དྲ་ངོས་ཀྱི་ཁ་མཚར།༡
གཞོན་ནུ་ལོ་ཆུང་གཉིས་འཁོན་གྱིན་ཡོད་ན། མང་ཕྱོགས་ཀྱིས་རྩོད་ཀྱིན་པ་དེ་བུད་མེད་ཡིན། མི་དར་མ་གཉིས་འཁོན་གྱིན་ཡོད་ན། མང་ཕྱོགས་ཀྱིས་རྩོད་ཀྱིན་པ་དེ་དབང་ཆ་རེད། ཕོ་མོ་གཉིས་སྡོད་ཤག་ནང་འཁོན་གྱིན་ཡོད་ན། མང་ཕྱོགས་ཀྱིས་རྩོད་ཀྱིན་པ་དེ་ཁ་འོག་གི་དེ་རེད། སྨག་ནག་པའི་སྲང་ལམ་དུ་འཁོན་གྱིན་ཡོད་ན། མང་ཕྱོགས་ཀྱིས་རྩོད་ཀྱིན་པ་དེ་སྨད་འཚོང་གི་རིན་པ་ཡིན། གལ་སྲིད་གཉེན་ཉེའི་འབྲེལ་བ་ཟབ་པའི་ཕོ་མོ་འགས་དུས་གཅིག་ཏུ་འཁོན་གྱིན་ཡོད་ན་ཁོ་ཚོས་རྩོད་ཀྱིན་པ་དེ་ཕ་མའི་ཤུལ་བཞག་རྒྱུ་ནོར་ཡིན་ཤག་རེད།
འཕྲུལ་གྱི་མེ་ལོང་ཡ། འཕྲུལ་གྱི་མེ་ལོང་། འཇིག་རྟེན་འདི་ནས་མཛེས་སྤྲས་ཡོ་བྱད་ཆེས་ལེགས་ཤོས་དེ་གང་རེད་ཅེས་དྲིས་པར། འཕྲུལ་གྱི་མེ་ལོང་ན་རེ། photoshopརེད།
སྐྱེས་པ་ཚོས་བུད་མེད་མཛེས་མ་ཆུང་མར་ལེན་མི་ཕོད་པར་རྒྱུ་རྐྱེན་འདི་དག་ཡོད་དེ། ༡ བཀོལ་སྤྱོད་ཀྱི་རིན་ཐང་དམའ་བ། ༢ བདག་པོ་རྒྱག་པའི་རིན་ཧ་ཅང་མཐོ་བ། ༣ དུས་ཡུན་རིང་བོར་མི་འདང་བ། ༤ སྲུང་སྐྱོབ་བྱ་བར་དངུལ་མང་པོ་མཁོ་བ། ༥ དཔལ་འབྱོར་གྱི་མ་རྩའི་གནད་དོན།
ཨ་རག་ཉུང་ཉུང་བཏུང་ན་ལྟོ་བར་ཕན། གང་སར་མགོ་སྐེ་བསྲིང་ན་ཉེས་པ་འཁོར། ཐ་མག་མང་པོ་འཐེན་ན་གློ་བར་གནོད། ཇ་ཡང་མང་པོ་བཏུང་ན་ལུས་དྲོད་ཉམས། གང་སར་སྨྲ་བ་ཉུང་ན་འགྲིག་ཡོད་པས། མི་ཞིག་བྱ་ན་གྲག་འགུལ་ཉུང་ན་མཛེས།
འཛམ་གླིང་ཟེར་བའི་འཛིན་གྲྭ་ཞིག་ཡོད། འཛིན་དཔོན་གྱི་མིང་ལ་ཨ་རུ་ཟེར། ཤེས་རྒྱ་ཆེ་ཞིང་དྲག་རྩལ་ལ་མཁས། འཁོན་རེས་ལ་དགའ་ཞིང་མ་རབས་ལ་སྡང་། འཛིན་དཔོན་ཆུང་ངུའི་མིང་ལ་ཨུ་རུ་སུ་ཟེར། གཏུམ་སྤྱོད་ཆེ་ཞིང་འཛིན་དཔོན་གྱི་གོ་ས་རྩོད་པར་དགའ། གཞོན་ནུ་ཚོགས་པའི་དྲུང་ཡིག་ཆེན་མོའི་མིང་ལ་ཀྲུང་གོ་ཟེར། ཡོད་ཚད་ཞི་བའི་སྒོ་ནས་ཐག་གཅོད་པར་མཁས་ཤིང་བསམ་བློའི་བྱ་བ་བསྒྲུབ་པར་མཁས། སློབ་སྦྱོང་གི་ཚབ་མིའི་མིང་ལ་འཇར་པན་ཟེར། འཛིན་དཔོན་གྱིས་བསྐོས་པ་ཡིན་ཞིང་སྒོར་མོ་མང་། ངལ་རྩོལ་གྱི་ཚབ་མིའི་མིང་ལ་འཇར་མན་ཟེར། བྱ་བ་གང་བསྒྲུབ་ཀྱང་ནན་ཏན་ཡིན་ཞིང་འགན་འཁུར། འཛིན་དཔོན་གྱི་ལག་རོགས་པའི་མིང་ལ་དབྱིན་ཇི་ཟེར། དུས་རྟག་པར་འཛིན་དཔོན་གྱི་རྐུབ་གཡོག་ཞབས་ཕྱིར་རྒྱུག སློབ་མ་པྲ་ཚགས་གཉིས་ཡོད་པ་ཡོད་པའི་མིང་ལ་དབྱི་རག་དང་འཇར་པན་ཟེར་ཞིང་། སྔ་མ་དེས་འཛིན་དཔོན་ལ་འཁོན་འཛིང་བྱ་བ་དང་། ཕྱི་མ་དེར་འཛིན་དཔོན་གྱིས་གང་ཡང་བྱ་མི་ནུས་སོ།།
