ལ་གཞས་མཐུན་པ་དྲུག་སྐོར་ལས། འབྲལ་བའི་སྐོར།༣

 

 

 

 

 

 

༣༡ང་བྱ་བརྒྱའི་གླག་མོ་ཟེར་བས།།

དགུང་ནམ་འཕང་གཏད་ནས་འགྲོ་དུས།།

དགུང་ནམ་འཕང་མཐོ་ནོ་མ་བསམ་ཟིག།

རླུང་སྔུན་ནས་གཡུག་རྒྱུ་མ་བསམ་ཟིག།

ང་འཕུར་སའི་དགུང་སྔོན་གནམ་ནས།།

ང་འབབ་སའི་བྲག་དམར་ཐེམ་ནས།།

བསམ་བསྡད་ནས་འདང་ཞིག་བརྒྱབ་ན།།

བྲག་བྱ་ཚང་གཞུག་ན་བསྐྱུར་ཡོད།།

བྱ་གཤོག་མཐུན་བློ་ཡིས་བཏང་ཡོད།།

གླག་རོག་མོ་སེམས་ཀྱི་སྨྲེང་རེད།།

འདུག་མི་ཐུབ་སྤྱད་ཀྱི་གཞི་རེད།།

 

ང་ཁ་འཁྱམ་བྱི་མོ་ཟེར་བས།།

ས་སྡེ་རུ་བརྒྱུད་ནས་འགྲོ་དུས།།

སྡེ་ཁ་ཞེང་ཆེ་ནོ་མ་ཤེས་ཟིག།

ས་ཁ་ཐག་རིང་ནོ་མ་བསམ་ཟིག།

ང་སོང་སའི་སྡེ་ཆེན་མཐའ་ནས།།

ང་འདུག་སའི་དགྲ་ནག་རྩིབ་ནས།།

བསམ་བསྡད་ནས་འདང་ཞིག་བརྒྱབ་ན།།

ས་རང་སྡེ་གཞུག་ན་བསྐྱུར་ཡོད།།

རོགས་ཞེ་མཐུན་བློ་ཡིས་བཏང་ཡོད།།

ང་བྱི་མོ་སེམས་ཀྱི་སྨྲེང་རེད།།

འདུག་མི་ཐུབ་སྤྱད་ཀྱི་གཞི་རེད།།

 

༣༢རྒོད་ཐང་དཀར་ཐང་ནག་གཉིས་ཀ།

དགུང་ནམ་འཕང་གཏོད་རྒྱུ་བྱས་ཡོད།།

རླུང་བསེར་བུ་བསམ་པ་བཙོག་པས།།

དགུང་སྟོད་སྨད་ཅིག་ལ་ཁྱེར་ཐལ།།

ཁྱོད་ས་ཡི་བྲག་དམར་ཐེམ་ནས།།

ང་ཟེར་ནས་བརྗེད་དུ་མ་འཇུག།

ང་ས་ཡི་དགུང་སྔོན་གནམ་ནས།།

ཁྱོད་ཟེར་ནས་བརྗེད་རྒྱུ་དཔེ་མེད།།

 

རོགས་ཁྱོད་དང་འོ་སྐོལ་གཉིས་ཀ།

ཁྱིམ་གཅིག་ལ་འདུ་རྒྱུ་བྱས་ཡོད།།

གླིང་མི་ཁ་བསམ་པ་བཙོག་པས།།

སྡེ་སྟོད་སྨད་ཅིག་ལ་ཁྱེར་ཐལ།།

ཁྱོད་ས་ཡི་གནས་ཡུལ་ཁམས་ནས།།

ང་ཟེར་ནས་བརྗེད་དུ་མ་འཇུག།

ང་ས་ཡི་རང་སྡེའི་གྲོང་ནས།།

ཁྱོད་ཟེར་ནས་བརྗེད་རྒྱུ་དཔེ་མེད།།

 

