གབ་ཚིག་གསར་བསྒྲིགས།༡

དཔྱི་ས་བློ་གྲོས་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-23


༡ ཆུང་བའི་དུས་སུ་ཡན་ལག་བཞི་ཡིས་འགྲོ།
   ནར་སོན་དུས་སུ་རྐང་བ་གཉིས་ཀྱིས་འགྲོ།
   རྒས་ཚེ་རྐང་བ་གསུམ་ལ་བརྟེན་པ་ཡི།།
   ཡ་མཚན་སེམས་ཅན་འདི་ཀོ་ཅི་ཞིག་ཡིན།།

༢ སྨྲ་བའི་འབབ་སྟེགས་ཡོད་ཀྱང་སོ་ཕྲེང་མེད།།
   བགྲོད་བྱེད་རྐང་བ་ཡོད་ཀྱང་འགྲོ་མི་ཤེས།།
   རོ་འཛིན་བསྐྱོད་ཀྱང་ཚིག་གི་བརྡ་མི་འཕྲོད།།
   ལག་ཟུང་མངའ་ཡང་དངོས་པོ་ལེན་མི་ཤེས།།

༣ དཀར་ནག་འོད་བཀྲག་མ་འདྲེས་སྐྱ་ཀ་མོ།།
   རང་ཤོང་སྤྱིལ་བུར་བདེ་བླག་འཛུལ་བ་ན།།
   གནག་སྣུམ་མདངས་མཚར་ངོམ་པའི་མཇུག་སྒྲོའི་ཕོན།།
   སྒོ་སྲུང་མེལ་ཚེའི་རྣམ་པས་ཕྱི་ན་འགྲེང༌།།

༤ མ་ལས་སྐྱེས་དུས་སྔ་འཕྱི་མེད་ན་ཡང༌།།
   སྔོན་བསགས་སྟོབས་ཀྱིས་རབ་འབྲིང་ཁྱད་པར་ཆེ།།
   འོན་ཀྱང་དགེ་སྡིག་ལས་ལ་གཞོལ་བའི་ཚེ།།
   གཅིག་ཀྱང་སྒྱིད་ལུག་མི་བྱེད་མཉམ་དུ་ཐོན།།

༥ དཀར་བོ་ཆོས་ལ་དད་ལོག་མ་བྱས་ལ།།
  དྲང་བོའི་ཁྲིམས་ལའང་འགལ་བའི་ལས་མ་བྱས།།
  འོན་ཀྱང་མ་ཡི་མངལ་ལས་སྐྱེས་པ་ནས།།
  ལན་ཆགས་རུས་པའི་རྨོག་རེ་གྱོན་དགོས་བྱུང༌།།

༦ ཁྱུང་དཀར་རྭ་ཡི་ན་གཞོན་ལས་འདས་པ།།
   ལང་ཚོ་དར་བབ་དཀྱིལ་འཁོར་ཐིག་ལེ་བཞིས།།
   རྒ་བས་རྒུད་ཚེ་ལུས་པོ་རིད་པའི་ཤུལ།།
   ཐམས་ཅད་སྟོང་བའི་འཇའ་ལུས་བརྙེས་སམ་སྙམ།།

༧ བལ་ལྡན་རྩེ་དགའི་དཔལ་ལ་རོལ་བའི་སྤང༌།།
   ཡུ་བྲལ་གཡས་འཁྱིལ་དུང་གི་ཟོར་བ་ཆེ།།
   གནས་པ་གསེར་མངལ་ཅན་གྱི་རྫུ་འཕྲུལ་མཐུས།།
   ལེན་པར་མ་ནུས་ཡ་མཚན་བློ་ལས་འགོངས།།

༨ སྣ་ཚོགས་རོལ་མོའི་རམ་འདེགས་མི་དགོས་པར།།
   དྲུག་ལྡན་གླུ་དབྱངས་ལེན་མཁས་གཞོན་ནུ་ཞིག།
   ཀ་ཤི་གོས་ཀྱིས་གྲུབ་པའི་གུར་ཁང་དུ།།
   གར་དགུའི་ཉམས་ཀྱིས་འཁྱུག་པ་འདི་རྨད་བྱུང༌།།

༩ སྲེག་ཟས་མི་འཇིག་བལ་ནག་གདན་སྟེང་དུ།།
   བཞུགས་པའི་གཏུམ་ཆེན་ཆོས་རྒྱལ་རབ་ཁྲོས་ཏེ།།
   སྲིད་གསུམ་འདར་བའི་ངར་སྐད་སྒྲོག་བཞིན་དུ།།
  མིག་ལས་མེ་ཡི་ཞགས་པ་བར་མེད་འཕེན།།

༡༠ གནམ་རུའི་དབྱིབས་ལ་འཕྱ་ཞིང་དགོད་པ་ཡི།།
     ཟམ་སྟེགས་འཆི་མེད་གྲོང་ནས་སྐྱེ་འགྲོའི་ཁམས།།
     བཙུགས་ཚེ་མ་བྱུགས་མདོག་ལྔའི་ཚོན་གྱི་མདངས།།
     མངོན་པར་ཤར་བ་མིག་གི་བདུད་རྩིའི་གྲོགས།།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གབ་ཚིག་གསར་བསྒྲིགས།༡

