་རི་ཐ་རེ་ཐོར་རེ་བོ།།

འདིའི་སིལ་ཏོག་སྐྱ་རེ་སྐྱུར་རེ་བོ།།

ངས་མི་བཟའ་ཟ་ཁུལ་བྱས་དུས།།

ཁྱོས་ངོ་མ་ཟ་གི་ཨེ་བསམ།།

 

འདིའི་རུ་སྡེ་ཐ་རེ་ཐོར་རེ་བོ།།

འདིའི་བག་ཞིས་སྨྱ་ནེ་སྨྱོན་ནེ་བོ།།

ང་མི་རྩེ་རྩེ་ཁུལ་བྱས་དུས།།

ཁྱོས་ངོ་མ་རྩེ་གི་ཨེ་བསམ།།

123

ཁྱོད་མར་མེ་རྐང་ཆུང་ཡིན་ན།།

ཁྱོད་གསལ་ཐོག་དེ་ནས་སྡོད་ད།།

ང་རླུང་ནག་འཚུབ་མ་ཡིན་རུང་།།

གསད་མི་ཉན་རྒྱུ་བོ་ལོས་ཤེས།།

 

ཁྱོད་རོགས་ཆུང་འདྲིས་རོགས་ལོ་ཡིན་ན།།

ཁྱོད་ཚིག་ཐོག་གཅིག་གི་སྡོད་ད།།

ང་སྣང་མེད་ཤར་ལུ་ཡིན་རུང་།།

འགལ་མི་ཉན་རྒྱུ་བོ་ལོས་ཤེས།།

 

ཁྱོད་གྱི་ལིང་གྱོ་རྒྱ་ཡིན་ན།།

ཁྱོད་རྒྱུགས་ཐོག་གཅིག་གི་སྡོད་ད།།

ང་བྲེལ་མོའི་ཤར་ལུ་ཡིན་རུང་།།

ལྕག་མི་བཤད་རྒྱུ་བོ་ལོས་ཤེས།།

124

ངའི་གླུ་མགོ་མདའ་དར་བཅུ་གསུམ་རེད།།

མདའ་ཁྱེར་ར་ལབ་ཙེ་བསྟོད་གི་འགྲོ།།

ངའི་གླུ་སྐེད་འབྲུ་དྲུག་ནས་སྔོན་རེད།།

ནས་ཁྱེར་ར་བཀྲ་ཤིས་བརྗོད་གི་འགྲོ།།

ངའི་གླུ་ཞོལ་བལ་དཀར་ཁ་ཆུ་རེད།།

བལ་ཁྱེར་ར་རྨུ་ཐག་འཐེན་གི་འགྲོ།།

125

རྫ་སྨུག་དྲུག་མགོ་ན་འཇའ་དྲུག་ཤར།།

རྗེ་བླ་མ་འཁྲུང་གི་རྟེན་འབྲེལ་རེད།།

ཆུ་རྨ་ཆུའི་སྟོད་ན་རྨ་དར་ཆགས།།

དབུས་ཇོ་བོར་མཇལ་གི་རྟེན་འབྲེལ་རེད།།

 

ཐང་ཆེན་པོའི་ཐོག་ལ་རྩི་ཏོག་རྒྱས།།

འབྲི་ཐུལ་ལུ་འདོག་གི་རྟེན་འབྲེལ་རེད།།

དགོང་ཡོས་ན་འབྲུག་ཆུང་ལྡི་རུ་རུ།།

ཆར་སིལ་མ་འབབ་གི་རྟེན་འབྲེལ་རེད།།

 

དེའི་མགོ་ན་ཉི་ཟླ་འོད་ཆེམ་ཆེམ།།

བོད་མགོ་ནག་སྐྱིད་གི་རྟེན་འབྲེལ་རེད།།

དེའི་ཁྱིམ་ལ་ཇ་ཆང་ལྡེམ་མེར་མེར།།

སྐྱིད་བུ་ཚ་སྐྱེ་བའི་རྟེན་འབྲེལ་རེད།།

126

ཕ་རུའི་རི་འདི་གསར་གྱི་རི།།

ཚུ་རུའི་རི་འདི་དངུལ་གྱི་རི།།

གསེར་དངུལ་གཉིས་ཀ་འཛོམས་གསུམ་འཛོམས།།

སང་ཕར་ལོ་དབུས་ལ་འགྲོ་དུས་ན།།

དབུས་ཇོ་བོར་གསེར་སོས་འཐེན་གི་འགྲོ།།

 

