ཨ་མདོའི་དམངས་གླུ་གཅེས་བསྡུས་ལས་བསྟོད་གླུའི་སྐོར།

         འབྲུག་ཕོ་ཆུང་འདྲ་བའི་མགྲོན་ཞིག་བབས།
འབྲུག་ཕོ་ཆུང་འདྲ་བའི་མགྲོན་ཞིག་བབས།
སྤྲིན་གུར་ཁང་འདྲ་བའི་གཞི་ཞིག་བཟུང༌།།
ཆར་ཟིལ་མ་འདྲ་བའི་སྐུ་རེ་བསྟོད།།
 
བྱ་ཁྱུང་ཆེན་འདྲ་བའི་མགྲོན་ཞིག་བབས།།
མཐོ་རི་རྒྱལ་འདྲ་བའི་གཞི་ཞིག་བཟུང༌།།
ཁྱུང་ར་ནོར་འཛོམ་པའི་སྐུ་རེ་བསྟོད།།
 
རྐྱང་ཁ་དཀར་འདྲ་བའི་མགྲོན་ཞིག་བབས།།
སྤང་དཀར་ཡག་འདྲ་བའི་གཞི་ཞིག་བཟུང༌།།
འགྲོས་གྱི་ལིང་འདྲ་བའི་སྐུ་རེ་བསྟོད།།
 
        ཆང་མེད་ན་ཁ་མཚར་གླུ་ཡིས་བསྟོད།
གནམ་སྔོན་པོ་བསྟོད་ན་སྤྲིན་གྱིས་བསྟོད།།
སྤྲིན་མེད་ན་ཐང་དཀར་རྒོད་ཀྱིས་བསྟོད།།
 
ཁས་ལབ་རྩེ་བསྟོད་ན་དར་གྱིས་བསྟོད།།
དར་མེད་ན་གཡང་དཀར་བལ་གྱིས་བསྟོད།།
 
ཁྲོམ་གླུ་བ་བསྟོད་ན་ཆང་གིས་བསྟོད།།
ཆང་མེད་ན་ཁ་མཚར་གླུ་ཡིས་བསྟོད།།
 
         ཤིང་སིལ་ཏོག་འདྲ་བའི་གླུ་ཞིག་ལེན།
ང་གླུ་བ་ཡོང་ཡོང་ཤར་ནས་ཡོང༌།།
ཤར་ཉི་མ་འདྲ་ཞིག་ཤར་ནས་ཡོང༌།།
ཤར་ཉི་ཐིག་འདྲ་བའི་གླུ་ཞིག་ལེན།།
 
ང་གླུ་བ་ཡོང་ཡོང་ལྷོ་ནས་ཡོང༌།།
ལྷོ་གཡུ་འབྲུག་འདྲ་ཞིག་གྲགས་ནས་ཡོང༌།།
ཆར་ཟིལ་མ་འདྲ་བའི་གླུ་ཞིག་ལེན།།
 
ང་གླུ་བ་ཡོང་ཡོང་བྱང་ནས་ཡོང༌།།
བྱ་ཁུ་བྱུག་འདྲ་ཞིག་གྲགས་ནས་ཡོང༌།།
ཤིང་སིལ་ཏོག་འདྲ་བའི་གླུ་ཞིག་ལེན།།
 
            སྐུ་ཡང་བསྟོད་ཁ་མཚར་གླུ་ཡིས་བསྟོད།
རི་མཐོན་པོ་བསྟོད་ན་བསང་གིས་བསྟོད།།
སྐུ་ཡང་བསྟོད་དུང་དཀར་སྒྲ་ཡིས་བསྟོད།།
 
དཔོན་ཆེན་པོ་བསྟོད་ན་དམག་གིས་བསྟོད།།
སྐུ་ཡང་བསྟོད་དམར་པོ་དར་གྱིས་བསྟོད།།
 
ནང་ཁྲོམ་པ་བསྟོད་ན་ཆང་གིས་བསྟོད།།
སྐུ་ཡང་བསྟོད་ཁ་མཚར་གླུ་ཡིས་བསྟོད།།
 
             གཏམ་ཁ་ལྕེ་འཛོམས་པའི་སྐུ་རེ་བསྟོད།
གྲལ་གོང་མའི་གྲལ་འདི་གསེར་ཁྲིའི་གྲལ།།
འདི་སེར་པོ་གསེར་གྱི་ཁྲི་ཐོག་ན།།
དབུས་བླ་མ་འཛམ་གླིང་ཉི་མ་བཞུགས།།
ཆོས་ཁ་ཡིག་འཛོམས་པའི་སྐུ་རེ་བསྟོད།།
 
གྲལ་བར་མིའི་གྲལ་འདི་དངུལ་ཁྲིའི་གྲལ།།
འདི་དཀར་པོ་དངུལ་གྱི་ཁྲི་ཐོག་ན།།
བུ་དཔའ་བོ་རྒྱ་སྟག་དམར་པོ་བཞུགས།།
སྐེད་འཁོར་གསུམ་འཛོམས་པའི་སྐུ་རེ་བསྟོད།།
 
གྲལ་ཞོལ་མའི་གྲལ་འདི་དུང་ཁྲིའི་གྲལ།།
འདི་དཀར་པོ་དུང་གི་ཁྲི་ཐོག་ན།།
ཕ་མཁས་པ་དུང་གི་ཟླ་བ་བཞུགས།།
གཏམ་ཁ་ལྕེ་འཛོམས་པའི་སྐུ་རེ་བསྟོད།།
 
          བུ་ཕྲུག་སྐྱོང་མཁས་ཕ་མར་བསྟོད།
གཡུ་ལོ་བཀོད་པའི་ཞིང་ཁམས་ནས།།
རང་བྱོན་རྟ་བདུན་དབང་པོ་བསྟོད།།
 
ནོར་ལྡན་མཐའ་ཡས་རྒྱ་མཚོ་ནས།།
ཤེས་རབ་མཁས་པའི་དབང་པོ་བསྟོད།།
 
བཀྲ་ཤིས་འཁྱིལ་བའི་གུར་སྨུག་ནས།།
བུ་ཕྲུག་སྐྱོང་མཁས་ཕ་མར་བསྟོད།།
 
         ཇ་ཆང་གླུ་གསུམ་འཛོམས་པའི་སྐུ་རེ་བསྟོད།
བྱ་རྒྱལ་ཁྱུང་གི་རྭ་བར་ནས།།
ཉི་ཟླ་སྐར་གསུམ་རི་རོ་སྣང༌།།
ཉི་ཟླ་སྐར་གསུམ་འཛོམས་པའི་སྐུ་རེ་བསྟོད།།
 
ཐོང་བ་སྟག་གི་ཐོད་པ་ན།།
རྒྱ་བོད་སོག་གསུམ་ཡི་གེ་བབས།།
རྒྱ་བོད་སོག་གསུམ་འཛོམས་པའི་སྐུ་རེ་བསྟོད།།
 
གཞི་མགྲོན་གཉིས་ཀྱི་གུར་ནང་ན།།
ཇ་ཆང་གླུ་གསུམ་རྟེན་འབྲེལ་འཛོམས།།
ཇ་ཆང་གླུ་གསུམ་འཛོམས་པའི་སྐུ་རེ་བསྟོད།།
     
         ནང་ཁྲོམ་པ་ཡིད་བཞིན་ནོར་བུ་མཆོད།
ཟས་དཀར་གསུམ་ཕུད་ཀྱི་དང་པོ་འདི།།
སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོར་མཆོད།།
 
ཇ་གཡང་དམར་ཁ་ཡི་ཁུ་ནག་འདི།།
ནང་ཞྭ་སེར་བསྟན་པའི་བླ་མར་མཆོད།།
 
ཆང་ར་ཁུའི་ཁ་ཡི་སྨུག་ཆུང་འདི།།
ནང་ཁྲོམ་པ་ཡིད་བཞིན་ནོར་བུར་མཆོད།།
 
          གླུ་གར་རྩེད་འཛོམས་པའི་སྐུ་རེ་བསྟོད།
དགུང་ཨ་སྔོན་སྐྱིད་ཀྱི་གཞི་མ་རེད།།
འབྲུག་ཕོ་ཆུང་སྐྱིད་ཀྱི་ཁ་སྣོན་རེད།།
ཕྱུག་ནོར་བུ་འཛོམས་པའི་སྐུ་རེ་བསྟོད།།
 
ཐང་དཀར་ཡག་སྐྱིད་ཀྱི་གཞི་མ་རེད།།
ཕྱུགས་ནོར་ལུག་སྐྱིད་ཀྱི་ཁ་སྣོན་རེད།།
ཕྱུགས་ཐང་ལ་འཛོམས་པའི་སྐུ་རེ་བསྟོད།།
 
ཁྲོམ་འདིར་ཚོགས་སྐྱིད་ཀྱི་གཞི་མ་རེད།།
ཆང་བདུད་རྩི་སྐྱིད་ཀྱི་ཁ་སྣོན་རེད།།
གླུ་གར་རྩེད་འཛོམས་པའི་སྐུ་རེ་བསྟོད།།
 
           གངས་ནག་ཐིག་མེད་པའི་སྐུ་རེ་བསྟོད།
སྐྱིད་ཆེ་བ་གངས་རི་དཀར་པོ་རེད།།
གངས་ནག་ཐིག་མེད་པའི་སྐུ་རེ་བསྟོད།།
 
སྐྱིད་འབྲིང་བ་རྫ་རི་སྨུག་པོ་རེད།།
རྫ་མཐོ་དམན་མེད་པའི་སྐུ་རེ་བསྟོད།།
 
སྐྱིད་ཆུང་བ་རྨ་ཆུ་དལ་མོ་རེད།།
ཆུ་འོ་མ་འདྲ་བའི་སྐུ་རེ་བསྟོད།།
 
              ཡ་རབས་ཚང་གི་རྒྱབ་རི་གན།
སྐྱིད་ཡ་རབས་ཚང་གི་རྒྱབ་རི་གན།།
རྒྱབ་རི་རྒྱལ་སྲིད་སྣ་བདུན་འཛོམས།།
ཕ་བསོད་ནམས་ཆེ་བ་དེའི་དོན་རེད།།
 
སྐྱིད་ཡ་རབས་ཚང་གི་མདུན་རི་གན།།
མདུན་རི་མཚོ་མོ་རང་འཁྱིལ་རེད།།
མ་བྱང་སེམས་ཡོད་པ་དེའི་དོན་རེད།།
 
སྐྱིད་ཡ་རབས་ཚང་གི་གཡས་རི་གན།།
གཡས་རི་གཡུ་འབྲུག་སྔོན་མོ་རེད།།
བུ་དཔལ་རྩལ་འཛོམས་པ་དེའི་དོན་རེད།།
 
         དཔལ་གཡང་ཆགས་པའི་སྐུ་རེ་བསྟོད།
དགུང་སྔོན་མཐོན་པོའི་དབྱིངས་རིམ་ན།།
ལྷ་རང་བྱོན་ཁྲི་གདུགས་ཉི་མ་རེད།།
འདི་དྲོད་གསལ་འཛོམས་པའི་སྐུ་རེ་བསྟོད།།
 