༣༣ཕར་བྱང་ཕྱོགས་རྨ་ཆུའི་ཁ་ནས།།

བྱ་རྨ་བྱ་གསེར་ལོར་ཤོད་ལ།།

གཤོག་འཕུར་དུས་འདང་རེ་རྒྱག་ན།།

སྒྲོ་ཡག་པ་རླུང་ལ་མ་བསྐུར།།

དབྱར་དུས་གསུམ་འབོད་པ་ཐོངས་ལ།།

འབྲུག་ལྗང་ལོའི་སྐད་ཆ་ལོས་གོ།

འབྲུག་ཐུག་གི་སྟབས་ཀ་ལོས་འགྲིག།

 

མར་བལྟས་ཀྱི་སྡེ་ཆེན་གྲོང་ནས།།

གྲོང་ན་ཟླའི་རོགས་ལོར་ཤོད་ལ།།

རོགས་ང་ལ་འདང་རེ་རྒྱག་ན།།

སེམས་མ་སྐྱོ་སྡུག་ལ་མ་བསྐུར།།

སྡེ་ཆེན་པོར་ཚིག་ཉུང་ཐོངས་ལ།།

རོགས་ཆུང་ལོའི་སྐད་ཆ་ལོས་གོ།

རོགས་ཐུག་གི་སྟབས་ཀ་ལོས་འགྲིག།

 

༣༤ཡར་བལྟས་ཀྱི་ཁྲ་ཡག་རྫ་ནས།།

ཤ་གྲོ་སྐྱ་དུང་གི་རུ་ཐུར་ཅན།།

ཤ་མ་དྲང་བསམ་པ་མེད་མོད།།

ལས་སྔོན་གྱི་སྨོན་ལམ་མེད་ན།།

ཤ་དྲང་རུང་ཐོབ་བྱ་མེད་གི།

ཤ་ཤ་མང་གྲལ་དུ་སྡོད་དང་།།

ཤའི་ཐིག་ལེ་རྒྱབ་ལ་ཕྱོར་དང་།།

རྭ་ཆ་བརྒྱད་ཐུགས་ལ་ཟུངས་དང་།།

ངའི་སེམས་ཀྱི་དྲོད་ཐིག་དེ་རེད།།

 

མར་བལྟས་ཀྱི་སྡེ་ཆེན་ཁྲོམ་ནས།།

རོགས་ཆུང་ལོ་ལྷ་སྐུ་འདྲ་བོ།།

རོགས་མ་དྲང་བསམ་པ་མེད་མོད།།

ལས་སྔོན་གྱི་སྔོན་ལམ་མེད་ན།།

རོགས་དྲང་རུང་ཐོབ་བྱ་མེད་གི།

རོགས་སྡེ་ཆེན་གྲོང་ནས་སྡོད་དང་།།

རོགས་ཞེ་འདང་ཡིད་ལ་ཟུངས་དང་།།

ཚིག་དོན་ཆེན་ཐོད་ལ་ཕྱོར་དང་།།

ངའི་སེམས་ཀྱི་དྲོད་ཐིག་དེ་རེད།།

 

༣༥ནགས་རྒྱ་རྫོང་སྐྱིད་ཀྱི་དལ་ཁུགས་ནས།།

ང་ནགས་བྱེའུ་འཇོལ་མོ་ལོབས་ནི་གིས།།

མགོ་སྒུར་ནས་ནགས་སིལ་བཏུས་ནི་གིས།།

ཤིང་བྲ་མའི་བར་རྐང་བསོ་ནི་གིས།།

བྱ་ཁ་ཁར་སོང་བའི་ཕྱི་ཉིན་ནས།།

ནགས་རྒྱ་རྫོང་སྐྱིད་ཀྱི་དལ་ཁུགས་ནས།།

ང་ཁེར་མོས་ཉི་མ་ཅི་ལྟར་ཐོངས།།

 

ས་སྡེ་ཆེན་རྩེད་རའི་གྲོང་ཁྱེར་ནས།།

ང་ཕ་བཟང་བུ་མོར་ལོབས་ནི་གིས།།

ཚིག་བཤད་ནས་ནང་ཁོག་གཏད་ནི་གིས།།

གྲོང་རྩེ་བའི་གྲས་ནས་བསོ་ནི་གིས།།

སང་ནངས་མོ་ཁ་ཁར་སོང་དུས།།

ས་སྡེ་ཆེན་རྩེ་བའི་གྲས་ནས།།

ང་ཁེར་མོས་ཉི་མ་ཅི་ལྟར་ཐོངས།།

 

