དགོད་གཏམ།༦
བུ་བཀྲ་ཤིས་ཀྱིས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་ལོ་དེར།
ཨ་ཕས་ཁོ་ལ་སྐུལ་མ་ཞིག་གཏོང་དགོས་དགོངས་ནས་
བཀྲ་ཤིས།ཁྱོད་ཀྱིས་སློབ་ཆེན་ལ་རྒྱུགས་མ་འཕྲོད་ན་
ངས་ཁྱོད་བུ་ཞིག་ལ་མི་བརྩི། ཞེས་བཤད་པས།
བཀྲ་ཤིས་ཀྱིས་དེ་མ་ཐག་
རྒྱུགས་འཕྲོད་སོང་ན་ངས་ཁྱོད་ཕ་ཞིག་ལ་མི་བརྩི།
ཞེས་ལན་བཏབ།
རྩོམ་ཁུངས། ངེད་དྲ་བ།