བར་སྣང་སྤྲིན་གྱི་གུར་ཁང་ན།།
ལྷ་རང་བྱོན་གཡུ་འབྲུག་སྔོན་མོ་རེད།།
འདི་གསུང་སྙན་གྲགས་པའི་སྐུ་རེ་བསྟོད།།
 
ས་གཞི་པད་མ་འདབ་བརྒྱད་ན།།
ལྷ་རང་བྱོན་མེ་ཏོག་སྣ་ཚོགས་རེད།།
འདི་དཔལ་གཡང་ཆགས་པའི་སྐུ་རེ་བསྟོད།།
 
                གངས་རི་དཀར་པོ་རེད།
འདི་ཆེ་རྒྱབ་གངས་རི་དཀར་པོ་རེད།།
དགུང་ཉི་ཟླ་ཤར་ན་ཇེ་ཡག་རེད།།
 
འདི་འབྲིང་རྒྱབ་རྫ་རི་སྨུག་པོ་རེད།།
རྫ་མེ་ཏོག་བཞད་ན་ཇེ་ཡག་རེད།།
 
འདི་ཆུང་རྒྱབ་རྨ་ཆུ་དལ་མོ་རེད།།
ཆུ་འགྲམ་དར་ཆགས་ན་ཇེ་ཡག་རེད།།
 
                 སྟོད་དབུས་གཙང་གསེར་གྱི་མཆོད་རྟེན་རེད།
སྟོད་དབུས་གཙང་གསེར་གྱི་མཆོད་རྟེན་རེད།།
ཕ་བླ་མ་མགོ་ཡི་ཉི་ཟླ་རེད།།
བན་སེར་མོ་སྐེད་ཀྱི་བང་རིམ་རེད།།
ཆོས་ཀ་ཁ་ཁོག་གི་གཟུངས་འཇུག་རེད།།
 
སྨད་རྒྱ་ནག་དངུལ་གྱི་མཆོད་རྟེན་རེད།།
ནང་རྒྱལ་བོ་མགོ་ཡི་ཉི་ཟླ་རེད།།
དམག་མི་རྟ་སྐེད་ཀྱི་བང་རིམ་རེད།།
ཁྲིམས་མཚོན་ཆ་ཁོག་གི་གཟུངས་འཇུག་རེད།།
 
བོད་ཁ་བ་དུང་གི་མཆོད་རྟེན་རེད།།
དྲིན་ཕ་མ་མགོ་ཡི་ཉི་ཟླ་རེད།།
བུ་ཚ་བོ་སྐེད་ཀྱི་བང་རིམ་རེད།།
སེམས་བརྩི་བཀུར་ཁོག་གི་གཟུངས་འཇུག་རེད།།
 
            སྟོད་ཀན་ན་མེ་ཏོག་སེར་ཆེན་བཞད།
སྟོད་ཀན་ན་མེ་ཏོག་སེར་ཆེན་བཞད།།
དེའི་ནང་ནས་སེ་འབྲས་དགེ་གསུམ་འཁྲུངས།།
ཆོས་ཡོན་ཏན་ཟབ་པའི་སྐུ་རེ་བསྟོད།།
 
བར་ཀན་ན་མེ་ཏོག་པད་མ་བཞད།།
དེའི་ནང་ནས་སྒྲོལ་མ་སྟོང་སྐུ་འཁྲུངས།།
མི་རིགས་དྲུག་འདྲེན་པའི་སྐུ་རེ་བསྟོད།།
 
སྨད་ཀན་ན་མེ་ཏོག་གུར་ཀུམ་བཞད།།
དེའི་ནང་ནས་གོང་མ་རྒྱལ་བོ་འཁྲུངས།།
འབངས་བདེ་ལ་བཀོད་པའི་སྐུ་རེ་བསྟོད།།
 
           ལྷ་སའི་ཇོ་ལ་ན་བཟའ་འབུལ།
ཕ་རིའི་རི་འདི་གསེར་གྱི་རི།།
ཚུ་རིའི་རི་འདི་དངུལ་གྱི་རི།།
གསེར་དངུལ་གཉིས་ཀྱི་འདྲེས་མཚམས་ནས།།
སྟོད་ལྷ་སའི་ཇོ་ལ་གསེར་ཏོག་འབུལ།།
 
ཕ་རིའི་རི་འདི་གོས་ཀྱི་རི།།
ཚུ་རིའི་རི་འདི་དར་གྱི་རི།།
གོས་དར་གཉིས་ཀྱི་འདྲེས་མཚམས་ནས།།
སྟོད་ལྷ་སའི་ཇོ་ལ་ན་བཟའ་འབུལ།།
 
ཕ་རིའི་རི་འདི་གྲོ་ཡི་རི།།
ཚུ་རིའི་རི་འདི་ནས་ཀྱི་རི།་
གྲོ་ནས་གཉིས་ཀྱི་འདྲེས་མཚམས་ནས།།
སྟོད་ལྷ་སའི་ཇོ་ལ་མནྜལ་འབུལ།།
 
               མ་བུ་མོ་ཞིག་གི་འཛོམས་གསུམ།
རྟ་འདོ་བ་ཞིག་ལ་འཛོམས་གསུམ་ཡོད།།
སྒའི་སྔ་རུ་གསེར་གྱི་རི་མོ་ཅན།།
ཕྱི་རུ་དངུལ་གྱི་པ་ཏྲ་ཅན།།
ཡོབ་ཆེན་ཟངས་ཀྱི་ཆུ་སྲིན་ཅན།།
འདོ་རིགས་རྟ་བོའི་འཛོམས་གསུམ་རེད།།
 
སྟག་ཤ་ར་ཞིག་ལ་འཛོམས་གསུམ་ཡོད།།
དངུལ་གྱི་མེ་ཆ་འབུར་མ་ཅན།།
ཟངས་སྐུ་ཕྲ་མོ་བཞི་སླེས་ཅན།།
སྐེད་གྲི་ཆུང་ལྕགས་ཀྱི་རྣ་ཞགས་ཅན།།
སྟག་ཤ་ར་ཞིག་གི་འཛོམས་གསུམ་རེད།།
 
མ་བུ་མོ་ཞིག་ལ་འཛོམས་གསུམ་ཡོད།།
མགོ་ཝ་མོ་ཞྭ་ཁ་ཅ་ལ་ཅན།།
དངུལ་གྱི་རྣ་ལོང་འབུར་མ་ཅན།།
གཡུ་དྲུག་དཀར་འོད་ཀྱི་འདོགས་ཆ་ཅན།།
མ་བུ་མོ་ཞིག་གི་འཛོམས་གསུམ་རེད།།
 
               ས་པད་མ་འདབ་བརྒྱད།
བར་སྣང་ཁམས་ནས་འཇའ་གསུམ་ཤར།།
འཇའ་མགོ་མ་ཤར་ནས་དགུང་ལ་སོང༌།།
དགུང་ཉི་ཟླ་གཉིས་ཀ་གསལ་ཡང་ཆེ།།
 
འཇའ་བར་མ་ཤར་ནས་ལྷོ་ལ་སོང༌།།
ལྷོ་གཡུ་འབྲུག་སྔོན་མོའི་སྐད་སྙན་ཡག།
ཆར་ཟིལ་མ་བབས་ན་ཇེ་ཡག་རེད།།
 
འཇའ་གཞུག་མ་ཤར་ནས་ས་ལ་ཟུག།
ས་པད་མ་འདབ་བརྒྱད་ལོ་ཏོག་ཡག།
ས་དོག་མོ་པད་མ་བཀྲ་ཤིས་བཞད།།
 
         ཁ་ཇ་ཆང་འཛོམས་པའི་སྐུ་རེ་བསྟོད།
སྟོད་གངས་རི་ཏེ་སེ་སེང་གེའི་རྫོང༌།།
སེང་གཡུ་རལ་རྒྱས་པའི་སྐུ་རེ་བསྟོད།།
 
སྨད་མཐའ་ཡས་རྒྱ་མཚོ་ཉ་སྲམ་རྫོང༌།།
ཉ་གསེར་མིག་འཁྱིལ་བའི་སྐུ་རེ་བསྟོད།།
 
ཡུལ་འདི་ཚོགས་ཁྲོམ་པ་གླུ་བའི་རྫོང༌།།
ཁ་ཇ་ཆང་འཛོམས་པའི་སྐུ་རེ་བསྟོད།།
 
          དེ་རིང་ན་ཟླའི་ཁྲོམ་པ་ན།
མ་ཕམ་གཡུ་མཚོའི་མཚོ་ནང་ན།།
ཉ་སྲམ་མང་བོ་གཡང་རེ་ཆགས།།
 
ཙན་དན་ནགས་ཀྱི་ནགས་ཀླུང་ན།།
རྒྱ་སྟགས་དམར་བོ་གཡང་རེ་ཆགས།།
 
དེ་རིང་ན་ཟླའི་ཁྲོམ་པ་ན།།
བདུད་རྩི་ཟིལ་མ་གཡང་རེ་ཆགས།།
 
         ཕ་ཨ་ཁུ་དུང་དཀར་གཡས་འཁྱིལ་རེད།
ཕ་ཨ་ཁུ་དུང་དཀར་གཡས་འཁྱིལ་རེད།།
འབུད་མི་དགོས་དུང་དཀར་རང་གྲགས་རེད།།
མཚན་སྙན་གྲགས་ཆེ་བ་དེ་དོན་རེད།།
 
སྤུན་ཟླ་ཤེལ་གྱི་མེ་ལོང་རེད།།
ཕྱི་མི་དགོས་མེ་ལོང་རང་གསལ་རེད།།
བློ་དཀར་གསལ་འཛོམས་པ་དེ་དོན་རེད།།
 
མ་སྲུ་མོ་བྱུར་དཀར་ཕྲེང་བ་རེད།།
བགྲང་མི་དགོས་ན་ཎྀ་རང་གྲུབ་རེད།།
མ་རྒྱུ་འབྲས་ཡོད་པ་དེ་དོན་རེད།།
 
          བཞེངས་མི་དགོས་མཆོད་རྟེན་རང་གྲུབ།
དགུང་སྔོན་པོ་མ་ལས་མཆོད་ཁང་རེད།།
ནང་འབྲུག་ཆུང་མ་བཞེངས་ལྷ་སྐུ་རེད།།
སྤྲིན་དཀར་པོ་མ་འཐེན་མཇལ་དར་རེད།།
བཞེངས་མི་དགོས་མཆོད་ཁང་རང་གྲུབ་རེད།།
 
རྫ་ཁྲ་ཡག་མ་བཞེངས་མཆོད་རྟེན་རེད།།
རྡོ་གཡའ་མ་མ་བརྩིགས་བང་རིམ་རེད།།
ཁངས་དཀར་པོ་མ་བརྒྱབ་ས་རྩི་རེད།།
བཞེངས་མི་དགོས་མཆོད་རྟེན་རང་གྲུབ་རེད།།
 