༣༦ས་རྒྱ་གར་ཡུལ་གྱི་ཁུ་ལོ།།

ཁྱོད་རྒྱ་རྫོང་ནགས་ལ་འཕུར་དུས།།

ཁྱོད་འཕུར་ནས་ནམ་ཚོད་ཐོན་རྒྱུ།།

ཁྱོད་ཐོན་ཚོད་འདུག་ཚོད་ཤོད་དང་།།

ནགས་ཁ་རི་ཉུལ་ནས་བལྟ་རྒྱུ།།

སིལ་ཁ་དོག་སྡེར་ཁ་བསྒྲིག་རྒྱུ།།

 

གྲོང་རྩེ་བའི་གྲས་ཀྱི་རོགས་ལོ།།

རོགས་རང་རང་ས་ལ་འགྲོ་དུས།།

ཁྱོད་སོང་ནས་ནམ་ཚོད་ཐོན་རྒྱུ།།

ཁྱོས་ཐོན་ཚོད་འདུག་ཚོད་ཤོད་དང་།།

སྡེ་ཁ་རུ་ཉུལ་ནས་བལྟ་རྒྱུ།།

ཁ་ཚིག་གསུམ་དོན་ལ་འབེབ་རྒྱུ།།

 

༣༧ཡར་བལྟས་ཀྱི་ནགས་རི་གོང་མ་ནས།།

ངའི་འཕུར་གྲོགས་འཇོལ་མོར་ཤོད་ལ།།

བྱ་ཁུ་ལོས་ནགས་རི་བརྒྱུད་དུས།།

བྱ་རང་ལ་འཕུར་ཐལ་མ་འདོདལ།

སྟོན་གསུམ་བད་ལ་ཁ་གདུག་ཆེ།།

དགུན་གསུམ་ཙག་ལ་ཁོག་གདུག་ཆེ།།

བྱ་མ་འཕུར་བློ་ཞིག་མེད་ནི་ཡིན།།

སང་ནངས་མོ་བཞི་བ་ཚེས་དུས་ན།།

ཕྱིར་འཁོར་ནས་ནགས་ལ་མ་ཐོན་དུས།།

བྱ་ཁུ་ལོའི་ཕྱོགས་ནས་ཤོར་ནི་ཡིན།།

བྱེའུ་འཇོལ་མོར་འཇོག་ས་མེད་བཅོས་ནི་ཡིན།།

 

ས་སྡེ་ཆེན་སྡེ་ལུང་གོང་མ་ནས།།

ངའི་འདང་ཅན་རོགས་ལོར་ཤོད་ལ།།

སྟག་ཤ་རས་སྡེ་རུ་ཉུལ་དུས།།

རོགས་རང་ལ་བུད་ཐལ་མ་འདོད།།

ཕྱི་སྡེ་ཆེན་སྡེ་བ་ཁ་གདུག་ཆེ།།

གཏམ་དང་མི་ཁ་ཁོག་གདུག་ཆེ།།

ང་མ་སོང་བློ་ཞིག་མེད་ནི་ཡིན།།

ལོ་གཞུག་མར་ཕྱི་བསྐོར་མ་བརྒྱབ་ན།།

ང་བྱི་ལའི་ཕྱོགས་ནས་ཤོར་ནི་ཡིན།།

རོགས་ཆུང་ལོར་འཇོག་མེད་བཅས་ནི་ཡིན།།

 

༣༨ཁྱོད་འཛམ་གླིང་ཉི་མ་སེར་བོ།།

ང་བཅོ་ལྔའི་དུང་ཟླ་དཀར་བོ།།

མཉམ་གཅིག་ལ་དགུང་ནས་ཤར་ནས།།

ལྷན་གཅིག་ལ་་དབང་མེད་པ།།

ལྷ་ཨོ་རྒྱན་པད་མའི་བཀའ་རེད།།

དགུང་ཉི་ཟླ་གཉིས་ཀའི་ལས་རེད།།

 

