ལྕེ་རྩལ་སྦྱོང་བའི་མན་ངག
རྒྱལ་རྩེའི་སྐྱོགས་ལྕགས་སྐྱོགས། །
ཨ་ཞང་གི་རྟ་དཀར་པོ་ལ་རྩྭ་སྐྱ་རྩྭ་སྟེར། །
ཁྱི་ཁྲ་བོ་ལ་གྲི་ཁྲ་བོ་བུད་ཁྲག་ཁྲ་བོ་ཐོན། །
ཞ་ལའི་སྒང་ལ་བྱ་དེ་འདྲེད་བརྡབ་ཤོར། །
དེ་རིང་ལས་འགྲོ་མགྱོགས་པ། །
འུ་ཚོའི་ཅོ་ཅོག་གི་ཕྱུ་པར་ཆུ་སུས་བཤོས་སོང་། །
གཞིས་ཀ་རྩེའི་ཤ་ཤ་གསར། །
བ་དམར་པོའི་སྤུ་ནས་འཐེན་ནས་རྡོ་གཅིག་གཞུས། །
ས་སྐྱའི་ལྷ་ཁང་ཆེན་མོ་ལ་ཀ་གདུང་ཉི་ཤུ་རྩ་གཅིག་ཡོད། དེ་གཞོན་པས་དབུགས་ཐེངས་གཅིག་ལ་བགྲང་ཐུབ་པ་གྱིས་ཀ་གདུང་གཅིག ཀ་གདུང་གཉིས། ཀ་གདུང་གསུམ། ཀ་གདུང་བཞི། ཀ་གདུང་ལྔ། ཀ་གདུང་དྲུག ཀ་གདུང་བདུན།---------------ཀ་གདུང་ཉི་ཤུ་རྩ་གཅིག
མཆན། གཙང་ཁུལ་གྱི་དམངས་ཁྲོད་ངག་རྒྱུན་དུ་མན་ངག་དེ་འདྲ་རེ་ཟུང་ཡོད་པ་དང་དེ་ནི་རྒྱ་སྐད་ནང་གི་绕口令དང་ཕལ་ཆེར་གཅིག་མཚུངས་ཡིན། ཡུལ་སྐད་ཀྱི་སྒྲ་གདངས་ལྟར་གང་མགྱོགས་ཇེ་མགྱོགས་ཀྱིས་བར་མེད་དུ་འདོན་པའི་ཚེ་ན་ལྕེ་སྒྲོག་ཐེབས་ཏེ་དགོད་གཏམ་ཁྱད་མཚར་བ་རེ་ཐོན་གྱི་ཡོད་པ་མ་ཟད་དེ་དག་ནི་ལྕེ་རྩལ་སྦྱོང་བྱེད་ཀྱི་མན་ངག་ལྟ་བུར་སྣང་བས་ན་ཁོ་བོས་འདིར་མིང་འདི་ལྟར་བཏགས་པ་ཡིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།