སྤང་སེར་བོ་མ་ལས་ཅོག་ཙེ་རེད།།
ཆུ་གཙང་བོ་མ་ཕུལ་མཆོད་པ་རེད།།
ནགས་ཙན་དན་མ་སྒྲོན་སྤོས་ཐུར་རེད།།
འབུལ་མི་དགོས་མཆོད་པ་རང་གྲུབ་རེད།།
 
            ཤིང་གསོམ་པའི་བཟོ་ཟེའུ།
རྟ་འདོ་བའི་ཕ་ས་འབྲོག་ན་ཡོད།།
ཤིང་སྟག་པའི་སྒ་གཞི་རོང་ན་ཡོད།།
རྟ་ཞོན་གི་བསོད་ནམས་ང་ཚོར་ཡོད།།
 
གཡང་འབྲི་མོའི་ཕ་ས་འབྲོག་ན་ཡོད།།
ཤིང་གསོམ་པའི་བཞོ་ཟེའུ་རོང་ན་ཡོད།།
འདི་བཞོ་གི་བསོད་ནམས་ང་ཚོར་ཡོད།།
 
མཛོ་ཁྱུང་དཀར་ཕ་ས་འབྲོག་ན་ཡོད།།
ཤིང་བྲ་མའི་སྣ་གཅུ་རོང་ན་ཡོད།།
ཞིང་རྨོ་གི་བསོད་ནམས་ང་ཚོར་ཡོད།།
 
                    འབྲོག་པའི་རྩྭ་ཐང༌།
གངས་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་བོ།།
དཔེ་བཞག་ན་རྨ་ཆེན་གངས་རི་རེད།།
བོད་ཁ་བ་ཅན་གྱི་བླ་རི་རེད།།
གངས་ལོ་རེ་བསྡད་ན་ཇེ་མཐོ་རེད།།
བོད་དབུ་འཕང་མཐོ་བའི་རྟེན་འབྲེལ་རེད།།
 
དར་དཀར་པོའི་སྐེ་རགས་བཅིངས་འདྲ་བོ།།
དཔེ་བཞག་ན་རྨ་ཆུ་འབྲི་ཆུ་རེད།།
བོད་ཁ་བ་ཅན་གྱི་འཐུང་ཆུ་རེད།།
ཆུ་ལོ་རེར་བསྡད་ན་ཇེ་རྒྱས་རེད།།
བོད་དཔལ་འབྱོར་དར་བའི་རྟེན་འབྲེལ་རེད།།
 
གོས་ལྗང་སྨུག་ཐང་ལ་བཏིང་འདྲ་བོ།།
དཔེ་བཞག་ན་འབྲོག་ཡུལ་རྩྭ་ཐང་རེད།།
བོད་ཁ་བ་ཅན་གྱི་ཕ་ས་རེད།།
རྩྭ་ལོ་རེར་བསྡད་ན་ཇེ་མཐུག་རེད།།
བོད་ཕྱུགས་ཟོག་དར་བའི་རྟེན་འབྲེལ་རེད།།
 
                མི་རིགས་མཐུན་སྒྲིལ།
དགུང་ཨ་སྔོན་ཡག་གི་གུར་ཁང་ན།།
དགུང་ཉི་ཟླ་ཡག་གི་འོད་གསལ་བསྟོད།།
 
ནགས་ཙན་དན་ཡག་གི་སྐྱེད་ཚལ་ན།།
བྱ་ཁུ་བྱུག་ཡག་གི་གསུང་སྙན་བསྟོད།།
 
ནང་མེས་རྒྱལ་ཡག་གི་ཁྱིམ་ཆེན་ན།།
འབངས་མི་རིགས་ཡོངས་ཀྱི་མཐུན་སྒྲིལ་བསྟོད།།
 
               ཉི་མ་བཞིན་དུ་ཤར་ནས་ལེན།
གླུ་དང་བོ་ལེན་ན་ཤར་ལ་ལེན།།
ཤར་ཉི་མ་བཞིན་དུ་ཤར་ནས་ལེན།།
 
གླུ་བར་མ་ལེན་ན་ལྷོ་ལ་ལེན།།
ལྷོ་གཡུ་འབྲུག་བཞིན་དུ་གྲགས་ནས་ལེན།།
 
གླུ་གཞུག་མ་ལེན་ན་བྱང་ལ་ལེན།།
བྱང་ཁུ་བྱུག་བཞིན་དུ་གྲགས་ནས་ལེན།།
 
         ནང་ཁྲོམ་པ་སྐྱིད་པའི་རྟེན་འབྲེལ་རེད།
འབྲུག་སིང་སིང་དགུང་སྔོན་གནམ་ནས་གྲགས།།
ཆར་བསིལ་མ་འབབ་པའི་རྟེན་འབྲེལ་རེད།།
 
བྱ་སིང་སིང་རྒྱ་རྫོང་ནགས་ནས་གྲགས།།
ཟླ་བཞི་བ་ཚེས་པའི་རྟེན་འབྲེལ་རེད།།
 
གླུ་སིང་སིང་ཁྲོམ་པའི་གྲལ་ནས་གྲགས།།
ནང་ཁྲོམ་པ་སྐྱིད་པའི་རྟེན་འབྲེལ་རེད།།
 
          ཁྱིམ་འདི་ཚོ་ལྷ་ཁྱིམ་གུར་ཁྱིམ་རེད།
ཁྱིམ་འདི་ཚོ་ལྷ་ཁྱིམ་གུར་ཁྱིམ་རེད།།
ངས་གུར་ཁང་འཛོམས་པའི་གླུ་ཞིག་ལེན།།
 
མི་འདི་ཚོ་ལྷ་མི་དཔའ་མི་རེད།།
ངས་དཔའ་མཁར་འཛོམས་པའི་གླུ་ཞིག་ལེན།།
 
ཆང་འདི་ཚོ་བདུད་རྩི་བསིལ་མ་རེད།།
ངས་སིལ་ཏོག་འཛོམ་པའི་གླུ་ཞིག་ལེན།།
 
                   ཁུ་བྱུག་སྐད་སྙན།
མཐོ་ལ་དགུངསྔོན་གནམ་འདི་མཐོ།།
བརྗིད་ལ་གཡུ་འབྲུག་སྔོན་མོ་བརྗིད།།
ངས་མཐོ་ཞིང་བརྗིད་པའི་གླུ་ཞིག་ལེན།།
 
ཕྱུག་ལ་རྒྱ་རྫོང་ནགས་འདི་ཕྱུགས།།
བཙན་ལ་དམར་ཡག་སྟག་འདི་བཙན།།
ངས་བཙན་ཕྱུག་འཛོམས་པའི་གླུ་ཞིག་ལེན།།
 
ཡག་ལ་རྨ་བྱའི་སྒྲོ་འདི་ཡག།
སྙན་ལ་ཁུ་བྱུག་སྐད་འདི་སྙན།།
ངས་ཡག་སྙན་འཛོམས་པའི་གླུ་ཞིག་ལེན།།
 
           གྲལ་གོང་མའི་གྲལ་འདི་གོས་དམར་གྲལ།
གྲལ་གོང་མའི་གྲལ་འདི་གོས་དམར་གྲལ།།
གོས་དམར་པོ་འབྲུག་གི་རི་མོའི་གྲལ།།
འདིའི་སྟེང་ལ་བཀྲ་ཤིས་རྟགས་བརྒྱད་བབས།།
 
གྲལ་བར་མའི་གྲལ་འདི་གོས་དཀར་གྲལ།།
གོས་དཀར་པོ་རྒོད་ཀྱི་སྤུ་གྲིའི་གྲལ།།
འདིའི་སྟེང་ལ་པད་མ་འདབ་བརྒྱད་བབས།།
 
གྲལ་ཞོལ་མའི་གྲལ་འདི་གོས་སྔོན་གྲལ།།
གོས་སྔོན་པོ་སྲམ་གྱི་ཁ་གཤམ་གྲལ།།
འདིའི་སྟེང་ལ་རྒྱུད་སྤུན་སྣ་བདུན་བབས།།
 
         གནམ་སྔོན་པོ་དགུང་ལ་སྤྲིན་གྱིས་བཟུང༌།
གནམ་སྔོན་པོ་དགུང་ལ་སྤྲིན་གྱིས་བཟུང༌།།
ཆར་ཟིལ་མ་འབབ་པའི་རྟེན་འབྲེལ་རེད།།
འདི་རྟེན་འབྲེལ་ཡག་གི་སྐུ་རེ་བསྟོད།།
 
ས་གཞི་ནག་པོ་རླན་གྱིས་བཟུང༌།།
འདི་འབྲུ་དྲུག་སྨིན་པའི་རྟེན་འབྲེལ་རེད།།
འདི་རྟེན་འབྲེལ་ཡག་གི་སྐུ་རེ་བསྟོད།།
 
སྦྲ་ནག་པོའི་ནང་ལ་དུ་བས་བཟུང༌།།
འདི་ཞང་ཚན་འདུས་པའི་རྟེན་འབྲེལ་རེད།།
འདི་རྟེན་འབྲེལ་ཡག་གི་སྐུ་རེ་བསྟོད།།
 
             མདོ་ལ་རིང་མོའི་རི་མགོ་ན།
མདོ་ལ་རིང་མོའི་རི་མགོ་ན།།
ཕ་བླ་མ་བཟང་པོས་གུར་ཞིག་ཕུབ།།
གུར་ནང་ཐམས་ཅད་ཆོས་ཀྱིས་བཀང༌།།
ནང་བན་ཆུང་འཚོགས་ན་འདོན་རྐྱང་རེད།།
 
མདོ་ལ་རིང་མོའི་རི་སྐེད་ན།།
དགེ་དཔོན་བཟང་པོས་གུར་ཞིག་ཕུབ།།
གུར་ནང་རྩེ་སྤྱད་སྣ་ཚོགས་བཀང༌།།
བུ་ཁྲོམ་ལ་འཚོགས་ན་རྩེ་རྐྱང་རེད།།
 
མདོ་ལ་རིང་མོའི་རི་འདབས་ན།།
མ་སྲུ་བཟང་པོས་གུར་ཞིག་ཕུབ།།
གུར་ནང་ཐམས་ཅད་ཟས་ཀྱིས་བཀང༌།།
ཕྱི་མགྲོན་པོ་འཚོགས་ན་འདྲེན་རྐྱང་རེད།།
 
              བཀྲ་ཤིས་ཁ་བཏགས་དཀར་པོ།
ངའི་ལག་གི་ཆང་དཀར་བུམ་པ་འདི།།
ཕྱི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཡོད།།
འདིའི་ནང་ན་བདུད་རྩི་བསིལ་མ་ཡོད།།
དེ་རིང་ཁྲོམ་པའི་གྲལ་ལ་འབུལ།།
 
ངའི་ལག་གི་ཇ་དཀར་བུམ་པ་འདི།།
ཕྱི་རི་མོ་ནོར་བུ་ཆ་བདུན་ཡོད།།
འདིའི་ནང་ན་འབྲི་ཇ་དཀར་པོ་ཡོད།།
དེ་རིང་ཁྲོམ་པའི་གྲལ་ལ་འབུལ།།
 