ཁྱོད་ཕ་རིའི་ཕ་བཟང་བུ་ཚ།།

ང་ཚུ་རིའི་ཞང་བཟང་ཚ་མོ།།

མཉམ་གཅིག་ལ་གྲོང་ནས་ཐུག་ནས།།

ལྷན་གཅིག་ལ་འགྲོགས་ལས་མེད་པ།།

ས་སྡེ་ཆེན་སྡེ་བའི་བཀའ་རེད།།

རོགས་འོ་སྐོལ་གཉིས་ཀའི་ལས་རེད།།

 

༣༩ཡར་བལྟས་ཀྱི་དགུང་སྔོན་གནམ་ནས།།

ཟླ་འོད་ཆེན་ཀན་གྱི་སྐྱིད་ལ་ལྟོས།།

ཞེ་ཆགས་ས་མེད་ལ་འཇའ་འགྲོ་གི།

དགུང་ཉི་མ་ཁྱོད་དང་འུ་གཉིས་ཀ།

སྤྲིན་ནག་པོའི་ཁོང་གསེང་ཞིག་ནས།།

གཅིག་ཐུག་པ་ད་མ་ཡུད་རེད།།

ཞེ་སྡུག་པ་བསྐལ་བ་སྟོང་རེད།།

 

མར་བལྟས་ཀྱི་རྩེ་བའི་གྲོང་ནས།།

རོགས་ཁ་མཐུན་ཀན་གྱི་སྐྱིད་ལ་ལྟོས།།

ཞེ་ཆགས་ས་མེད་ལ་བུད་འགྲོ་གི།

ངའི་ཞེ་མཐུན་ཁྱོད་དང་འུ་གཉིས་ཀ།

སྡེ་ཆེན་པོ་མི་ཁའི་འོག་ནས།།

གཅིག་ཐུག་པ་ད་མ་ཡུད་རེད།།

ཞེ་སྡུག་པ་བསྐལ་བ་སྟོང་རེད།།

 

༤༠མཚོ་མེ་ལོང་དྭངས་ཤ་ཅན་པོ།།

ཁྱོས་ལྟོས་དང་ཁ་ཞེང་ཆེ་གི།

ཉ་གསེར་མིག་ལྡེམ་མྱུར་ཅན་པོ།།

དེའི་ཞོར་ལ་ཁ་གྲངས་མང་གི།

མཚོ་རང་གྲུབ་མཚོ་ལུང་དལ་ནས།།

ཉ་རང་གྲུབ་དཀར་མོ་གཤོག་དྲུག།

གཤོག་རང་གྲུབ་ཐད་ལ་བརྐྱངས་ན།།

མཚོ་དྭངས་ཤ་ཅན་པོའི་རྒྱན་རེད།།

སྤྲིན་ནག་པོའི་གནས་ཡུལ་མཚོ་རེད།།

དེའི་ཁ་ཟས་གསེར་མིག་ཉ་རེད།།

འཛེམ་དགོས་པ་མ་ཁ་དེ་རེད།།

 

སྡེ་ཆེན་པོ་ཁ་མགོ་ཅན་པོ།།

ཁྱོ་ལྟོས་དང་ཁ་ཞེང་ཆེ་གི།

ནང་ན་ཟླ་ཁ་ཚིག་ཅན་པོ།།

དེའི་ཞོར་ལ་ཁ་གྲངས་མང་གི།

སྡེ་རང་གྲུབ་སྡེ་ལུང་དལ་ནས།།

ཞེ་རང་མཐུན་ན་ཟླའི་རོགས་ལོ།།

ཁ་ལ་གཞས་བླངས་ནས་རྩེ་ན།།

རོགས་ཞེ་འདང་ཅན་པོའི་རྒྱན་རེད།།

ནང་ན་ཟླའི་ཕ་ཡུལ་སྡེ་རེད།།

དེའི་ཁ་ཚིག་ཞོར་ན་རྫུན་ཡོད།།

འཛེམ་དགོས་པ་མ་ཁ་དེ་རེད།།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། འབྲལ་བའི་སྐོར།༣

