རྟ་གཡག་ལུག་གསུམ་གྱི་གཏམ་རྒྱུད།

  གནའ་སྔ་མོ་ཞིག་ལ་རྩྭ་ཐང་ཧ་ཅང་ཆེན་པོ་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་བའི་གནས་ཞིག་ན། རྟ་དཀར་དཀར་གངས་རི་འདྲ་བ་ཞིག་དང་། གཡག་རོག་རོག་འབྲོང་ཚ་འདྲ་བ་ཞིག ལུག་ཚེར་མོ་ཡུ་མོ་འདྲ་ཞིག་བཅས་ཀྱིས་མཉམ་གཅིག་ཏུ་འཚོ་བ་རོལ་བཞིན་ཡོད།
རྟ་དཀར་དཀར་དེ་གཡག་རོག་རོག་དང་ལུག་ཚེར་མོ་གཉིས་ལས་ན་སོ་ཅུང་ཆེ་བ་ཡོད་པས། ཁོང་གིས་ནམ་རྒྱུན་གཡག་རོག་རོག་དང་ལུག་ཚེར་མོ་གཉིས་གར་ཡོད་འཚོ་བ་དང་། སྤྱང་ཀི་དང་འཕར་བ་སོགས་ཡོང་ནས་གཡག་རོག་རོག་དང་ལུག་ཚེར་མོ་གཉིས་ལ་གནོད་འཚེ་བྱེད་གྲབས་དུས་སུ་འགོག་སྲུང་བྱེད་པ་དང་།
གཡག་རོག་རོག་གིས་ཀྱང་རྟ་དཀར་དཀར་དང་ལུག་ཚེར་མོ་གཉིས་ཁྲིད་ནས་རྩྭ་ཆུ་གང་ཡག་ དང་གང་བཟང་དུ་སོང་སྟེ། ཁོ་གཉིས་ལ་ཤ་ཤེད་རྒྱས་སུ་བཅུག ལུག་ཚེར་མོ་ནས་ཀྱང་རྟ་དཀར་དཀར་དང་གཡག་རོག་རོག་གཉིས་ལ་རྩྭ་ཤིང་དང་མེ་ཏོག་ འཐུས་ནས་སྟེར་བ་སོགས་བྱས་ཏེ། ཁོ་ཚོས་འཚོ་བ་ཧ་ཅང་སྐྱིད་པོ་རོལ་བཞིན་ཡོད།
འདི་ལྟར་འཚོ་བ་རོལ་བཞིན་དབྱར་ཕ་མ་འདྲ་བོ་ཡོལ་ནས་དགུན་རྒྱ་སྟག་འདྲ་བོ་ཚུར་ ཡོང་ཞིང་། གནམ་གཤིས་ཀྱང་ཧ་ཅང་གྲང་མོར་གྱུར་ཏེ་ཁ་བ་ཆེན་པོ་ཞིག་བབས་ནས། སྤང་ཐང་དང་རྩྭ་རྩི་ཏོག་ཐམས་ཅད་ཁ་བས་མནན་ཏེ། ཁོ་ཚོར་ཉིན་ཞག་གཉིས་རིང་ཁ་ལ་རྩྭ་ཁམ་གང་ཡང་མ་ལོན་པས། དེ་ནས་རྟ་དཀར་དཀར་ན་རེ། ད་ནི་ང་ཚོ་འདི་ལྟར་བསྡད་ན་འཆི་བ་ལས་མེད། དེ་ལས་ངས་སྔོན་ལ་ཁ་བ་གཤགས་ནས་འགྲོ། ཁྱེད་གཉིས་ཀྱིས་ངའི་རྨིག་རྗེས་དེད་ནས་ཤོག་ཅེས་བཤད།