ངའི་ལག་གི་ཁ་བཏགས་དཀར་པོ་འདི།།
ཕྱི་རི་མོ་པད་མ་སྟོང་ལྡན་ཡོད།།
ནང་རི་མོ་སངས་རྒྱས་སྟོང་སྐུ་ཡོད།།
དེ་རིང་ཁྲོམ་པའི་གྲལ་ལ་འབུལ།།
 
          འོ་ཇ་དཀར་པོའི་གསོལ་སྟོན།
ཁྲོམ་པའི་གྲལ་གྱི་གྲལ་མགོ་ན།།
ཟས་སྡེར་ཁའི་བང་རིམ་བསྒྲིགས་ནས་ཡོད།།
དེ་བཞེས་གི་དཔོན་པོ་བསོད་ནམས་ཆེ།།
དེ་འདྲེན་གི་ན་ཟླ་ཚེ་ཐག་རིང༌།།
 
ཁྲོམ་པའི་གྲལ་གྱི་གྲལ་སྐེད་ན།།
ཆང་བདུད་རྩིའི་བེམ་ཁ་བལྟེམས་མེ་ཡོད།།
དེ་བཞེས་གི་ཨ་ཁུ་བསོད་ནམས་ཆེ།།
དེ་འདྲེན་གི་མ་སྲུ་ཚེ་ཐག་རིང༌།།
 
ཁྲོམ་པའི་གྲལ་གྱི་གྲལ་རྔ་ན།།
ཇ་འོ་མའི་རླངས་པ་འཐིབས་སེ་ཡོད།།
དེ་བཞེས་གི་ཕ་མ་བསོད་ནམས་ཆེ།།
དེ་འདྲེན་གི་བུ་ཆུང་ཚེ་ཐག་རིང༌།།
 
         སྐེད་གྲི་ཆུང་དར་གྱི་དཔའ་ལུང་ཅན།
ཝ་དམར་པོ་གྲ་ཁ་མཛེས་ཡག་མ།།
ན་ནིང་བྲག་དམར་ཐེམ་ན་ཡོད།།
ད་ལོ་ཨ་ཞང་མགོ་ན་ཡོད།།
དེ་གོན་གི་ཨ་ཞང་བསོད་ནམས་ཆེ།།
 
གོས་ལྗང་ནག་འབྲུག་གི་རི་མོ་ཅན།།
ན་ནིང་རྒྱ་ནག་ཁྲོམ་ན་ཡོད།།
ད་ལོ་ཨ་ནེའི་ལུས་ན་ཡོད།།
དེ་གོན་གི་ཨ་ནེ་བསོད་ནམས་ཆེ།།
 
སྐེད་གྲི་དར་གྱི་དཔའ་ལུང་ཅན།།
ན་ནིང་མགར་བའི་ལག་ན་ཡོད།།
ད་ལོ་བུ་ཚའི་སྐེད་ན་ཡོད།།
དེ་འདོགས་པའི་བུ་ཚ་བསོད་ནམས་ཆེ།།
 
           གོས་ཚ་རུའི་འདབས་ཁ་སྲམ་གྱིས་བརྒྱན།
མཐོན་པོས་མཐོན་པོ་བསྟོད་རྒྱུ་ན།།
དགུང་ཨ་སྔོན་མཁའ་རུ་སྤྲིན་གྱིས་བསྟོད།།
སྤྲིན་དཀར་དམར་རྒྱུ་འཕྲུལ་ལྟད་མོ་ཡོད།།
 
མགྱོགས་པས་མགྱོགས་པ་བསྟོད་རྒྱུ་ན།།
རྟ་འདོ་བའི་བང་ཁ་རླུང་གིས་བསྟོད།།
རྟ་མགྱོགས་པའི་འཕུར་འགྲོས་ལྟད་མོ་ཡོད།།
 
ཡག་པས་ཡག་པ་བསྟོད་རྒྱུ་ན།།
གོས་ཚ་རུའི་འདབས་ཁ་སྲམ་གྱིས་བསྟོད།།
སྲམ་གྲ་ཁ་བསྡེབས་ན་ལྟད་མོ་ཡོད།།
 
            ལུང་བ་གསུམ་ན་ཆུ་མགོ་གསུམ།
ཉིན་ཁ་གསུམ་ན་མཆོད་རྟེན་གསུམ།།
ཕ་བླ་མ་གསུམ་གྱིས་བཞེངས་ཚུལ་ཡག།
ངས་ཡང་ཡང་བཞེངས་པའི་སྨོན་ལམ་འདེབས།།
 
ཁས་ཀ་གསུམ་ན་ལམ་རྩེ་གསུམ།།
སྟག་ཤ་ར་གསུམ་གྱིས་བསྟོད་ཚུལ་ཡག།
ངས་ཡང་ཡང་བསྟོད་པའི་སྨོན་ལམ་འདེབས།།
 
ལུང་བ་གསུམ་ན་ཆུ་མགོ་གསུམ།།
མ་སྲུ་མོ་གསུམ་གྱིས་བཅུས་ཚུལ་ཡག།
ངས་ཡང་ཡང་བཅུ་བའི་སྨོན་ལམ་འདེབས།།
 
            འདི་འདྲའི་བསོད་ནམས་རང་གྲུབ་ཅིག
སེང་གེ་དཀར་མོ་གངས་ན་ཡོད།།
སེང་ཕྲུག་མང་བོ་མཐའ་ན་ཡོད།།
དེ་འདྲའི་བསོད་ནམས་རང་གྲུབ་ཅིག
 
རྒྱ་སྟག་དམར་པོ་ནགས་ན་ཡོད།།
སྟག་ཕྲུག་མང་བོ་མཐའ་ན་ཡོད།།
ཐིག་ལེ་ཁྲ་མོ་རྒྱབ་ན་ཡོད།།
དེ་འདྲའི་བསོད་ནམས་རང་གྲུབ་ཅིག
 
ཕ་ཨ་ཁུ་བཟང་བོ་གོང་ན་བཞུགས།།
བུ་དང་ཚ་བོ་མཐའ་ན་ཡོད།།
བདུད་རྩི་བསིལ་མ་མདུན་ན་ཡོད།།
དེ་འདྲའི་བསོད་ནམས་རང་གྲུབ་ཅིག
 
              བུ་བུ་མོ་སྐྱོང་གི་རྟེན་འབྲེལ་རེད།
དགུང་སྔོན་གནམ་གྱི་འབྲུག་ཆུང་གཅིག།
བར་སྣང་ཁམས་ཀྱི་ཁྱུང་ཆེན་གཉིས།།
འདི་གཉིས་ཀྱི་འཕུར་ལམ་གཅིག་པ་འདི།
ཆར་ཟིལ་མ་འབབ་པའི་རྟེན་འབྲེལ་རེད།།
 
གངས་དཀར་པོའི་ཟུར་གྱི་སེང་གེ་གཅིག།
ནགས་ཙན་དན་ཁུག་གི་རྒྱ་སྟག་གཉིས།།
འདི་གཉིས་ཀྱི་མཆོང་ལམ་གཅིག་པ་འདི།།
དགྲ་ནག་པོ་གནོན་པའི་རྟེན་འབྲེལ་རེད།།
 
ཡོན་ཏན་ལྡན་པའི་ན་གཞོན་གཅིག།
ཁྱིམ་ལས་མཁས་པའི་བུ་མོ་གཉིས།།
འདི་གཉིས་ཀྱིས་གཉེན་ཞིག་སྒྲིག་པ་འདི།།
ནང་བཟའ་ཚང་སྐྱིད་པའི་རྟེན་འབྲེལ་རེད།།
 
           ཡར་ནང་སྡེ་དང་མར་ནང་སྡེ།
ཡར་ནང་རྫ་དང་མར་ནང་རྫ།།
ཡར་ནང་རྫ་ཡི་(འབྲི་)ཆུང་འདི།།
མར་ནང་རྫ་ལ་བྱིན་ནས་ཡོད།།
འབྲོང་རྩི་ཏོག་ཕྱོགས་ལ་འཛོམས་ནས་ཡོད།།
ང་ཡར་ནང་དགའ་ཞིང་སྤྲོ་ནས་ཡོད།།
 
ཡར་ནང་སྤང་དང་མར་ནང་སྤང༌།།
ཡར་ནང་སྤང་གི་རྟེའུ་ལོ་འདི།།
མར་ནང་སྤང་ལ་བྱིན་ནས་ཡོད།།
སྤང་མེ་ཏོག་ཕྱོགས་ལ་འཛོམས་ནས་ཡོད།།
ང་ཡར་ནང་དགའ་ཞིང་སྤྲོ་ནས་ཡོད།།
 
ཡར་ནང་སྡེ་དང་མར་ནང་སྡེ།།
ཡར་ནང་སྡེ་བའི་བུ་མོ་འདི།།
མར་ནང་སྡེ་ལ་བྱིན་ནས་ཡོད།།
ཁ་ཇ་ཆང་ཕྱོགས་ལ་འཛོམས་ནས་ཡོད།།
ང་ཡར་སྡེ་དགའ་ཞིང་སྤྲོ་ནས་ཡོད།།
 
             མག་ལྕུག་བཅིངས་པ།
དགུང་སྔོན་པོ་འདྲ་བའི་ཨ་ཞང་ཚོས།།
ལྷོ་གཡུ་འབྲུག་འདྲ་བའི་མག་པ་ལ།།
སྤྲིན་དཀར་པོ་འདྲ་བའི་མག་ཞྭ་གྱོན།།
 
རྫ་ཁྲ་ཡག་འདྲ་པའི་ཨ་ཞང་ཚོས།།
སྟག་དམར་ཡག་འདྲ་བའི་མག་པ་ལ།།
སྤང་ཁྲ་མོ་འདྲ་བའི་མག་གོས་གྱོན།།
 
མཚོ་སྔོན་པོ་འདྲ་བའི་ཨ་ཞང་ཚོས།།
ཉ་གསེར་མིག་འདྲ་བའི་མག་པ་ལ།།
མཚོ་དར་ཞེང་འདྲ་བའི་(ནག་)ལྕུག་བཅིངས།།
 
          བར་བ་ཡོང་ཡོང་ཤར་ནས་ཡོང༌།
བར་བ་ཡོང་ཡོང་ཤར་ནས་ཡོང༌།།
ཤར་འཛམ་གླིང་ཉི་མར་འགྲོགས་ནས་ཡོང༌།།
འདི་དྲོད་ཁོལ་འཛོམས་པའི་རྟེན་འབྲེལ་རེད།།
 
བར་བ་ཡོང་ཡོང་ལྷོ་ནས་ཡོང༌།།
ལྷོ་གཡུ་འབྲུག་སྔོན་མོར་འགྲོགས་ནས་ཡོང༌།།
འདི་ཆར་ཟིལ་མ་འབབ་པའི་རྟེན་འབྲེལ་རེད།།
 
བར་བ་ཡོང་ཡོང་བྱང་ནས་ཡོང༌།།
བྱ་ཁུ་བྱུག་སྔོན་མོར་འགྲོགས་ནས་ཡོང༌།།
ཚིག་སྙན་དོན་བཟང་འགྲུབ་པའི་རྟེན་འབྲེལ་རེད།།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མདོའི་དམངས་གླུ་གཅེས་བསྡུས་ལས་བསྟོད་གླུའི་སྐོར།