2009-07-27 བོད་མི་དམངས། ཀློག་གྲངས། མཆན ཡོད།

 

 

 

 

 

 

༣༡ང་བྱ་བརྒྱའི་གླག་མོ་ཟེར་བས།།

དགུང་ནམ་འཕང་གཏད་ནས་འགྲོ་དུས།།

དགུང་ནམ་འཕང་མཐོ་ནོ་མ་བསམ་ཟིག།

རླུང་སྔུན་ནས་གཡུག་རྒྱུ་མ་བསམ་ཟིག།

ང་འཕུར་སའི་དགུང་སྔོན་གནམ་ནས།།

ང་འབབ་སའི་བྲག་དམར་ཐེམ་ནས།།

བསམ་བསྡད་ནས་འདང་ཞིག་བརྒྱབ་ན།།

བྲག་བྱ་ཚང་གཞུག་ན་བསྐྱུར་ཡོད།།

བྱ་གཤོག་མཐུན་བློ་ཡིས་བཏང་ཡོད།།

གླག་རོག་མོ་སེམས་ཀྱི་སྨྲེང་རེད།།

འདུག་མི་ཐུབ་སྤྱད་ཀྱི་གཞི་རེད།།

 

ང་ཁ་འཁྱམ་བྱི་མོ་ཟེར་བས།།

ས་སྡེ་རུ་བརྒྱུད་ནས་འགྲོ་དུས།།

སྡེ་ཁ་ཞེང་ཆེ་ནོ་མ་ཤེས་ཟིག།

ས་ཁ་ཐག་རིང་ནོ་མ་བསམ་ཟིག།

ང་སོང་སའི་སྡེ་ཆེན་མཐའ་ནས།།

ང་འདུག་སའི་དགྲ་ནག་རྩིབ་ནས།།

བསམ་བསྡད་ནས་འདང་ཞིག་བརྒྱབ་ན།།

ས་རང་སྡེ་གཞུག་ན་བསྐྱུར་ཡོད།།

རོགས་ཞེ་མཐུན་བློ་ཡིས་བཏང་ཡོད།།

ང་བྱི་མོ་སེམས་ཀྱི་སྨྲེང་རེད།།

འདུག་མི་ཐུབ་སྤྱད་ཀྱི་གཞི་རེད།།

 

༣༢རྒོད་ཐང་དཀར་ཐང་ནག་གཉིས་ཀ།

དགུང་ནམ་འཕང་གཏོད་རྒྱུ་བྱས་ཡོད།།

རླུང་བསེར་བུ་བསམ་པ་བཙོག་པས།།

དགུང་སྟོད་སྨད་ཅིག་ལ་ཁྱེར་ཐལ།།

ཁྱོད་ས་ཡི་བྲག་དམར་ཐེམ་ནས།།

ང་ཟེར་ནས་བརྗེད་དུ་མ་འཇུག།

ང་ས་ཡི་དགུང་སྔོན་གནམ་ནས།།

ཁྱོད་ཟེར་ནས་བརྗེད་རྒྱུ་དཔེ་མེད།།

 

རོགས་ཁྱོད་དང་འོ་སྐོལ་གཉིས་ཀ།

ཁྱིམ་གཅིག་ལ་འདུ་རྒྱུ་བྱས་ཡོད།།

གླིང་མི་ཁ་བསམ་པ་བཙོག་པས།།

སྡེ་སྟོད་སྨད་ཅིག་ལ་ཁྱེར་ཐལ།།

ཁྱོད་ས་ཡི་གནས་ཡུལ་ཁམས་ནས།།

ང་ཟེར་ནས་བརྗེད་དུ་མ་འཇུག།

ང་ས་ཡི་རང་སྡེའི་གྲོང་ནས།།

ཁྱོད་ཟེར་ནས་བརྗེད་རྒྱུ་དཔེ་མེད།།

 