གཡག་རོག་རོག་དང་ལུག་ཚེར་མོ་གཉིས་ཀྱིས་ཀྱང་མོས་མཐུན་གྱི་བརྡ་ལ་མགོ་བོ་ནང་དུ་ གུག་གུག་བྱས། དེ་ནས་རྟ་དཀར་དཀར་གྱིས་སྔོན་ནས་ཁ་བ་གཤགས་ཏེ་ཡུན་རིང་བོར་སོང་བས་ན། རི་བོ་ཞིག་གི་ངོས་སུ་ཐོན་ཞིང་། དེ་རུ་ཁ་བ་མེད་ལ་རྩྭ་དང་རྩི་ཤིང་གང་འདོད་ཡོད་པས།ཁང་ཚོ་དགའ་མགུའི་ངང་དེ་དག་ ལ་རོལ་ཞིང་། སྐོམ་པའི་སྐབས་སུ་བཏུང་ཆུར་ཁ་བ་ཟོས་ནས་དུས་ཡུན་གང་འཚམ་སོང་བ་ན། ཁ་བ་ཡང་བཞུ་ནས་གང་ས་གང་དུ་རྩྭ་ཆུ་ཡོད་པས། ཁོ་ཚོ་ཕྱིར་རང་གི་རྩྭ་ཐང་ལ་ཆས།
ཁོ་ཚོ་ལམ་ལ་ཆས་ཏེ་རི་བོ་ཞིག་གི་ཉག་ཁར་སླེབས་དུས། གློ་བུར་ཏུ་ཉག་ཁ་ནས་སྟག་མོ་མ་བུ་གཉིས་དང་གདོང་ཐུག་བརྒྱབ། སྟག་མོ་མ་བུ་གཉིས་ཀྱིས་ཉིན་གང་བོར་ཁ་ཟས་བཙལ་ནས་མ་རྙེད་པར་ཡོད་སྟབས། གློ་བུར་ཏུ་རྟ་གཡག་ལུག་གསུམ་དང་ཐུག་པས། ད་ནི་དེ་རིང་གི་ཁ་ཟས་ལོན་སོང་བསམ་སྟེ།ཚུར་ཁོ་ཚོའི་མདུན་ལ་ཡོང་ནས། དེ་རིང་ངེད་མ་བུ་གཉིས་ཀྱིས་གང་ས་གང་དུ་ཁ་ཟས་རེ་འཚོལ་ཏུ་ཕྱིན་མོད་ཅི་ཡང་མ་ རྙེད། ང་འདི་ནས་གློ་བུར་ཏུ་ཁྱོད་ཚོ་དང་ཐུག་པས། ད་ནི་ཁྱོད་ཚོའི་ནང་གི་གཅིག་ངེད་གཉིས་ཀྱིས་ཟ་གི་ཡིན་ཞེས་བཤད།
   རྟ་དཀར་དཀར་གྱིས་སྟག་མོ་མ་བུ་གཉིས་ལ། ཁྱེད་གཉིས་ཀྱང་ལམ་འགྲོ་བ་རེད། ངེད་ཚོ་ཡང་ལམ་འགྲོ་བ་རེད། ཡག་ཤོས་ཏེ་ཁྱེད་ཀྱིས་ང་ཚོ་གཅིག་ཀྱང་མ་ཟ་རོགས། གལ་སྲིད་ཁྱེད་ཀྱིས་ཡིན་གཅིག་མིན་གཉིས་ཟ་དགོས་ན།ང་ཟ་རོགས་གནང་། གཡག་རོག་རོག་དང་ལུག་ཚེར་མོ་གཉིས་སྲོག་ཐར་གཏོང་རོགས། ཁོང་གཉིས་ད་རུང་ལོ་ཆུང་ཞིང་ཤ་ཤེད་ཀྱང་མི་བཟང་ཞེས་བཤད་པས། དེས་ན་ཁྱེད་རང་ཟ་གི་ཡིན་ཞེས་སྟག་མོས་བཤད་སྐབས།
   གཡག་རོག་རོག་ནས། སྟག་མོ་ལགས། ཁྱེད་མ་བུ་གཉིས་ཀྱིས་ལྟོས་དང་། རྟ་དཀར་དཀར་ནི་ན་སོ་མཐོ་ཞིང་ཤ་ཤེད་ཀྱང་ང་ལས་ཞན་པ་དང་། ཤ་ཡང་གཡག་ཤ་བཞིན་ཞིམ་པོ་མེད་པས། ང་ཟ་རོགས་གནང་ཞེས་བཤད་ཞོར་སྟག་མོ་མ་བུ་གཉིས་ཀྱི་མདུན་ལ་བཅར།