2008-11-03 བོད་མི་དམངས། ཀློག་གྲངས། མཆན ཡོད།

         འབྲུག་ཕོ་ཆུང་འདྲ་བའི་མགྲོན་ཞིག་བབས།
འབྲུག་ཕོ་ཆུང་འདྲ་བའི་མགྲོན་ཞིག་བབས།
སྤྲིན་གུར་ཁང་འདྲ་བའི་གཞི་ཞིག་བཟུང༌།།
ཆར་ཟིལ་མ་འདྲ་བའི་སྐུ་རེ་བསྟོད།།
 
བྱ་ཁྱུང་ཆེན་འདྲ་བའི་མགྲོན་ཞིག་བབས།།
མཐོ་རི་རྒྱལ་འདྲ་བའི་གཞི་ཞིག་བཟུང༌།།
ཁྱུང་ར་ནོར་འཛོམ་པའི་སྐུ་རེ་བསྟོད།།
 
རྐྱང་ཁ་དཀར་འདྲ་བའི་མགྲོན་ཞིག་བབས།།
སྤང་དཀར་ཡག་འདྲ་བའི་གཞི་ཞིག་བཟུང༌།།
འགྲོས་གྱི་ལིང་འདྲ་བའི་སྐུ་རེ་བསྟོད།།
 
        ཆང་མེད་ན་ཁ་མཚར་གླུ་ཡིས་བསྟོད།
གནམ་སྔོན་པོ་བསྟོད་ན་སྤྲིན་གྱིས་བསྟོད།།
སྤྲིན་མེད་ན་ཐང་དཀར་རྒོད་ཀྱིས་བསྟོད།།
 
ཁས་ལབ་རྩེ་བསྟོད་ན་དར་གྱིས་བསྟོད།།
དར་མེད་ན་གཡང་དཀར་བལ་གྱིས་བསྟོད།།
 
ཁྲོམ་གླུ་བ་བསྟོད་ན་ཆང་གིས་བསྟོད།།
ཆང་མེད་ན་ཁ་མཚར་གླུ་ཡིས་བསྟོད།།
 
         ཤིང་སིལ་ཏོག་འདྲ་བའི་གླུ་ཞིག་ལེན།
ང་གླུ་བ་ཡོང་ཡོང་ཤར་ནས་ཡོང༌།།
ཤར་ཉི་མ་འདྲ་ཞིག་ཤར་ནས་ཡོང༌།།
ཤར་ཉི་ཐིག་འདྲ་བའི་གླུ་ཞིག་ལེན།།
 
ང་གླུ་བ་ཡོང་ཡོང་ལྷོ་ནས་ཡོང༌།།
ལྷོ་གཡུ་འབྲུག་འདྲ་ཞིག་གྲགས་ནས་ཡོང༌།།
ཆར་ཟིལ་མ་འདྲ་བའི་གླུ་ཞིག་ལེན།།
 
ང་གླུ་བ་ཡོང་ཡོང་བྱང་ནས་ཡོང༌།།
བྱ་ཁུ་བྱུག་འདྲ་ཞིག་གྲགས་ནས་ཡོང༌།།
ཤིང་སིལ་ཏོག་འདྲ་བའི་གླུ་ཞིག་ལེན།།
 
            སྐུ་ཡང་བསྟོད་ཁ་མཚར་གླུ་ཡིས་བསྟོད།
རི་མཐོན་པོ་བསྟོད་ན་བསང་གིས་བསྟོད།།
སྐུ་ཡང་བསྟོད་དུང་དཀར་སྒྲ་ཡིས་བསྟོད།།
 
དཔོན་ཆེན་པོ་བསྟོད་ན་དམག་གིས་བསྟོད།།
སྐུ་ཡང་བསྟོད་དམར་པོ་དར་གྱིས་བསྟོད།།
 
ནང་ཁྲོམ་པ་བསྟོད་ན་ཆང་གིས་བསྟོད།།
སྐུ་ཡང་བསྟོད་ཁ་མཚར་གླུ་ཡིས་བསྟོད།།
 
             གཏམ་ཁ་ལྕེ་འཛོམས་པའི་སྐུ་རེ་བསྟོད།
གྲལ་གོང་མའི་གྲལ་འདི་གསེར་ཁྲིའི་གྲལ།།
འདི་སེར་པོ་གསེར་གྱི་ཁྲི་ཐོག་ན།།
དབུས་བླ་མ་འཛམ་གླིང་ཉི་མ་བཞུགས།།
ཆོས་ཁ་ཡིག་འཛོམས་པའི་སྐུ་རེ་བསྟོད།།
 
གྲལ་བར་མིའི་གྲལ་འདི་དངུལ་ཁྲིའི་གྲལ།།
འདི་དཀར་པོ་དངུལ་གྱི་ཁྲི་ཐོག་ན།།
བུ་དཔའ་བོ་རྒྱ་སྟག་དམར་པོ་བཞུགས།།
སྐེད་འཁོར་གསུམ་འཛོམས་པའི་སྐུ་རེ་བསྟོད།།
 
གྲལ་ཞོལ་མའི་གྲལ་འདི་དུང་ཁྲིའི་གྲལ།།
འདི་དཀར་པོ་དུང་གི་ཁྲི་ཐོག་ན།།
ཕ་མཁས་པ་དུང་གི་ཟླ་བ་བཞུགས།།
གཏམ་ཁ་ལྕེ་འཛོམས་པའི་སྐུ་རེ་བསྟོད།།
 
          བུ་ཕྲུག་སྐྱོང་མཁས་ཕ་མར་བསྟོད།
གཡུ་ལོ་བཀོད་པའི་ཞིང་ཁམས་ནས།།
རང་བྱོན་རྟ་བདུན་དབང་པོ་བསྟོད།།
 
ནོར་ལྡན་མཐའ་ཡས་རྒྱ་མཚོ་ནས།།
ཤེས་རབ་མཁས་པའི་དབང་པོ་བསྟོད།།
 
བཀྲ་ཤིས་འཁྱིལ་བའི་གུར་སྨུག་ནས།།
བུ་ཕྲུག་སྐྱོང་མཁས་ཕ་མར་བསྟོད།།
 
         ཇ་ཆང་གླུ་གསུམ་འཛོམས་པའི་སྐུ་རེ་བསྟོད།
བྱ་རྒྱལ་ཁྱུང་གི་རྭ་བར་ནས།།
ཉི་ཟླ་སྐར་གསུམ་རི་རོ་སྣང༌།།
ཉི་ཟླ་སྐར་གསུམ་འཛོམས་པའི་སྐུ་རེ་བསྟོད།།
 
ཐོང་བ་སྟག་གི་ཐོད་པ་ན།།
རྒྱ་བོད་སོག་གསུམ་ཡི་གེ་བབས།།
རྒྱ་བོད་སོག་གསུམ་འཛོམས་པའི་སྐུ་རེ་བསྟོད།།
 
གཞི་མགྲོན་གཉིས་ཀྱི་གུར་ནང་ན།།
ཇ་ཆང་གླུ་གསུམ་རྟེན་འབྲེལ་འཛོམས།།
ཇ་ཆང་གླུ་གསུམ་འཛོམས་པའི་སྐུ་རེ་བསྟོད།།
     
         ནང་ཁྲོམ་པ་ཡིད་བཞིན་ནོར་བུ་མཆོད།
ཟས་དཀར་གསུམ་ཕུད་ཀྱི་དང་པོ་འདི།།
སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོར་མཆོད།།
 
ཇ་གཡང་དམར་ཁ་ཡི་ཁུ་ནག་འདི།།
ནང་ཞྭ་སེར་བསྟན་པའི་བླ་མར་མཆོད།།
 
ཆང་ར་ཁུའི་ཁ་ཡི་སྨུག་ཆུང་འདི།།
ནང་ཁྲོམ་པ་ཡིད་བཞིན་ནོར་བུར་མཆོད།།
 
          གླུ་གར་རྩེད་འཛོམས་པའི་སྐུ་རེ་བསྟོད།
དགུང་ཨ་སྔོན་སྐྱིད་ཀྱི་གཞི་མ་རེད།།
འབྲུག་ཕོ་ཆུང་སྐྱིད་ཀྱི་ཁ་སྣོན་རེད།།
ཕྱུག་ནོར་བུ་འཛོམས་པའི་སྐུ་རེ་བསྟོད།།
 
ཐང་དཀར་ཡག་སྐྱིད་ཀྱི་གཞི་མ་རེད།།
ཕྱུགས་ནོར་ལུག་སྐྱིད་ཀྱི་ཁ་སྣོན་རེད།།
ཕྱུགས་ཐང་ལ་འཛོམས་པའི་སྐུ་རེ་བསྟོད།།
 
ཁྲོམ་འདིར་ཚོགས་སྐྱིད་ཀྱི་གཞི་མ་རེད།།
ཆང་བདུད་རྩི་སྐྱིད་ཀྱི་ཁ་སྣོན་རེད།།
གླུ་གར་རྩེད་འཛོམས་པའི་སྐུ་རེ་བསྟོད།།
 
           གངས་ནག་ཐིག་མེད་པའི་སྐུ་རེ་བསྟོད།
སྐྱིད་ཆེ་བ་གངས་རི་དཀར་པོ་རེད།།
གངས་ནག་ཐིག་མེད་པའི་སྐུ་རེ་བསྟོད།།
 
སྐྱིད་འབྲིང་བ་རྫ་རི་སྨུག་པོ་རེད།།
རྫ་མཐོ་དམན་མེད་པའི་སྐུ་རེ་བསྟོད།།
 
སྐྱིད་ཆུང་བ་རྨ་ཆུ་དལ་མོ་རེད།།
ཆུ་འོ་མ་འདྲ་བའི་སྐུ་རེ་བསྟོད།།
 
              ཡ་རབས་ཚང་གི་རྒྱབ་རི་གན།
སྐྱིད་ཡ་རབས་ཚང་གི་རྒྱབ་རི་གན།།
རྒྱབ་རི་རྒྱལ་སྲིད་སྣ་བདུན་འཛོམས།།
ཕ་བསོད་ནམས་ཆེ་བ་དེའི་དོན་རེད།།
 
སྐྱིད་ཡ་རབས་ཚང་གི་མདུན་རི་གན།།
མདུན་རི་མཚོ་མོ་རང་འཁྱིལ་རེད།།
མ་བྱང་སེམས་ཡོད་པ་དེའི་དོན་རེད།།
 
སྐྱིད་ཡ་རབས་ཚང་གི་གཡས་རི་གན།།
གཡས་རི་གཡུ་འབྲུག་སྔོན་མོ་རེད།།
བུ་དཔལ་རྩལ་འཛོམས་པ་དེའི་དོན་རེད།།
 
         དཔལ་གཡང་ཆགས་པའི་སྐུ་རེ་བསྟོད།
དགུང་སྔོན་མཐོན་པོའི་དབྱིངས་རིམ་ན།།
ལྷ་རང་བྱོན་ཁྲི་གདུགས་ཉི་མ་རེད།།
འདི་དྲོད་གསལ་འཛོམས་པའི་སྐུ་རེ་བསྟོད།།
 