༣༣ཕར་བྱང་ཕྱོགས་རྨ་ཆུའི་ཁ་ནས།།

བྱ་རྨ་བྱ་གསེར་ལོར་ཤོད་ལ།།

གཤོག་འཕུར་དུས་འདང་རེ་རྒྱག་ན།།

སྒྲོ་ཡག་པ་རླུང་ལ་མ་བསྐུར།།

དབྱར་དུས་གསུམ་འབོད་པ་ཐོངས་ལ།།

འབྲུག་ལྗང་ལོའི་སྐད་ཆ་ལོས་གོ།

འབྲུག་ཐུག་གི་སྟབས་ཀ་ལོས་འགྲིག།

 

མར་བལྟས་ཀྱི་སྡེ་ཆེན་གྲོང་ནས།།

གྲོང་ན་ཟླའི་རོགས་ལོར་ཤོད་ལ།།

རོགས་ང་ལ་འདང་རེ་རྒྱག་ན།།

སེམས་མ་སྐྱོ་སྡུག་ལ་མ་བསྐུར།།

སྡེ་ཆེན་པོར་ཚིག་ཉུང་ཐོངས་ལ།།

རོགས་ཆུང་ལོའི་སྐད་ཆ་ལོས་གོ།

རོགས་ཐུག་གི་སྟབས་ཀ་ལོས་འགྲིག།

 

༣༤ཡར་བལྟས་ཀྱི་ཁྲ་ཡག་རྫ་ནས།།

ཤ་གྲོ་སྐྱ་དུང་གི་རུ་ཐུར་ཅན།།

ཤ་མ་དྲང་བསམ་པ་མེད་མོད།།

ལས་སྔོན་གྱི་སྨོན་ལམ་མེད་ན།།

ཤ་དྲང་རུང་ཐོབ་བྱ་མེད་གི།

ཤ་ཤ་མང་གྲལ་དུ་སྡོད་དང་།།

ཤའི་ཐིག་ལེ་རྒྱབ་ལ་ཕྱོར་དང་།།

རྭ་ཆ་བརྒྱད་ཐུགས་ལ་ཟུངས་དང་།།

ངའི་སེམས་ཀྱི་དྲོད་ཐིག་དེ་རེད།།

 

མར་བལྟས་ཀྱི་སྡེ་ཆེན་ཁྲོམ་ནས།།

རོགས་ཆུང་ལོ་ལྷ་སྐུ་འདྲ་བོ།།

རོགས་མ་དྲང་བསམ་པ་མེད་མོད།།

ལས་སྔོན་གྱི་སྔོན་ལམ་མེད་ན།།

རོགས་དྲང་རུང་ཐོབ་བྱ་མེད་གི།

རོགས་སྡེ་ཆེན་གྲོང་ནས་སྡོད་དང་།།

རོགས་ཞེ་འདང་ཡིད་ལ་ཟུངས་དང་།།

ཚིག་དོན་ཆེན་ཐོད་ལ་ཕྱོར་དང་།།

ངའི་སེམས་ཀྱི་དྲོད་ཐིག་དེ་རེད།།

 

༣༥ནགས་རྒྱ་རྫོང་སྐྱིད་ཀྱི་དལ་ཁུགས་ནས།།

ང་ནགས་བྱེའུ་འཇོལ་མོ་ལོབས་ནི་གིས།།

མགོ་སྒུར་ནས་ནགས་སིལ་བཏུས་ནི་གིས།།

ཤིང་བྲ་མའི་བར་རྐང་བསོ་ནི་གིས།།

བྱ་ཁ་ཁར་སོང་བའི་ཕྱི་ཉིན་ནས།།

ནགས་རྒྱ་རྫོང་སྐྱིད་ཀྱི་དལ་ཁུགས་ནས།།

ང་ཁེར་མོས་ཉི་མ་ཅི་ལྟར་ཐོངས།།

 

ས་སྡེ་ཆེན་རྩེད་རའི་གྲོང་ཁྱེར་ནས།།

ང་ཕ་བཟང་བུ་མོར་ལོབས་ནི་གིས།།

ཚིག་བཤད་ནས་ནང་ཁོག་གཏད་ནི་གིས།།

གྲོང་རྩེ་བའི་གྲས་ནས་བསོ་ནི་གིས།།

སང་ནངས་མོ་ཁ་ཁར་སོང་དུས།།

ས་སྡེ་ཆེན་རྩེ་བའི་གྲས་ནས།།

ང་ཁེར་མོས་ཉི་མ་ཅི་ལྟར་ཐོངས།།

 