དབུལ་བོས་ཕྱུག་པོའི་འཚོ་བ་བསྐྱལ་བར་འདོད་ཅིང་། ཕྱུག་པོས་ལོ་བརྒྱ་ཐུབ་པའི་ནད་མེད་ཚེ་རིང་གི་འཚོ་བ་བསྐྱལ་བར་འདོད། ལོ་བརྒྱ་ཐུབ་ཅིང་ནད་མེད་ཚེ་རིང་བའི་མིས་རི་ཁྲོད་ཀྱི་དབུལ་བོའི་འཚོ་བ་བསྐྱལ་བར་འདོད་དོ།།
ཤེས་ཡོན་ལྡན་ཅིང་ཀུན་སྤྱོད་ལེགས་པའི་མི་ལ་རྟ་རུ་འབོད། ཀུན་སྤྱོད་ལེགས་ཀྱང་ཤེས་ཡོན་མེད་པའི་མི་ལ་ཟོག་ཏུ་འབོད། ཤེས་ཡོན་ཡོད་ཀྱང་ཀུན་སྤྱོད་མི་ལེགས་པའི་མི་ལ་ཁྱི་རུ་འབོད། ཤེས་ཡོད་མེད་ལ་ཀུན་སྤྱོད་ཀྱང་མི་ལེགས་པའི་མི་ལ་ཕག་ཏུ་འབོད། དེ་བས་དེང་གི་མགོ་ཁྲིད་ཚད་ལྡན་ཞིག་ལ་ཆ་རྐྱེན་བཞི་འཛོམས་ཡོད་དེ། རྟ་ཞོན་པ་དང་། ཟོག་འདེད་པ། ཁྱིར་རྡུང་བ། ཕག་བདའ་བ་བཅས་སོ།།
སྐྱེ་བོ་ཁ་ཤས་སྤྱང་གྲུང་འཛོམས་པ་གནམ་གཤིས་དང་འདྲ་སྟེ། འགྱུར་ལྡོག་ཆེ་བས་སོ།། སྐྱེ་བོ་ཁ་ཤས་བླུན་དྲགས་པ་གནམ་གཤིས་སྔོན་བརྡ་དང་འདྲ་སྟེ། གནམ་ངོ་འགྱུར་བའང་མཐོང་མེད་པས་སོ།།
སྡོད་ཤག་ཅིག་ཉོ་རྒྱུ་ནི་ཅི་འདྲའི་དཀའ་ཨང་། གལ་སྲིད་པེ་ཅིང་ནས་རྨིད་གྲུ་བཞི་མ་༦༠ཡོད་ཅིང་དམངས་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཅན་གྱི་སྡོད་ཅག་ཅིག་ཉོ་པར་ཞིང་བས་མུའུ་གསུམ་ཅན་གྱི་ས་ཞིང་བཏབ་ཚེ་ལོ་ངོ་སྟོང་ལ་གདབ་དགོས་ཤིང་དེའི་རིང་ད་དུང་རང་བྱུང་གནོད་འཚེ་གང་ཡང་ཡོད་མི་ཉན། བཟོ་བས་གཟའ་མཇུག་གི་ངལ་གསོ་མེད་པར་ལོ་བརྒྱ་ལ་ལས་ཀ་ལས་དགོས། གཞུང་ཞབས་པས་ཀྱང་ངལ་གསོ་མེད་པར་ལོ༣༥ལ་ལས་ཀ་ལས་དགོས། ཁུག་མ་འཕྲོག་མཁན་གྱི་ཇག་པ་ཆུང་ངུས་ཉེས་པ་ཐེངས་ཆིག་སྟོང་ལྔ་བརྒྱར་བསག་དགོས་ཤིང་འཕྲོག་པ་ཚང་མ་འབྱོར་འབྲིང་བའི་དངུལ་ཁུག་ཡིན་དགོས། སྨད་འཚོང་མས་མགྲོན་པོ་ཐེངས་༧༥༠༠ལ་བསུ་དགོས་ཤིང་ཉིན་རེར་ཐེངས་གཉིས་རེ་བྱས་ན་ཁྱོན་ཉི་མ་༣༧༥༠ལ་བརྩོན་དགོས། སྨན་པས་སྨད་འཚོང་མ་ལྟར་བྱ་དགོས་སོ།།
ཕག་གི་རེ་བ་ཆེན་པོ་བཞི། ༡ རྩིག་པ་ཚང་མ་འཇིག་པ། ༢ ཤན་པ་ཚང་མ་འཆི་བ། ༣ གནམ་ནས་གསོ་ཆས་འབབ་པ། ༤ སྐྱེ་བོ་ཡོད་ཚད་མུའུ་ཟི་ལེམ་ཆོས་ལུགས་ལ་དད་པ།
ངས་སྒོར་མོ་གསོ་སྒྱེ་གང་གིས་སློབ་ཆེན་བཏོན་པར། དཔེ་ཆ་གསོ་སྒྱེ་གང་རག་བྱུང་། ཡིན་ནའང་དཔེ་ཆ་དེ་དག་ཕྱིར་སྒོར་མོར་བརྗེས་པར་གསོ་སྒྱེ་གང་མི་འདུག
(སྐྱ་བོས་བསྒྲིགས་ཤིང་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།