བར་སྣང་སྤྲིན་གྱི་གུར་ཁང་ན།།
ལྷ་རང་བྱོན་གཡུ་འབྲུག་སྔོན་མོ་རེད།།
འདི་གསུང་སྙན་གྲགས་པའི་སྐུ་རེ་བསྟོད།།
 
ས་གཞི་པད་མ་འདབ་བརྒྱད་ན།།
ལྷ་རང་བྱོན་མེ་ཏོག་སྣ་ཚོགས་རེད།།
འདི་དཔལ་གཡང་ཆགས་པའི་སྐུ་རེ་བསྟོད།།
 
                གངས་རི་དཀར་པོ་རེད།
འདི་ཆེ་རྒྱབ་གངས་རི་དཀར་པོ་རེད།།
དགུང་ཉི་ཟླ་ཤར་ན་ཇེ་ཡག་རེད།།
 
འདི་འབྲིང་རྒྱབ་རྫ་རི་སྨུག་པོ་རེད།།
རྫ་མེ་ཏོག་བཞད་ན་ཇེ་ཡག་རེད།།
 
འདི་ཆུང་རྒྱབ་རྨ་ཆུ་དལ་མོ་རེད།།
ཆུ་འགྲམ་དར་ཆགས་ན་ཇེ་ཡག་རེད།།
 
                 སྟོད་དབུས་གཙང་གསེར་གྱི་མཆོད་རྟེན་རེད།
སྟོད་དབུས་གཙང་གསེར་གྱི་མཆོད་རྟེན་རེད།།
ཕ་བླ་མ་མགོ་ཡི་ཉི་ཟླ་རེད།།
བན་སེར་མོ་སྐེད་ཀྱི་བང་རིམ་རེད།།
ཆོས་ཀ་ཁ་ཁོག་གི་གཟུངས་འཇུག་རེད།།
 
སྨད་རྒྱ་ནག་དངུལ་གྱི་མཆོད་རྟེན་རེད།།
ནང་རྒྱལ་བོ་མགོ་ཡི་ཉི་ཟླ་རེད།།
དམག་མི་རྟ་སྐེད་ཀྱི་བང་རིམ་རེད།།
ཁྲིམས་མཚོན་ཆ་ཁོག་གི་གཟུངས་འཇུག་རེད།།
 
བོད་ཁ་བ་དུང་གི་མཆོད་རྟེན་རེད།།
དྲིན་ཕ་མ་མགོ་ཡི་ཉི་ཟླ་རེད།།
བུ་ཚ་བོ་སྐེད་ཀྱི་བང་རིམ་རེད།།
སེམས་བརྩི་བཀུར་ཁོག་གི་གཟུངས་འཇུག་རེད།།
 
            སྟོད་ཀན་ན་མེ་ཏོག་སེར་ཆེན་བཞད།
སྟོད་ཀན་ན་མེ་ཏོག་སེར་ཆེན་བཞད།།
དེའི་ནང་ནས་སེ་འབྲས་དགེ་གསུམ་འཁྲུངས།།
ཆོས་ཡོན་ཏན་ཟབ་པའི་སྐུ་རེ་བསྟོད།།
 
བར་ཀན་ན་མེ་ཏོག་པད་མ་བཞད།།
དེའི་ནང་ནས་སྒྲོལ་མ་སྟོང་སྐུ་འཁྲུངས།།
མི་རིགས་དྲུག་འདྲེན་པའི་སྐུ་རེ་བསྟོད།།
 
སྨད་ཀན་ན་མེ་ཏོག་གུར་ཀུམ་བཞད།།
དེའི་ནང་ནས་གོང་མ་རྒྱལ་བོ་འཁྲུངས།།
འབངས་བདེ་ལ་བཀོད་པའི་སྐུ་རེ་བསྟོད།།
 
           ལྷ་སའི་ཇོ་ལ་ན་བཟའ་འབུལ།
ཕ་རིའི་རི་འདི་གསེར་གྱི་རི།།
ཚུ་རིའི་རི་འདི་དངུལ་གྱི་རི།།
གསེར་དངུལ་གཉིས་ཀྱི་འདྲེས་མཚམས་ནས།།
སྟོད་ལྷ་སའི་ཇོ་ལ་གསེར་ཏོག་འབུལ།།
 
ཕ་རིའི་རི་འདི་གོས་ཀྱི་རི།།
ཚུ་རིའི་རི་འདི་དར་གྱི་རི།།
གོས་དར་གཉིས་ཀྱི་འདྲེས་མཚམས་ནས།།
སྟོད་ལྷ་སའི་ཇོ་ལ་ན་བཟའ་འབུལ།།
 
ཕ་རིའི་རི་འདི་གྲོ་ཡི་རི།།
ཚུ་རིའི་རི་འདི་ནས་ཀྱི་རི།་
གྲོ་ནས་གཉིས་ཀྱི་འདྲེས་མཚམས་ནས།།
སྟོད་ལྷ་སའི་ཇོ་ལ་མནྜལ་འབུལ།།
 
               མ་བུ་མོ་ཞིག་གི་འཛོམས་གསུམ།
རྟ་འདོ་བ་ཞིག་ལ་འཛོམས་གསུམ་ཡོད།།
སྒའི་སྔ་རུ་གསེར་གྱི་རི་མོ་ཅན།།
ཕྱི་རུ་དངུལ་གྱི་པ་ཏྲ་ཅན།།
ཡོབ་ཆེན་ཟངས་ཀྱི་ཆུ་སྲིན་ཅན།།
འདོ་རིགས་རྟ་བོའི་འཛོམས་གསུམ་རེད།།
 
སྟག་ཤ་ར་ཞིག་ལ་འཛོམས་གསུམ་ཡོད།།
དངུལ་གྱི་མེ་ཆ་འབུར་མ་ཅན།།
ཟངས་སྐུ་ཕྲ་མོ་བཞི་སླེས་ཅན།།
སྐེད་གྲི་ཆུང་ལྕགས་ཀྱི་རྣ་ཞགས་ཅན།།
སྟག་ཤ་ར་ཞིག་གི་འཛོམས་གསུམ་རེད།།
 
མ་བུ་མོ་ཞིག་ལ་འཛོམས་གསུམ་ཡོད།།
མགོ་ཝ་མོ་ཞྭ་ཁ་ཅ་ལ་ཅན།།
དངུལ་གྱི་རྣ་ལོང་འབུར་མ་ཅན།།
གཡུ་དྲུག་དཀར་འོད་ཀྱི་འདོགས་ཆ་ཅན།།
མ་བུ་མོ་ཞིག་གི་འཛོམས་གསུམ་རེད།།
 
               ས་པད་མ་འདབ་བརྒྱད།
བར་སྣང་ཁམས་ནས་འཇའ་གསུམ་ཤར།།
འཇའ་མགོ་མ་ཤར་ནས་དགུང་ལ་སོང༌།།
དགུང་ཉི་ཟླ་གཉིས་ཀ་གསལ་ཡང་ཆེ།།
 
འཇའ་བར་མ་ཤར་ནས་ལྷོ་ལ་སོང༌།།
ལྷོ་གཡུ་འབྲུག་སྔོན་མོའི་སྐད་སྙན་ཡག།
ཆར་ཟིལ་མ་བབས་ན་ཇེ་ཡག་རེད།།
 
འཇའ་གཞུག་མ་ཤར་ནས་ས་ལ་ཟུག།
ས་པད་མ་འདབ་བརྒྱད་ལོ་ཏོག་ཡག།
ས་དོག་མོ་པད་མ་བཀྲ་ཤིས་བཞད།།
 
         ཁ་ཇ་ཆང་འཛོམས་པའི་སྐུ་རེ་བསྟོད།
སྟོད་གངས་རི་ཏེ་སེ་སེང་གེའི་རྫོང༌།།
སེང་གཡུ་རལ་རྒྱས་པའི་སྐུ་རེ་བསྟོད།།
 
སྨད་མཐའ་ཡས་རྒྱ་མཚོ་ཉ་སྲམ་རྫོང༌།།
ཉ་གསེར་མིག་འཁྱིལ་བའི་སྐུ་རེ་བསྟོད།།
 
ཡུལ་འདི་ཚོགས་ཁྲོམ་པ་གླུ་བའི་རྫོང༌།།
ཁ་ཇ་ཆང་འཛོམས་པའི་སྐུ་རེ་བསྟོད།།
 
          དེ་རིང་ན་ཟླའི་ཁྲོམ་པ་ན།
མ་ཕམ་གཡུ་མཚོའི་མཚོ་ནང་ན།།
ཉ་སྲམ་མང་བོ་གཡང་རེ་ཆགས།།
 
ཙན་དན་ནགས་ཀྱི་ནགས་ཀླུང་ན།།
རྒྱ་སྟགས་དམར་བོ་གཡང་རེ་ཆགས།།
 
དེ་རིང་ན་ཟླའི་ཁྲོམ་པ་ན།།
བདུད་རྩི་ཟིལ་མ་གཡང་རེ་ཆགས།།
 
         ཕ་ཨ་ཁུ་དུང་དཀར་གཡས་འཁྱིལ་རེད།
ཕ་ཨ་ཁུ་དུང་དཀར་གཡས་འཁྱིལ་རེད།།
འབུད་མི་དགོས་དུང་དཀར་རང་གྲགས་རེད།།
མཚན་སྙན་གྲགས་ཆེ་བ་དེ་དོན་རེད།།
 
སྤུན་ཟླ་ཤེལ་གྱི་མེ་ལོང་རེད།།
ཕྱི་མི་དགོས་མེ་ལོང་རང་གསལ་རེད།།
བློ་དཀར་གསལ་འཛོམས་པ་དེ་དོན་རེད།།
 
མ་སྲུ་མོ་བྱུར་དཀར་ཕྲེང་བ་རེད།།
བགྲང་མི་དགོས་ན་ཎྀ་རང་གྲུབ་རེད།།
མ་རྒྱུ་འབྲས་ཡོད་པ་དེ་དོན་རེད།།
 
          བཞེངས་མི་དགོས་མཆོད་རྟེན་རང་གྲུབ།
དགུང་སྔོན་པོ་མ་ལས་མཆོད་ཁང་རེད།།
ནང་འབྲུག་ཆུང་མ་བཞེངས་ལྷ་སྐུ་རེད།།
སྤྲིན་དཀར་པོ་མ་འཐེན་མཇལ་དར་རེད།།
བཞེངས་མི་དགོས་མཆོད་ཁང་རང་གྲུབ་རེད།།
 
རྫ་ཁྲ་ཡག་མ་བཞེངས་མཆོད་རྟེན་རེད།།
རྡོ་གཡའ་མ་མ་བརྩིགས་བང་རིམ་རེད།།
ཁངས་དཀར་པོ་མ་བརྒྱབ་ས་རྩི་རེད།།
བཞེངས་མི་དགོས་མཆོད་རྟེན་རང་གྲུབ་རེད།།
 