   དེ་ནས་ལུག་ཚེར་མོས་འབའ་སྐད་དང་བཅས་མདུན་དུ་ཡོང་ནས། སྟག་མོ་མ་བུ་གཉིས་ལགས་ཁྱེད་གཉིས་ཀྱིས་ང་ཟ་རོགས་གནང་། ང་ནི་ན་སོ་ཆུང་ལ་ཤ་ཤེད་བཟང་པ་མ་ཟད་ཚིལ་ལུ་ཡང་རྟ་དཀར་དཀར་དང་གཡར་རོག་རོག་ གཉིས་ལས་ལྡབ་འགྱུར་གྱིས་བཟང་བས། ང་ཟ་རོགས་གནང་ཞེས་སྟག་མོའི་གམ་ལ་བཅར།
   སྟག་མོ་མ་བུ་གཉིས་ཀྱིས་སྔོན་ལ་རྟ་དཀར་དཀར་དང་། གཡག་རོག་རོག་ལུག་ཚེར་མོ་གསུམ་གྱི་སུ་ཟ་དགོས་མ་ཤེས་པར་སྡོད་སྐབས། ལུས་གཅེར་བུ་དང་མགོ་སྐྲ་ནག་པོ་ཅན། སྤྲེའུ་དང་ཅུང་འདྲ་བ་མི་ཞེས་པའི་སེམས་ཅན་གསུམ་གྱིས་ཀི་རིང་ཞིག་འདེབས་བཞིན། ལག་ཏུ་མདའ་གཞུ་ཐོགས་ནས་ཁོ་ཚོའི་གམ་ལ་ཡོང་བཞིན་པས་ན། སྟག་མོ་མ་བུ་གཉིས་ཀྱིས་ཁོང་གཉིས་གསོད་མཁན་རེད་བསམ་ནས་ཕྱིར་མིག་ཙམ་ཡང་མ་བལྟས་བར་བྲོས།
   རྟ་དཀར་དཀར་དང་གཡག་རོག་རོགལུག་ཚེར་མོ་གསུམ་མ་བྲོས་པར་དེར་བསྡད་པས། རྐང་མགོ་ལངས་པའི་སེམས་ཅན་གཅེར་བུ་སྤྲེའུ་འདྲ་བ་མི་ཞེས་པ་དེ་དག་ཁོང་གསུམ་ གྱི་གམ་ལ་ཡོང་ནས། མདའ་གཞུ་རྣམས་ཐང་ལ་བཞག་སྟེ། ཁྱོད་ཚོ་གཅན་གཟན་མ་རེད་རིི་དྭགས་རེད། ཁྱེད་ཚོར་མཆེ་བ་དང་སྡེར་མོ་མེད་པ་ང་ཚོ་དང་གཅིག་མཚུངས་རེད། ང་ཚོ་འཇིག་རྟེན་ཐོག་གི་མི་ཡིན། རི་དྭགས་རྔོན་པ་དང་མ་རྨོས་ལོ་ཏོག་སོགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཞེས་བཤད་པས།
རྟ་དཀར་དཀར་དང་གཡག་རོག་རོག་ལུག་ཚེར་མོ་གསུམ་ཧ་ཅང་དགའ་ནས། ཁྱེད་ཚོ་མི་གསུམ་ནི་ང་ཚོར་ཧ་ཅང་གི་དྲིན་ཆེན་ཡིན། ང་ཚོ་སྟག་མོ་མ་བུ་གཉིས་ཀྱིས་ཟ་གྲབས་ཡོད་དུས། ཁྱེད་ཚོས་ང་ཚོའི་སྲོག་བསྐྱབས་པ་རེད། ད་ནི་ང་ཚོ་ཁྱེད་ཅག་གི་སྒོ་ཕྱུགས་བྱས་ཏེ། ཁྱེད་ཅག་ལ་དྲིན་ལན་འཇལ་ཆོག་ཅེས་བཤད། མི་ཞེས་པའི་སེམས་ཅན་དེ་དག་གསུམ་པོའང་ཧ་ཅང་དགའ་ནས། རྟ་གཡག་ལུག་གསུམ་ཁྲིད་དེ་ཁོང་ཚོ་ཡོད་སའི་ས་ཆར་སོང་།
