མཚར་གཏམ་གསར་བ་ཁ་ཤས།
༡ ཞིང་པ་དང་ལས་བྱེད་པ།
ལས་བྱེད་པ་ཚོས། ཞིང་པ་ཚོས་རྡོ་བཙོ་བ་མིན་ནམ། ཞོགས་པ་ནས་དགོང་མོ་བར་དུ་ཁུང་ནས་དུ་བ་འཕྱུར་གིན་འདུག་ཅེས་བཤད།
ཞིང་པ་ཚོས། ལས་བྱེད་པ་དེ་ཚོ་སྐྱག་པ་བཟས་པ་མིན་ནམ། ཞོགས་པ་ཁ་གཅིག་བཀྲུས། དགོང་མོ་ཁ་གཅིག་བཀྲུ་གི་འདུག་ཅེས་བཤད་དོ།།
༢ དགེ་རྒན་དང་ལས་བྱེད་པ།
ལས་བྱེད་པ་ཞིག་གིས་དགེ་རྒན་ཞིག་ལ། གྲོགས་པོ་བོད་ཐུག་ཁོ་ན་བཏུང་ན་ཞིམ་པོ་འདུག་གམ་ཞེས་བཤད་པར། དགེ་རྒན་དེས། གྲོགས་པོ་གཉིད་སྐྱིད་པོ་ཞིག་ཁུག་གི་འདུག་ཞེས་བཤད། ལས་བྱེད་པ་དེས། རུས་ཐང་གིས་ཡིན་པ་རེད་ཞེས་བཤད་པར། དགེ་རྒན་དེས། མ་རེད་གྲོགས་པོ། སྒོར་རྡོག་གཉིས་ལས་མིན་ཡང་རང་གི་བཏོན་པས་རེད་ཞེས་བཤད་དོ།
༣ ཁྱི་ལས།
གྲོགས་པོ་ཀ་པས་ཁ་བ་ལ། གྲོགས་པོ། དེང་སང་ཁྱིའི་ལས་ཀ་ཚང་མ་མིས་བྱས་པས་ཁྱི་ཚང་མ་ལས་ཀ་ཤོར་འདུག་ཞེས་བཤད། གྲོགས་པོ་ཁ་པས། རེད་འདུག ངའི་ཁྱིམ་གྱི་སྒོ་དེ་ཡང་གྲོང་པའི་ཕ་རྒན་གྱིས་སྲུང་གི་འདུག་ཞེས་བཤད།
རྩོམ་ཁུངས། ངེད་དྲ་བ།