སྤང་སེར་བོ་མ་ལས་ཅོག་ཙེ་རེད།།
ཆུ་གཙང་བོ་མ་ཕུལ་མཆོད་པ་རེད།།
ནགས་ཙན་དན་མ་སྒྲོན་སྤོས་ཐུར་རེད།།
འབུལ་མི་དགོས་མཆོད་པ་རང་གྲུབ་རེད།།
 
            ཤིང་གསོམ་པའི་བཟོ་ཟེའུ།
རྟ་འདོ་བའི་ཕ་ས་འབྲོག་ན་ཡོད།།
ཤིང་སྟག་པའི་སྒ་གཞི་རོང་ན་ཡོད།།
རྟ་ཞོན་གི་བསོད་ནམས་ང་ཚོར་ཡོད།།
 
གཡང་འབྲི་མོའི་ཕ་ས་འབྲོག་ན་ཡོད།།
ཤིང་གསོམ་པའི་བཞོ་ཟེའུ་རོང་ན་ཡོད།།
འདི་བཞོ་གི་བསོད་ནམས་ང་ཚོར་ཡོད།།
 
མཛོ་ཁྱུང་དཀར་ཕ་ས་འབྲོག་ན་ཡོད།།
ཤིང་བྲ་མའི་སྣ་གཅུ་རོང་ན་ཡོད།།
ཞིང་རྨོ་གི་བསོད་ནམས་ང་ཚོར་ཡོད།།
 
                    འབྲོག་པའི་རྩྭ་ཐང༌།
གངས་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་བོ།།
དཔེ་བཞག་ན་རྨ་ཆེན་གངས་རི་རེད།།
བོད་ཁ་བ་ཅན་གྱི་བླ་རི་རེད།།
གངས་ལོ་རེ་བསྡད་ན་ཇེ་མཐོ་རེད།།
བོད་དབུ་འཕང་མཐོ་བའི་རྟེན་འབྲེལ་རེད།།
 
དར་དཀར་པོའི་སྐེ་རགས་བཅིངས་འདྲ་བོ།།
དཔེ་བཞག་ན་རྨ་ཆུ་འབྲི་ཆུ་རེད།།
བོད་ཁ་བ་ཅན་གྱི་འཐུང་ཆུ་རེད།།
ཆུ་ལོ་རེར་བསྡད་ན་ཇེ་རྒྱས་རེད།།
བོད་དཔལ་འབྱོར་དར་བའི་རྟེན་འབྲེལ་རེད།།
 
གོས་ལྗང་སྨུག་ཐང་ལ་བཏིང་འདྲ་བོ།།
དཔེ་བཞག་ན་འབྲོག་ཡུལ་རྩྭ་ཐང་རེད།།
བོད་ཁ་བ་ཅན་གྱི་ཕ་ས་རེད།།
རྩྭ་ལོ་རེར་བསྡད་ན་ཇེ་མཐུག་རེད།།
བོད་ཕྱུགས་ཟོག་དར་བའི་རྟེན་འབྲེལ་རེད།།
 
                མི་རིགས་མཐུན་སྒྲིལ།
དགུང་ཨ་སྔོན་ཡག་གི་གུར་ཁང་ན།།
དགུང་ཉི་ཟླ་ཡག་གི་འོད་གསལ་བསྟོད།།
 
ནགས་ཙན་དན་ཡག་གི་སྐྱེད་ཚལ་ན།།
བྱ་ཁུ་བྱུག་ཡག་གི་གསུང་སྙན་བསྟོད།།
 
ནང་མེས་རྒྱལ་ཡག་གི་ཁྱིམ་ཆེན་ན།།
འབངས་མི་རིགས་ཡོངས་ཀྱི་མཐུན་སྒྲིལ་བསྟོད།།
 
               ཉི་མ་བཞིན་དུ་ཤར་ནས་ལེན།
གླུ་དང་བོ་ལེན་ན་ཤར་ལ་ལེན།།
ཤར་ཉི་མ་བཞིན་དུ་ཤར་ནས་ལེན།།
 
གླུ་བར་མ་ལེན་ན་ལྷོ་ལ་ལེན།།
ལྷོ་གཡུ་འབྲུག་བཞིན་དུ་གྲགས་ནས་ལེན།།
 
གླུ་གཞུག་མ་ལེན་ན་བྱང་ལ་ལེན།།
བྱང་ཁུ་བྱུག་བཞིན་དུ་གྲགས་ནས་ལེན།།
 
         ནང་ཁྲོམ་པ་སྐྱིད་པའི་རྟེན་འབྲེལ་རེད།
འབྲུག་སིང་སིང་དགུང་སྔོན་གནམ་ནས་གྲགས།།
ཆར་བསིལ་མ་འབབ་པའི་རྟེན་འབྲེལ་རེད།།
 
བྱ་སིང་སིང་རྒྱ་རྫོང་ནགས་ནས་གྲགས།།
ཟླ་བཞི་བ་ཚེས་པའི་རྟེན་འབྲེལ་རེད།།
 
གླུ་སིང་སིང་ཁྲོམ་པའི་གྲལ་ནས་གྲགས།།
ནང་ཁྲོམ་པ་སྐྱིད་པའི་རྟེན་འབྲེལ་རེད།།
 
          ཁྱིམ་འདི་ཚོ་ལྷ་ཁྱིམ་གུར་ཁྱིམ་རེད།
ཁྱིམ་འདི་ཚོ་ལྷ་ཁྱིམ་གུར་ཁྱིམ་རེད།།
ངས་གུར་ཁང་འཛོམས་པའི་གླུ་ཞིག་ལེན།།
 
མི་འདི་ཚོ་ལྷ་མི་དཔའ་མི་རེད།།
ངས་དཔའ་མཁར་འཛོམས་པའི་གླུ་ཞིག་ལེན།།
 
ཆང་འདི་ཚོ་བདུད་རྩི་བསིལ་མ་རེད།།
ངས་སིལ་ཏོག་འཛོམ་པའི་གླུ་ཞིག་ལེན།།
 
                   ཁུ་བྱུག་སྐད་སྙན།
མཐོ་ལ་དགུངསྔོན་གནམ་འདི་མཐོ།།
བརྗིད་ལ་གཡུ་འབྲུག་སྔོན་མོ་བརྗིད།།
ངས་མཐོ་ཞིང་བརྗིད་པའི་གླུ་ཞིག་ལེན།།
 
ཕྱུག་ལ་རྒྱ་རྫོང་ནགས་འདི་ཕྱུགས།།
བཙན་ལ་དམར་ཡག་སྟག་འདི་བཙན།།
ངས་བཙན་ཕྱུག་འཛོམས་པའི་གླུ་ཞིག་ལེན།།
 
ཡག་ལ་རྨ་བྱའི་སྒྲོ་འདི་ཡག།
སྙན་ལ་ཁུ་བྱུག་སྐད་འདི་སྙན།།
ངས་ཡག་སྙན་འཛོམས་པའི་གླུ་ཞིག་ལེན།།
 
           གྲལ་གོང་མའི་གྲལ་འདི་གོས་དམར་གྲལ།
གྲལ་གོང་མའི་གྲལ་འདི་གོས་དམར་གྲལ།།
གོས་དམར་པོ་འབྲུག་གི་རི་མོའི་གྲལ།།
འདིའི་སྟེང་ལ་བཀྲ་ཤིས་རྟགས་བརྒྱད་བབས།།
 
གྲལ་བར་མའི་གྲལ་འདི་གོས་དཀར་གྲལ།།
གོས་དཀར་པོ་རྒོད་ཀྱི་སྤུ་གྲིའི་གྲལ།།
འདིའི་སྟེང་ལ་པད་མ་འདབ་བརྒྱད་བབས།།
 
གྲལ་ཞོལ་མའི་གྲལ་འདི་གོས་སྔོན་གྲལ།།
གོས་སྔོན་པོ་སྲམ་གྱི་ཁ་གཤམ་གྲལ།།
འདིའི་སྟེང་ལ་རྒྱུད་སྤུན་སྣ་བདུན་བབས།།
 
         གནམ་སྔོན་པོ་དགུང་ལ་སྤྲིན་གྱིས་བཟུང༌།
གནམ་སྔོན་པོ་དགུང་ལ་སྤྲིན་གྱིས་བཟུང༌།།
ཆར་ཟིལ་མ་འབབ་པའི་རྟེན་འབྲེལ་རེད།།
འདི་རྟེན་འབྲེལ་ཡག་གི་སྐུ་རེ་བསྟོད།།
 
ས་གཞི་ནག་པོ་རླན་གྱིས་བཟུང༌།།
འདི་འབྲུ་དྲུག་སྨིན་པའི་རྟེན་འབྲེལ་རེད།།
འདི་རྟེན་འབྲེལ་ཡག་གི་སྐུ་རེ་བསྟོད།།
 
སྦྲ་ནག་པོའི་ནང་ལ་དུ་བས་བཟུང༌།།
འདི་ཞང་ཚན་འདུས་པའི་རྟེན་འབྲེལ་རེད།།
འདི་རྟེན་འབྲེལ་ཡག་གི་སྐུ་རེ་བསྟོད།།
 
             མདོ་ལ་རིང་མོའི་རི་མགོ་ན།
མདོ་ལ་རིང་མོའི་རི་མགོ་ན།།
ཕ་བླ་མ་བཟང་པོས་གུར་ཞིག་ཕུབ།།
གུར་ནང་ཐམས་ཅད་ཆོས་ཀྱིས་བཀང༌།།
ནང་བན་ཆུང་འཚོགས་ན་འདོན་རྐྱང་རེད།།
 
མདོ་ལ་རིང་མོའི་རི་སྐེད་ན།།
དགེ་དཔོན་བཟང་པོས་གུར་ཞིག་ཕུབ།།
གུར་ནང་རྩེ་སྤྱད་སྣ་ཚོགས་བཀང༌།།
བུ་ཁྲོམ་ལ་འཚོགས་ན་རྩེ་རྐྱང་རེད།།
 
མདོ་ལ་རིང་མོའི་རི་འདབས་ན།།
མ་སྲུ་བཟང་པོས་གུར་ཞིག་ཕུབ།།
གུར་ནང་ཐམས་ཅད་ཟས་ཀྱིས་བཀང༌།།
ཕྱི་མགྲོན་པོ་འཚོགས་ན་འདྲེན་རྐྱང་རེད།།
 
              བཀྲ་ཤིས་ཁ་བཏགས་དཀར་པོ།
ངའི་ལག་གི་ཆང་དཀར་བུམ་པ་འདི།།
ཕྱི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཡོད།།
འདིའི་ནང་ན་བདུད་རྩི་བསིལ་མ་ཡོད།།
དེ་རིང་ཁྲོམ་པའི་གྲལ་ལ་འབུལ།།
 
ངའི་ལག་གི་ཇ་དཀར་བུམ་པ་འདི།།
ཕྱི་རི་མོ་ནོར་བུ་ཆ་བདུན་ཡོད།།
འདིའི་ནང་ན་འབྲི་ཇ་དཀར་པོ་ཡོད།།
དེ་རིང་ཁྲོམ་པའི་གྲལ་ལ་འབུལ།།
 
