དགོད་གཏམ།༤
ཨ་མཆོད་གཏོར་མ་འཕེན་མི་ཤེས་པ་ཞིག་གིས་མི་ཤེས་ཤེས་ཁུལ་གྱིས་གཏོར་མ་ཚུགས་ཀ་མེད་པ་ཞིག་ཉིན་ཕྱེད་ལ་ལས་རྗེས། ཁྱིམ་བདག་ལ་སྐོར་ནས་འདྲི་རྒྱུར། ཁྱིམ་བདག་ལགས་ཨ་མཆོད་སྔོན་མ་ཚོས་གཏོར་མ་ཅི་བྱས་སོང༌།ཞེས་དྲིས་པས་ཁྱིམ་བདག་གིས་ལ་ལ་ཞིག་གིས་གཏོར་ལམ་ཡོད་འདུག་ཅེས་འཕངས་སོང༌།ཡང་ལ་ལ་ཞིག་གིས་གཏོར་ལམ་མི་འདུག་ཅེས་ཟས་སོང་ཞེས་བཤད་པས།ཨ་མཆོད་ཀྱིས་བསམ་བློ་ཅུང་བཏང་མཐར་དེ་རིང་གི་འདི་ཡང་གཏོར་ལམ་མེད་པའི་གྲས་སུ་གཏོགས་པ་འདྲ་ཞེས་བཤད་དོ། །
རྩོམ་ཁུངས། ངེད་དྲ་བ།