2009-04-23 དཔྱི་ས་བློ་གྲོས་སོགས། ཀློག་གྲངས། མཆན ཡོད།


༡ ཆུང་བའི་དུས་སུ་ཡན་ལག་བཞི་ཡིས་འགྲོ།
   ནར་སོན་དུས་སུ་རྐང་བ་གཉིས་ཀྱིས་འགྲོ།
   རྒས་ཚེ་རྐང་བ་གསུམ་ལ་བརྟེན་པ་ཡི།།
   ཡ་མཚན་སེམས་ཅན་འདི་ཀོ་ཅི་ཞིག་ཡིན།།

༢ སྨྲ་བའི་འབབ་སྟེགས་ཡོད་ཀྱང་སོ་ཕྲེང་མེད།།
   བགྲོད་བྱེད་རྐང་བ་ཡོད་ཀྱང་འགྲོ་མི་ཤེས།།
   རོ་འཛིན་བསྐྱོད་ཀྱང་ཚིག་གི་བརྡ་མི་འཕྲོད།།
   ལག་ཟུང་མངའ་ཡང་དངོས་པོ་ལེན་མི་ཤེས།།

༣ དཀར་ནག་འོད་བཀྲག་མ་འདྲེས་སྐྱ་ཀ་མོ།།
   རང་ཤོང་སྤྱིལ་བུར་བདེ་བླག་འཛུལ་བ་ན།།
   གནག་སྣུམ་མདངས་མཚར་ངོམ་པའི་མཇུག་སྒྲོའི་ཕོན།།
   སྒོ་སྲུང་མེལ་ཚེའི་རྣམ་པས་ཕྱི་ན་འགྲེང༌།།

༤ མ་ལས་སྐྱེས་དུས་སྔ་འཕྱི་མེད་ན་ཡང༌།།
   སྔོན་བསགས་སྟོབས་ཀྱིས་རབ་འབྲིང་ཁྱད་པར་ཆེ།།
   འོན་ཀྱང་དགེ་སྡིག་ལས་ལ་གཞོལ་བའི་ཚེ།།
   གཅིག་ཀྱང་སྒྱིད་ལུག་མི་བྱེད་མཉམ་དུ་ཐོན།།

༥ དཀར་བོ་ཆོས་ལ་དད་ལོག་མ་བྱས་ལ།།
  དྲང་བོའི་ཁྲིམས་ལའང་འགལ་བའི་ལས་མ་བྱས།།
  འོན་ཀྱང་མ་ཡི་མངལ་ལས་སྐྱེས་པ་ནས།།
  ལན་ཆགས་རུས་པའི་རྨོག་རེ་གྱོན་དགོས་བྱུང༌།།

༦ ཁྱུང་དཀར་རྭ་ཡི་ན་གཞོན་ལས་འདས་པ།།
   ལང་ཚོ་དར་བབ་དཀྱིལ་འཁོར་ཐིག་ལེ་བཞིས།།
   རྒ་བས་རྒུད་ཚེ་ལུས་པོ་རིད་པའི་ཤུལ།།
   ཐམས་ཅད་སྟོང་བའི་འཇའ་ལུས་བརྙེས་སམ་སྙམ།།

༧ བལ་ལྡན་རྩེ་དགའི་དཔལ་ལ་རོལ་བའི་སྤང༌།།
   ཡུ་བྲལ་གཡས་འཁྱིལ་དུང་གི་ཟོར་བ་ཆེ།།
   གནས་པ་གསེར་མངལ་ཅན་གྱི་རྫུ་འཕྲུལ་མཐུས།།
   ལེན་པར་མ་ནུས་ཡ་མཚན་བློ་ལས་འགོངས།།

༨ སྣ་ཚོགས་རོལ་མོའི་རམ་འདེགས་མི་དགོས་པར།།
   དྲུག་ལྡན་གླུ་དབྱངས་ལེན་མཁས་གཞོན་ནུ་ཞིག།
   ཀ་ཤི་གོས་ཀྱིས་གྲུབ་པའི་གུར་ཁང་དུ།།
   གར་དགུའི་ཉམས་ཀྱིས་འཁྱུག་པ་འདི་རྨད་བྱུང༌།།

༩ སྲེག་ཟས་མི་འཇིག་བལ་ནག་གདན་སྟེང་དུ།།
   བཞུགས་པའི་གཏུམ་ཆེན་ཆོས་རྒྱལ་རབ་ཁྲོས་ཏེ།།
   སྲིད་གསུམ་འདར་བའི་ངར་སྐད་སྒྲོག་བཞིན་དུ།།
  མིག་ལས་མེ་ཡི་ཞགས་པ་བར་མེད་འཕེན།།

༡༠ གནམ་རུའི་དབྱིབས་ལ་འཕྱ་ཞིང་དགོད་པ་ཡི།།
     ཟམ་སྟེགས་འཆི་མེད་གྲོང་ནས་སྐྱེ་འགྲོའི་ཁམས།།
     བཙུགས་ཚེ་མ་བྱུགས་མདོག་ལྔའི་ཚོན་གྱི་མདངས།།
     མངོན་པར་ཤར་བ་མིག་གི་བདུད་རྩིའི་གྲོགས།།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།