ཚིག་གི་མར་ལོ།༡༡
ཉུལ་མ།
འགྲོས་རོགས་ཀྱི་གློ་ཁུག་ཏུ་དངོས་པོ་ཅི་ཞིག་ཡོད་ཤེས་པའི་མི་ལ་ཟེར། མྱི་བཙོང་བཙོང་ཐམས་ཅད་རོགས་པས་བཙོང་བ་མ་ཡིན་ནམ།
མེད་པོ།
ལས་ཀ་ལས་མི་འདོད་ལ་ལས་ཀྱང་ཐོབ་རྒྱུ་མེད་པའི་མི།
བསོད་ཟད།
ཚེ་གང་བོར་གསེར་བརྐོས་ཀྱང་རྡོ་ཡིན་ལ་ཚེ་གང་བོར་དངུལ་བརྐོས་ཀྱང་ས་ཡིན་པའི་མི།
རྟོགས་སད་པ།
ཁོ་ཚོས་བཤད་ན་ཁོ་ཚོའི་མགོ་བོ་ཅོང་བརྡ་ཡིན་ཟེར། ངས་བལྟས་ནས་ཁོ་ཚོའི་མགོ་བོ་སྡུག་གྱོང་རེད།
ངོ་ཚ་བ།
དེང་སང་མིར་མཚོན་ན་ངོ་ཚ་བ་ནི་ངོ་ཚ་ཁུལ་བྱས་པ་རེད་མ་གཏོགས། དོན་དངོས་མྱི་ཚང་མས་ངོ་ཚ་སྔ་མོ་ནས་བོར་འདུག
གྲོགས་པོ།
ངོ་ཚ་ཉོ་རོགས་དང་མྱི་ཁ་འཇོག་རོགས་ལ་ཟེར་།
འགྲམ་ལྕག
ནོར་འཁྲུལ་ཡོད་ཀི་འདོད་པའི་མིའི་འགྲམ་པ་ལ་དག་བཅོས་བྱེད་སྤྱད་ཅིག
ཉོག་གཏམ།
བུད་མེད་ཚོ་དགའ་དུས་སྡུག་དུས་གཉིས་ལ་བཤད་པའི་སྐད་ཆའི་མིང་།
ལྷ་སྒྲུང་།
མྱི་ལོ་ལོན་ཡ་རབས་འདས་སོང་ཞིག་གི་ལོ་རབས།
ཕོ་བྲང་།
མཐོན་པོའི་དབང་ཤེད་ཀྱིས་དམའ་མོའི་གཉའ་བ་རུ་བཞེངས་པའི་མལ་ཁྲི་ཆེན་པོ་ཞིག་སྟེ། དེ་རུ་རྒྱལ་བོས་སྐྱིད་ནས་གླལ་རྒྱངས་བྱེད་དུས་འབངས་མི་སྡུག་ནས་ངུ་རྒྱངས་བྱེད།
འཕྲོག་བཅོམ།
གཞུང་ལུགས་སྦྱངས་མི་དགོས་ལ་མ་རྩ་བསོག་མི་དགོས་པར་ཁེ་སྤོགས་ཐོབ་པའི་ཚོང་ལས་ཤིག་ཡིན་མོད། དེའི་རྒྱབ་ཏུ་བྲིས་པ་ནི་རང་གི་མགོ་དང་མེ་མདའ་ཞིག་རེད།
ཕྱོགས་རེས།
མིག་གི་ནང་ལ་བཙན་གྱིས་མཛུབ་ཐུར་བྱས་པའི་མིང་།
སྤྱོད་ཁང་།
ཚིག་རྒྱན་དང་ཚུལ་འཆོས་ཀྱིས་སྤྲས་པའི་ཕུང་བོ་འདིའི་ནང་སྙིང་ཕྱིར་ཕུད་ས།
གུས་བཀུར།
ཆང་ཕོར་གྱི་ནང་དུ་རྩམ་པ་བརྫིས་པ་སྟེ། གུས་བཀུར་བྱས་པ་ནི་དེས་རང་ཉིད་ཀྱང་ཐོབ་ཐང་མི་དམན་པ་ཞིག་ཡིན་པ་ཟུར་དུ་བསྟན་པ་རེད།
འགྱོད་པ།
སྔོན་ཆད་བཅས་པའི་གཡོ་སྒྱུའི་སྟེང་ད་རུང་གཡོ་སྒྱུ་དྲན་པའི་མིང་།
མནའ།
དེ་ནི་མི་རྫུན་རྐྱལ་གྱི་ལག་ཏུ་ཤོར་དུས་མེ་མདའ་ཞིག་སྟེ། དེས་མེ་མདའ་དེ་མི་མང་བོའི་ཐོད་པའི་སྟེང་དུ་བཙུགས་ནས་སྐམ་རྡེབ་བྱེད་ཀྱིན་ཡོད།
སྒོར་སྐྱིན།
ཕར་སྒོར་མོ་བསྐྱིས་ན་ཚུར་ཁུ་ཚུར་བཞིན་པ་ནི་དེང་སང་གི་དོམ་འཇལ་ཐབས་གསར་བ་ཞིག་ཡིན།
སྤྱོད་བཟང་།
ལག་པ་གཉིས་ཀྱིས་རྔམ་ནག་པོས་མཆུ་བསྡམས་ཏེ་ཁ་ནས་སྐད་གཉོམ་པོས་སྙིང་རྗེ་སྙིང་རྗེ་ཞེས་སྨྲ་བའི་སྤྱོད་ཚུལ་ལ་ཟེར།
གཉེན་སྒྲིག་དཔང་ཡིག
རང་གི་སྐྱེས་པ་དང་རང་དགར་འཁྲིག་པ་སྤྱོད་ཆོག་པའི་དཔང་ཡིག་དང་། དེ་ཡིས་མི་ཚིམས་ན་སྐྱེས་པ་གཞན་པ་དང་འཁྲིག་པ་སྤྱད་རུང་འཐོར་མི་ཉན་པའི་དཔང་ཡིག
རྩོམ་ཁུངས། ངེད་དྲ་བ།