ཕ་རུའི་རི་འདི་གྲོ་ཡི་རི།།

ཚུ་རུའི་རི་འདི་འབྲས་ཀྱི་རི།།

གྲོ་འབྲས་གཉིས་ཀ་འཛོམས་གསུམ་འཛོམས།།

སང་ཕར་ལོ་དབུས་ལ་འགྲོ་དུས་ན།།

དབུས་ཇོ་བོར་མཆོད་པ་འབུལ་གི་འགྲོ།།

 

ཕ་རུའི་རི་འདི་གོས་ཀྱི་རི།།

ཚུ་རུའི་རི་འདི་དར་གྱི་རི།།

དར་གོས་གཉིས་ཀ་འཛོམས་གསུམ་འཛོམས།།

སང་ཕར་ལོ་དབུས་ལ་འགྲོ་དུས་ན།།

དབུས་ཇོ་བོར་མཇལ་དར་འཕེན་གི་འགྲོ།།

127

རོགས་ཁྱོད་ནི་གསེར་ཆུའི་ཕ་རོལ།།

རོགས་ང་ནི་གསེར་ཆུའི་ཚུར་རོལ།།

ཞེ་མཐུན་པ་གསེར་སྐུད་སུམ་སྒྲིམ།།

ཕྱི་སྡེ་བས་ཕྱི་སྐྱ་ལྷོད་གི།

ནང་སྡེ་བའི་ནང་སྐྱ་ལྷོད་གི།

སྐྱ་ཡང་སྒྲིམ་དགོས་ན་ཁྱོད་ཡིན།།

གསེར་ཁ་སྣོན་དགོས་ན་ང་ཡིན།།

 

རོགས་ཁྱོད་ནི་དངུལ་ཆུའི་ཕ་རོལ།།

རོགས་ང་ནི་དངུལ་ཆུའི་ཚུ་རོལ།།

ཞེ་མཐུན་པ་དངུལ་སྐུད་སུམ་སྒྲིམ།།

ཕྱི་སྡེ་བས་ཕྱི་སྐྱ་ལྷོད་གི།

ནང་བཟའ་བས་ནང་སྐྱ་ལྷོད་གི།

སྐྱ་ཡང་སྒྲིམ་དགོས་ན་ཁྱོད་ཡིན།།

དངུལ་ཁ་སྣོན་དགོས་ན་ང་ཡིན།།

128

རྫ་དཀར་དཀར་བུམ་པའི་ཞོལ་ན།།

ལུག་དཀར་མོ་ལྷས་ལ་བསྒོར་ཡོད།།

ལུག་ལྷས་ལ་འདེད་རོགས་བྱོས་ར།།

རོགས་འུ་ཚོ་འགྲོ་ཕྱོགས་གཅིག་རེད།།

129

ཁྱོད་ཡོད་པའི་ས་ཕྱོགས་དེ་ལ།།

ངའི་འདོ་བས་གོམ་གསུམ་སྤོས་ནི་བོ།།

རྗེས་མ་ཡལ་ད་རུང་ཨེ་ཡོད།།

 

ང་ཡོད་སའི་ས་ཕྱོགས་དེ་ལ།།

ཁྱོའི་འདོ་བས་གོམ་གསུམ་སྤོས་ཐལ།།

རྗེས་མ་ཡལ་ད་རུང་ཡོད་གི།

 

ཁྱོའི་འགྲམ་པའི་མཁུར་ཚོས་སྟེང་ལ།།

ངས་བདེ་མོའི་འོ་གསུམ་བྱས་ནི་བོ།།

རྗེས་མ་ཡལ་ད་རུང་ཨེ་ཡོད།།

 

ངའི་འགྲམ་པའི་མཁུར་ཚོས་སྟེང་ལ།།

ཁྱོས་བདེ་མོའི་འོ་གསུམ་བྱས་ནི་བོ།།

རྗེས་མ་ཡལ་ད་རུང་ཡོད་གི།

 

 

རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།