ངའི་ལག་གི་ཁ་བཏགས་དཀར་པོ་འདི།།
ཕྱི་རི་མོ་པད་མ་སྟོང་ལྡན་ཡོད།།
ནང་རི་མོ་སངས་རྒྱས་སྟོང་སྐུ་ཡོད།།
དེ་རིང་ཁྲོམ་པའི་གྲལ་ལ་འབུལ།།
 
          འོ་ཇ་དཀར་པོའི་གསོལ་སྟོན།
ཁྲོམ་པའི་གྲལ་གྱི་གྲལ་མགོ་ན།།
ཟས་སྡེར་ཁའི་བང་རིམ་བསྒྲིགས་ནས་ཡོད།།
དེ་བཞེས་གི་དཔོན་པོ་བསོད་ནམས་ཆེ།།
དེ་འདྲེན་གི་ན་ཟླ་ཚེ་ཐག་རིང༌།།
 
ཁྲོམ་པའི་གྲལ་གྱི་གྲལ་སྐེད་ན།།
ཆང་བདུད་རྩིའི་བེམ་ཁ་བལྟེམས་མེ་ཡོད།།
དེ་བཞེས་གི་ཨ་ཁུ་བསོད་ནམས་ཆེ།།
དེ་འདྲེན་གི་མ་སྲུ་ཚེ་ཐག་རིང༌།།
 
ཁྲོམ་པའི་གྲལ་གྱི་གྲལ་རྔ་ན།།
ཇ་འོ་མའི་རླངས་པ་འཐིབས་སེ་ཡོད།།
དེ་བཞེས་གི་ཕ་མ་བསོད་ནམས་ཆེ།།
དེ་འདྲེན་གི་བུ་ཆུང་ཚེ་ཐག་རིང༌།།
 
         སྐེད་གྲི་ཆུང་དར་གྱི་དཔའ་ལུང་ཅན།
ཝ་དམར་པོ་གྲ་ཁ་མཛེས་ཡག་མ།།
ན་ནིང་བྲག་དམར་ཐེམ་ན་ཡོད།།
ད་ལོ་ཨ་ཞང་མགོ་ན་ཡོད།།
དེ་གོན་གི་ཨ་ཞང་བསོད་ནམས་ཆེ།།
 
གོས་ལྗང་ནག་འབྲུག་གི་རི་མོ་ཅན།།
ན་ནིང་རྒྱ་ནག་ཁྲོམ་ན་ཡོད།།
ད་ལོ་ཨ་ནེའི་ལུས་ན་ཡོད།།
དེ་གོན་གི་ཨ་ནེ་བསོད་ནམས་ཆེ།།
 
སྐེད་གྲི་དར་གྱི་དཔའ་ལུང་ཅན།།
ན་ནིང་མགར་བའི་ལག་ན་ཡོད།།
ད་ལོ་བུ་ཚའི་སྐེད་ན་ཡོད།།
དེ་འདོགས་པའི་བུ་ཚ་བསོད་ནམས་ཆེ།།
 
           གོས་ཚ་རུའི་འདབས་ཁ་སྲམ་གྱིས་བརྒྱན།
མཐོན་པོས་མཐོན་པོ་བསྟོད་རྒྱུ་ན།།
དགུང་ཨ་སྔོན་མཁའ་རུ་སྤྲིན་གྱིས་བསྟོད།།
སྤྲིན་དཀར་དམར་རྒྱུ་འཕྲུལ་ལྟད་མོ་ཡོད།།
 
མགྱོགས་པས་མགྱོགས་པ་བསྟོད་རྒྱུ་ན།།
རྟ་འདོ་བའི་བང་ཁ་རླུང་གིས་བསྟོད།།
རྟ་མགྱོགས་པའི་འཕུར་འགྲོས་ལྟད་མོ་ཡོད།།
 
ཡག་པས་ཡག་པ་བསྟོད་རྒྱུ་ན།།
གོས་ཚ་རུའི་འདབས་ཁ་སྲམ་གྱིས་བསྟོད།།
སྲམ་གྲ་ཁ་བསྡེབས་ན་ལྟད་མོ་ཡོད།།
 
            ལུང་བ་གསུམ་ན་ཆུ་མགོ་གསུམ།
ཉིན་ཁ་གསུམ་ན་མཆོད་རྟེན་གསུམ།།
ཕ་བླ་མ་གསུམ་གྱིས་བཞེངས་ཚུལ་ཡག།
ངས་ཡང་ཡང་བཞེངས་པའི་སྨོན་ལམ་འདེབས།།
 
ཁས་ཀ་གསུམ་ན་ལམ་རྩེ་གསུམ།།
སྟག་ཤ་ར་གསུམ་གྱིས་བསྟོད་ཚུལ་ཡག།
ངས་ཡང་ཡང་བསྟོད་པའི་སྨོན་ལམ་འདེབས།།
 
ལུང་བ་གསུམ་ན་ཆུ་མགོ་གསུམ།།
མ་སྲུ་མོ་གསུམ་གྱིས་བཅུས་ཚུལ་ཡག།
ངས་ཡང་ཡང་བཅུ་བའི་སྨོན་ལམ་འདེབས།།
 
            འདི་འདྲའི་བསོད་ནམས་རང་གྲུབ་ཅིག
སེང་གེ་དཀར་མོ་གངས་ན་ཡོད།།
སེང་ཕྲུག་མང་བོ་མཐའ་ན་ཡོད།།
དེ་འདྲའི་བསོད་ནམས་རང་གྲུབ་ཅིག
 
རྒྱ་སྟག་དམར་པོ་ནགས་ན་ཡོད།།
སྟག་ཕྲུག་མང་བོ་མཐའ་ན་ཡོད།།
ཐིག་ལེ་ཁྲ་མོ་རྒྱབ་ན་ཡོད།།
དེ་འདྲའི་བསོད་ནམས་རང་གྲུབ་ཅིག
 
ཕ་ཨ་ཁུ་བཟང་བོ་གོང་ན་བཞུགས།།
བུ་དང་ཚ་བོ་མཐའ་ན་ཡོད།།
བདུད་རྩི་བསིལ་མ་མདུན་ན་ཡོད།།
དེ་འདྲའི་བསོད་ནམས་རང་གྲུབ་ཅིག
 
              བུ་བུ་མོ་སྐྱོང་གི་རྟེན་འབྲེལ་རེད།
དགུང་སྔོན་གནམ་གྱི་འབྲུག་ཆུང་གཅིག།
བར་སྣང་ཁམས་ཀྱི་ཁྱུང་ཆེན་གཉིས།།
འདི་གཉིས་ཀྱི་འཕུར་ལམ་གཅིག་པ་འདི།
ཆར་ཟིལ་མ་འབབ་པའི་རྟེན་འབྲེལ་རེད།།
 
གངས་དཀར་པོའི་ཟུར་གྱི་སེང་གེ་གཅིག།
ནགས་ཙན་དན་ཁུག་གི་རྒྱ་སྟག་གཉིས།།
འདི་གཉིས་ཀྱི་མཆོང་ལམ་གཅིག་པ་འདི།།
དགྲ་ནག་པོ་གནོན་པའི་རྟེན་འབྲེལ་རེད།།
 
ཡོན་ཏན་ལྡན་པའི་ན་གཞོན་གཅིག།
ཁྱིམ་ལས་མཁས་པའི་བུ་མོ་གཉིས།།
འདི་གཉིས་ཀྱིས་གཉེན་ཞིག་སྒྲིག་པ་འདི།།
ནང་བཟའ་ཚང་སྐྱིད་པའི་རྟེན་འབྲེལ་རེད།།
 
           ཡར་ནང་སྡེ་དང་མར་ནང་སྡེ།
ཡར་ནང་རྫ་དང་མར་ནང་རྫ།།
ཡར་ནང་རྫ་ཡི་(འབྲི་)ཆུང་འདི།།
མར་ནང་རྫ་ལ་བྱིན་ནས་ཡོད།།
འབྲོང་རྩི་ཏོག་ཕྱོགས་ལ་འཛོམས་ནས་ཡོད།།
ང་ཡར་ནང་དགའ་ཞིང་སྤྲོ་ནས་ཡོད།།
 
ཡར་ནང་སྤང་དང་མར་ནང་སྤང༌།།
ཡར་ནང་སྤང་གི་རྟེའུ་ལོ་འདི།།
མར་ནང་སྤང་ལ་བྱིན་ནས་ཡོད།།
སྤང་མེ་ཏོག་ཕྱོགས་ལ་འཛོམས་ནས་ཡོད།།
ང་ཡར་ནང་དགའ་ཞིང་སྤྲོ་ནས་ཡོད།།
 
ཡར་ནང་སྡེ་དང་མར་ནང་སྡེ།།
ཡར་ནང་སྡེ་བའི་བུ་མོ་འདི།།
མར་ནང་སྡེ་ལ་བྱིན་ནས་ཡོད།།
ཁ་ཇ་ཆང་ཕྱོགས་ལ་འཛོམས་ནས་ཡོད།།
ང་ཡར་སྡེ་དགའ་ཞིང་སྤྲོ་ནས་ཡོད།།
 
             མག་ལྕུག་བཅིངས་པ།
དགུང་སྔོན་པོ་འདྲ་བའི་ཨ་ཞང་ཚོས།།
ལྷོ་གཡུ་འབྲུག་འདྲ་བའི་མག་པ་ལ།།
སྤྲིན་དཀར་པོ་འདྲ་བའི་མག་ཞྭ་གྱོན།།
 
རྫ་ཁྲ་ཡག་འདྲ་པའི་ཨ་ཞང་ཚོས།།
སྟག་དམར་ཡག་འདྲ་བའི་མག་པ་ལ།།
སྤང་ཁྲ་མོ་འདྲ་བའི་མག་གོས་གྱོན།།
 
མཚོ་སྔོན་པོ་འདྲ་བའི་ཨ་ཞང་ཚོས།།
ཉ་གསེར་མིག་འདྲ་བའི་མག་པ་ལ།།
མཚོ་དར་ཞེང་འདྲ་བའི་(ནག་)ལྕུག་བཅིངས།།
 
          བར་བ་ཡོང་ཡོང་ཤར་ནས་ཡོང༌།
བར་བ་ཡོང་ཡོང་ཤར་ནས་ཡོང༌།།
ཤར་འཛམ་གླིང་ཉི་མར་འགྲོགས་ནས་ཡོང༌།།
འདི་དྲོད་ཁོལ་འཛོམས་པའི་རྟེན་འབྲེལ་རེད།།
 
བར་བ་ཡོང་ཡོང་ལྷོ་ནས་ཡོང༌།།
ལྷོ་གཡུ་འབྲུག་སྔོན་མོར་འགྲོགས་ནས་ཡོང༌།།
འདི་ཆར་ཟིལ་མ་འབབ་པའི་རྟེན་འབྲེལ་རེད།།
 
བར་བ་ཡོང་ཡོང་བྱང་ནས་ཡོང༌།།
བྱ་ཁུ་བྱུག་སྔོན་མོར་འགྲོགས་ནས་ཡོང༌།།
ཚིག་སྙན་དོན་བཟང་འགྲུབ་པའི་རྟེན་འབྲེལ་རེད།།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།