༣༦ས་རྒྱ་གར་ཡུལ་གྱི་ཁུ་ལོ།།

ཁྱོད་རྒྱ་རྫོང་ནགས་ལ་འཕུར་དུས།།

ཁྱོད་འཕུར་ནས་ནམ་ཚོད་ཐོན་རྒྱུ།།

ཁྱོད་ཐོན་ཚོད་འདུག་ཚོད་ཤོད་དང་།།

ནགས་ཁ་རི་ཉུལ་ནས་བལྟ་རྒྱུ།།

སིལ་ཁ་དོག་སྡེར་ཁ་བསྒྲིག་རྒྱུ།།

 

གྲོང་རྩེ་བའི་གྲས་ཀྱི་རོགས་ལོ།།

རོགས་རང་རང་ས་ལ་འགྲོ་དུས།།

ཁྱོད་སོང་ནས་ནམ་ཚོད་ཐོན་རྒྱུ།།

ཁྱོས་ཐོན་ཚོད་འདུག་ཚོད་ཤོད་དང་།།

སྡེ་ཁ་རུ་ཉུལ་ནས་བལྟ་རྒྱུ།།

ཁ་ཚིག་གསུམ་དོན་ལ་འབེབ་རྒྱུ།།

 

༣༧ཡར་བལྟས་ཀྱི་ནགས་རི་གོང་མ་ནས།།

ངའི་འཕུར་གྲོགས་འཇོལ་མོར་ཤོད་ལ།།

བྱ་ཁུ་ལོས་ནགས་རི་བརྒྱུད་དུས།།

བྱ་རང་ལ་འཕུར་ཐལ་མ་འདོདལ།

སྟོན་གསུམ་བད་ལ་ཁ་གདུག་ཆེ།།

དགུན་གསུམ་ཙག་ལ་ཁོག་གདུག་ཆེ།།

བྱ་མ་འཕུར་བློ་ཞིག་མེད་ནི་ཡིན།།

སང་ནངས་མོ་བཞི་བ་ཚེས་དུས་ན།།

ཕྱིར་འཁོར་ནས་ནགས་ལ་མ་ཐོན་དུས།།

བྱ་ཁུ་ལོའི་ཕྱོགས་ནས་ཤོར་ནི་ཡིན།།

བྱེའུ་འཇོལ་མོར་འཇོག་ས་མེད་བཅོས་ནི་ཡིན།།

 

ས་སྡེ་ཆེན་སྡེ་ལུང་གོང་མ་ནས།།

ངའི་འདང་ཅན་རོགས་ལོར་ཤོད་ལ།།

སྟག་ཤ་རས་སྡེ་རུ་ཉུལ་དུས།།

རོགས་རང་ལ་བུད་ཐལ་མ་འདོད།།

ཕྱི་སྡེ་ཆེན་སྡེ་བ་ཁ་གདུག་ཆེ།།

གཏམ་དང་མི་ཁ་ཁོག་གདུག་ཆེ།།

ང་མ་སོང་བློ་ཞིག་མེད་ནི་ཡིན།།

ལོ་གཞུག་མར་ཕྱི་བསྐོར་མ་བརྒྱབ་ན།།

ང་བྱི་ལའི་ཕྱོགས་ནས་ཤོར་ནི་ཡིན།།

རོགས་ཆུང་ལོར་འཇོག་མེད་བཅས་ནི་ཡིན།།

 

༣༨ཁྱོད་འཛམ་གླིང་ཉི་མ་སེར་བོ།།

ང་བཅོ་ལྔའི་དུང་ཟླ་དཀར་བོ།།

མཉམ་གཅིག་ལ་དགུང་ནས་ཤར་ནས།།

ལྷན་གཅིག་ལ་་དབང་མེད་པ།།

ལྷ་ཨོ་རྒྱན་པད་མའི་བཀའ་རེད།།

དགུང་ཉི་ཟླ་གཉིས་ཀའི་ལས་རེད།།

 