   དེ་ནས་ཡུན་རིང་མ་འགོར་བར། རྟ་དཀར་དཀར་རྐྱང་དང་འདྲེས་ནས་རྟ་ཁྱུ་མང་དུ་འཕེལ་བ་མ་ཟད། ཡར་མར་འགྲུལ་བཞུད་བྱེད་སྐབས་སུ་ཧ་ཅང་མགྱོགས་པོ་ཡིན་པའི་འགྲིམ་འགྲུལ་གྱི་ལག་ ཆ་གཙོ་བོ་གྱུར་ཞིང་། རྟ་ཁྱུ་དེ་དག་ལ་འཚོ་སྐྱོང་བྱེད་མཁན་དགོས་པས།མི་གཅིག་ཆེད་དུ་རྟ་འཚོ་མཁན་དུ་ བཞག་པས། དུས་དེ་ནས་བཟུང་རྟ་རྫི་ཞེས་མིང་བཏགས།
   དེ་ལྟར་གཡག་རོག་རོག་འབྲོང་དང་འབྲོང་མོར་འདྲེས་ནས་འབྲི་གཡག་འཕེལ་ཞིང་འབྲི་ མོ་དེ་དག་ལས་མར་དང་ཕྱུར་བ་ཞོ་དང་འོ་མ་སོགས་དང་། འབྲི་གཡག་གི་ཁུལ་རྩིད་ལས་སྦྲ་དང་སྣོད་ཆས་འཐག་པ་སོགས་བྱུང་པ་དང་། སེམས་ཅན་འདི་དག་ལ་མི་གཅིག་གི་འཚོ་སྐྱོང་བྱེད་དགོས་པས་དེའི་མིང་ལ་ནོར་རྫི་ ཞེས་བཏགས།
   ལུག་ཚེར་མོ་དགོ་དང་འདྲེས་ནས་གཡང་དཀར་ལུག་མང་ཏུ་འཕེལ་བས་བལ་ཀྱི་ཕྱིང་བུ་འཇོག་པ་དང་ཐག་ཐིག་སོགས་དང་། ལུག་ལྤགས་ཀྱིས་སློག་པ་བཟོ་བ་སོགས་བྱས་ཏེ། ལུག་ཁྱུ་འཚོ་བ་ལའང་འཚོ་མཁན་དགོས་པའི་དེའི་མིང་ལ་ལུག་རྫི་ཞེས་བཏགས། འདི་ལྟར་རྟ་དཀར་དཀར་དང་གཡག་རོག་རོག་ལུག་ཚེར་མོ་གསུམ་མ་ཤི་བར་ཏུ་ཚེ་ཐར་བྱས་ པ་དང་།རྟ་ནོར་ལུག་གསུམ་སྐར་ཚོགས་ལྟར་འཕེལ་ནས་བདེ་ཞིང་སྐྱིད་པོར་གནས་སོ།།
                                  ལྕགས་མོ་འཚོས་ཞུ་དག་བྱས།
 
               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་གཡག་ལུག་གསུམ་གྱི་གཏམ་རྒྱུད།

2014-07-27 སོག་མདའ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།