ཚིག་གི་མར་ལོ།༣
༡ ཁྱོད་ཀྱིས་རྒྱ་ཡིག་གིས་འབྲི་མི་ཤེས་ན་བོད་ཡིག་གིས་བྲིས་ཀྱང་ཆོག
——མཛའ་འཕྲིན་ཞིག་ལས་བཤུས།
༢ ཁྱོད་ཀྱིས་འབྲས་ཟ་ཨེ་ཤེས།
——ནང་ལོགས་ཀྱི་རྒྱ་མི་ཞིག་གིས་བོད་རིགས་སློབ་མ་ཞིག་ལ་དྲིས་པ།
༣ རྡུང་རེས་བྱེད་རྒྱུ།
——དགེ་རྒན་གྱིས་རང་ཉིད་ཀྱི་ཁེ་ཕན་ཇི་ལྟར་བསྲུང་རྒྱུ་ཞེས་དྲིས་ཚེ་སློབ་མས་འདི་ལྟར་ཚམ་ཚོམ་མེད་པར་ལན་བཏབ་སོང༌།
༤ ཚད་ཆེན་ཧ་ཅང་ཆེན་པོའི་ཆ་ནས་འཕེལ་རྒྱས་དེ་རིགས་ལས་ཐོབ་རེད།
——སློབ་མ་ཚོས་ཏུན་ཧོང་གཏེར་ཡིག་ཏུ་འབོད་པའི་སློབ་དེབ་བསྒྱུར་མ་ལས་བཤུས།
༥སློབ་རར་འཛུལ་རྗེས་དུ་བ་མེད
——དགེ་རྒན་ཞིག་གིས་ཤོག་དུད་རྐང་གཅིག་ཁ་ནང་ལ་འཛེར་ནས་ལག་པ་གཉིས་ཀྱིས་གྱང་ངོས་ལ་ཁ་གཡང་འདི་སྦྱར་སོང༌།
༦གང་ཟག་གི་ཚོད་གང་ཟག་གིས་མི་ཐིག
——བླ་མ་ཚོ་སྐྱ་སར་བབས་རྗེས་ཕ་ཡུལ་གྱི་རྒན་རྒོན་ཚོས་འདི་ལྟར་རང་ཉིད་ལ་སེམས་གསོ་བྱེད་ཀྱིན་འདུག
༧ ད་ཐེངས་འཛུལ་དུ་མ་བཅུག་ན་ཐུགས་ཐག་བཅད་མེད་པའི་རྟགས་ཡིན།
——སྟེགས་ལྒང་ར་བའི་ཁ་ཕོ།
༨ ཟ་ཁང་འཐུང་དུ་འགྲོ
——འབྲོག་ཁུལ་ག་གེ་མོ་ནས་ཟ་མ་ཟ་རུ་འགྲོ་ཞེས་པ་འདི་ལྟར་བརྗོད་ཀྱིན་འདུག
རྩོམ་ཁུངས། ངེད་དྲ་བ།