ཁྱོད་ཕ་རིའི་ཕ་བཟང་བུ་ཚ།།

ང་ཚུ་རིའི་ཞང་བཟང་ཚ་མོ།།

མཉམ་གཅིག་ལ་གྲོང་ནས་ཐུག་ནས།།

ལྷན་གཅིག་ལ་འགྲོགས་ལས་མེད་པ།།

ས་སྡེ་ཆེན་སྡེ་བའི་བཀའ་རེད།།

རོགས་འོ་སྐོལ་གཉིས་ཀའི་ལས་རེད།།

 

༣༩ཡར་བལྟས་ཀྱི་དགུང་སྔོན་གནམ་ནས།།

ཟླ་འོད་ཆེན་ཀན་གྱི་སྐྱིད་ལ་ལྟོས།།

ཞེ་ཆགས་ས་མེད་ལ་འཇའ་འགྲོ་གི།

དགུང་ཉི་མ་ཁྱོད་དང་འུ་གཉིས་ཀ།

སྤྲིན་ནག་པོའི་ཁོང་གསེང་ཞིག་ནས།།

གཅིག་ཐུག་པ་ད་མ་ཡུད་རེད།།

ཞེ་སྡུག་པ་བསྐལ་བ་སྟོང་རེད།།

 

མར་བལྟས་ཀྱི་རྩེ་བའི་གྲོང་ནས།།

རོགས་ཁ་མཐུན་ཀན་གྱི་སྐྱིད་ལ་ལྟོས།།

ཞེ་ཆགས་ས་མེད་ལ་བུད་འགྲོ་གི།

ངའི་ཞེ་མཐུན་ཁྱོད་དང་འུ་གཉིས་ཀ།

སྡེ་ཆེན་པོ་མི་ཁའི་འོག་ནས།།

གཅིག་ཐུག་པ་ད་མ་ཡུད་རེད།།

ཞེ་སྡུག་པ་བསྐལ་བ་སྟོང་རེད།།

 

༤༠མཚོ་མེ་ལོང་དྭངས་ཤ་ཅན་པོ།།

ཁྱོས་ལྟོས་དང་ཁ་ཞེང་ཆེ་གི།

ཉ་གསེར་མིག་ལྡེམ་མྱུར་ཅན་པོ།།

དེའི་ཞོར་ལ་ཁ་གྲངས་མང་གི།

མཚོ་རང་གྲུབ་མཚོ་ལུང་དལ་ནས།།

ཉ་རང་གྲུབ་དཀར་མོ་གཤོག་དྲུག།

གཤོག་རང་གྲུབ་ཐད་ལ་བརྐྱངས་ན།།

མཚོ་དྭངས་ཤ་ཅན་པོའི་རྒྱན་རེད།།

སྤྲིན་ནག་པོའི་གནས་ཡུལ་མཚོ་རེད།།

དེའི་ཁ་ཟས་གསེར་མིག་ཉ་རེད།།

འཛེམ་དགོས་པ་མ་ཁ་དེ་རེད།།

 

སྡེ་ཆེན་པོ་ཁ་མགོ་ཅན་པོ།།

ཁྱོ་ལྟོས་དང་ཁ་ཞེང་ཆེ་གི།

ནང་ན་ཟླ་ཁ་ཚིག་ཅན་པོ།།

དེའི་ཞོར་ལ་ཁ་གྲངས་མང་གི།

སྡེ་རང་གྲུབ་སྡེ་ལུང་དལ་ནས།།

ཞེ་རང་མཐུན་ན་ཟླའི་རོགས་ལོ།།

ཁ་ལ་གཞས་བླངས་ནས་རྩེ་ན།།

རོགས་ཞེ་འདང་ཅན་པོའི་རྒྱན་རེད།།

ནང་ན་ཟླའི་ཕ་ཡུལ་སྡེ་རེད།།

དེའི་ཁ་ཚིག་ཞོར་ན་རྫུན་ཡོད།།

འཛེམ་དགོས་པ་མ་ཁ་དེ་རེད།།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།