ཚིག་གི་མར་ལོ།༡

༡ “ཤ” “ཤ” “ཤ་ཨེ་འདུག” “ཤ་རྡོག་ཙམ་ཡང་མི་འདུག”

                            ——སློབ་གྲྭའི་ཇ་ཁང་སྒོ་ནས་རྒྱུན་པར་ཐོས་སྲིད་པའི་རྒྱུན་བཀོལ་གྱི་ཐ་སྙད།

༢ ཁྱོད་ཚོ་སློབ་གྲྭ་ཆེན་མོར་སོང་དང་ཅི་ཡང་བྱེད་ཆོག་པ་རེད། ཆང་འཐུང་ཆོག་ལ་དུ་བ་འཐེན་ཆོག  དགའ་རོགས་ཀྱང་གང་འདོད་དུ་འཚོལ་ཆོག

                            ——སློབ་འབྲིང་དགེ་རྒན་ཞིག་གི་སློབ་མ་ཚོར་སྐུལ་ལྕག་གཏོང་བྱེད་ཀྱི་ཚིག

༣ དགེ་རྒན་ན་རེ། “མཇུག་སྒྲོ་ཟེར་བ་གཤོག་པ་རེད”

   སློབ་མ་ན་རེ། “མཇུག་སྒྲོ་ཟེར་བ་གཤོག་པ་མ་རེད”

   མཐར་འགྲམ་ལྕག་གཅིག་གིས་མཇུག་བསྡུས་སོང༌།

                            ——སློབ་ཆུང་ག་གེ་མོ་ཞིག་ནས་བྱུང་བའི་དོན་དངོས།

༤ འདྲེ་ལ་ལོས་སྐྲག  འོན་ཀྱང་ཉེན་རྟོག་པར་དེ་ལས་ཀྱང་སྐྲག

                            ——འབྲོག་པ་ཞིག་གིས“ཁྱོད་འདྲེ་ལ་སྐྲག་གམ་ཉེན་རྟོག་པར་སྐྲག”ཅེས་པའི་དྲི་བར་བཏབ་པའི་ལན།

༥ འཇག་མའི་རྩྭ་ཐང་དོན་ལ། རང་སྲོག་རྩྭ་ལ་བརྗེ་དོན་ཅི་ཞིག་ཡིན།

                            ——གླུ་བ་ཆེ་གེ་མོ་ཞིག་གི་གླུ་ཚིག་ལས།

༦ ང་ཁྱོད་ལ་མི་དགའ་ན་དཀོན་མཆོག་སུམ། ང་ཁྱོད་ལ་འགྲོགས་འདོད་མེད་ན་ཨ་མའི་ཞྭ།

                            ——ཡིག་ནོར་འབྲི་བ་ལ་བརྟེན་ནས་བུ་མོ་ཚོར་མགོ་སྐོར་གཏོང་བའི་ཐབས་འཕྲུལ་ཅིག

༧ ཡི་གེ་མི་ཤེས། བོད་ཡིག་ཏོག་ཙམ་འདོན་ཤེས།

                             ——མི་རེ་འགས”ཡི་གེ་ཨེ་ཤེས”ཞེས་དྲིས་ཚེ་དེ་ལྟར་ལན་འདེབས་ཀྱིན་འདུག

༨ ལོ་ཁ་ཤས་ལ་སློབ་གྲྭར་སོང་དང་ལས་བྱེད་པ་ཞིག་ཏུ་མ་གྱུར་ནའང་དགེ་རྒན་ཞིག་ཏུ་འགྱུར་ངེས་རེད།

                             ——ཕ་མ་ཞིག་གིས་བུ་ཕྲུག་ལ་གནང་བའི་བསླབ་བྱ།

༩ ཨ་རིའི་སྒོར་མོ་བོད་ལ་བཀའ་དྲིན་ཆེ།

                             ——"ཀུན་ཕན་ཐེབས་རྩ་ཚོགས་པ”འི་རོགས་དངུལ་ཐོབ་པའི་མི་ཚོས་སྔོན་གྱི"རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ”ཞེས་པའི་ཚིག་དེ་བསྒྱུར་བ།

༡༠ མི་ཤེས་གི

                             ——སློབ་མ་ཚོས་རྒྱུན་པར་འདེབས་པའི་སྟབས་བདེ་ཤོས་ཀྱི་ལན།

༡༡ དགེ་རྒན་ལྐུགས་པ་རེད། སློབ་མ་འོན་པ་རེད།

                              ——རོང་འབྲོག་ཁུལ་གྱི་སློབ་གསོ་སྒྲུབ་སྟངས་ཀྱི་རྣམ་པ་རིགས་ཤིག་གི་སྣང་བརྙན།

༡༢ ཁྲིམས་ཟེར་བ་ང་ཡིན།

                               ——འབྲོག་པ་ཞིག་གིས”ངས་ཁྲིམས་ངོར་གཏུག་རྒྱུ”ཞེས་པར་ཉེན་རྟོག་པ་ཞིག་གིས་སློག་པའི་ལན།

༡༣ དེ་མི་ཞིག་མ་རེད། བུད་མེད་ཅིག་རེད།

                               ——འབྲོག་ཕྱོགས་ནས་བཤད་ལོབས་སུ་སོང་བའི་ཚིག་གཅིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་མར་ལོ།༡

2008-11-03 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།