ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༥

༦༡སྟོད་དབུས་གཙང་ཡུལ་ལ་ཆ་ཡོད་ཡིན།།

ཆ་ལོས་ཡོད་ཆོས་ར་གོང་ཞོལ་ཡིན།།

ང་མཇལ་སའི་བླ་མ་ཆ་མེད་ཡིན།

།མཇལ་ཨེ་མྱོང་ཟེར་ན་མ་མྱོང་ཟིག།

ང་ད་ཐེངས་མཇལ་དུ་ཡོང་ནི་ཡིན།།

 

ས་སྡེ་ཆེན་དཀྱིལ་ལ་ཆ་ཡོད་ཡིན།།

ཆ་ལོས་ཡོད་སྡེ་བ་གོང་ཞོལ་རེད།།

ང་རྩེ་སའི་རོགས་ལོ་ཆ་མེད་ཡིན།།

རྩེ་ཨེ་མྱོང་ཟེར་ན་མ་མྱོང་ཟིག།

ང་ད་ཐེངས་རྩེ་རུ་ཡོང་ནི་ཡིན།།

 

༦༢ས་སོག་པོའི་རྟ་ར་ནང་ནས།།

ང་ཨ་རིག་ར་ཁྲ་ཟེར་ནོ།།

རྟ་བརྒྱའི་སྔོན་ལ་རྒྱུག་ནོ་རེད།།

རྒྱུག་ལྷག་པ་མོད་ནི་མིན་མོད།།

ནང་རྟ་བརྒྱར་ཕྱོགས་ཤིག་བསླངས་ནི་ཡིན།།

དེའི་ཞོར་ལ་རྒྱུག་དགོས་ཟེར་ན།།

ཡ་མིན་ནས་ཡིད་ན་ཅང་མེད།།

 

སྡེ་ཆེན་དཀྱིལ་གྱི་ཁ་འཁྱམ་ང་།།

ང་རོགས་བརྒྱའི་སྔོན་ལ་རྩེ་ནོ་རེད།།

རོགས་རྩེ་ནི་ཅན་ཞིག་ང་མིན་མོད།།

ནང་རོགས་བརྒྱར་ཕྱོགས་ཤིག་བསླངས་ནི་ཡིན།།

དེའི་ཞོར་ལ་རྩེ་དགོས་ཟེར་ན།།

ཡ་མིན་ནས་ཡིད་ན་ཅང་མེད།།

 

༦༣རྟ་འདོ་བ་སྙིང་ལ་རྗེ་བོ།།

ཁྱོར་དགའ་ནི་བཤད་ནི་མིན་མོད།།

རྒྱེའུ་རྒྱ་མོར་ཕྱོགས་ཤིག་སློང་ང་འགྲོ།།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

ཁྱོར་དགའ་ནི་བཤད་ནི་མིན་མོད།།

ནང་ན་ཟླར་ཕྱོགས་ཤིག་སློང་ང་འགྲོ།།

 

༦༤མ་ཁྱོད་ཚོ་བྱ་ཆེན་གླག་མོ་བྱོས།།

ཕོ་ངེད་ཚོ་ཐང་དཀར་རྒོད་པོ་བྱེད།།

གཤོག་མཐུན་མིན་རུང་གཤོག་པ་རྒྱོངས་ལ་འགྲོ།།

དཀར་ནག་སྤྲིན་གྱི་མཚམས་ནས་ལྡིང་སྐོར་རྒྱག།

མཐོན་པོ་རི་ཞིག་ཡོད་ན་གནས་ཚང་གཡོར།།

 

མ་ཁྱོད་ཚོ་ཞང་བཟང་བྱི་མོ་བྱོས།།

ཕོ་ངེད་ཚོ་ཁ་འཁྱམ་བྱི་ལི་བྱེད།།

ཞེ་མཐུན་མིན་རུང་ཁ་ནས་ཡག་པ་བཤད།།

ཡག་པ་བཤད་ནས་ཡིད་སེམས་དྲང་སོང་ན།།

འཇིག་རྟེན་འཐད་པ་གངས་དཀར་འོ་མ་རེད།།

 

༦༥སྟོད་དབུས་གཙང་བླ་མར་མཇལ་དུས་ན།།

དངུལ་དཀར་བོའི་མཆོད་མེ་རྐོང་གཅིག་དགོས།།

དེའི་ནང་ན་འབྲི་མར་སེར་བོ་དགོས།།

ཁྱོད་རང་གི་སེམས་ན་དད་པ་དགོས།།

 

ས་སྡེ་ཆེན་རོགས་ལ་རྩེ་དུས་ན།།

ཚིག་དམ་ཅན་ལ་ཁར་དོན་ཅན་དགོས།།

དེའི་མི་ཚད་ཚིག་རེར་མནའ་རེ་དགོས།།

རོགས་རང་ལ་མི་འགལ་ཡིད་ཟོན་དགོས།།

 

༦༦རྟ་གྲོ་རིལ་མ་བོ་ཧེ་རེ་རྟ།།

རྒྱུག་རིལ་ལི་མ་བོ་ཧེ་རེ་རྒྱུག།

ང་འཁྱམ་པ་ཞིག་གིས་འདོད་པའི་རྟ།།

ངས་འདོད་ནས་འདོད་ཅིག་བཏང་བཏང་ན།།

ངའི་འདོད་པ་བསྲུབ་རྒྱུ་ཨེ་ཡིན་ནམ།།

 

ཁྱོད་ཕ་བཟང་བུ་མོ་ཧེ་རེ་རོགས།།

ཚིག་དེ་ལྟར་བཤད་ན་ཧེ་རེ་ཚིག།

ང་ཁ་འཁྱམ་ཞིག་གིས་འདོད་པའི་རོགས།།

ངས་འདོད་ན་འདོད་ཅིག་བཏང་བཏང་ན།།

ངའི་འདོད་པ་བསྲུབ་རྒྱུ་ཨེ་ཡིན་ནམ།།

 

༦༧ང་མཛོ་བརྒྱའི་གྲས་ཀྱི་མཛོ་ཆུང་།།

ཁལ་བཀལ་བའི་ལས་ལན་མེད་རུང་།།

རྭ་སྨུག་པོའི་དྲང་ཤར་ལྟོས་ལ།།

ཁལ་ལོས་འཁུར་འདོད་པའི་མཛོ་ཡིན།།

 

ང་སྡེ་ཆེན་གྲོང་གི་བྱི་མོ།།

ང་སྔོན་ཆད་རྩེ་ནི་མེད་རུང་།།

ཚིག་སྙན་མོ་མགོ་རྐང་སྒྲིག་དུས།།

འགྲོགས་རྔ་མ་སྐྱོང་གི་རོགས་ཡིན།།

 

༦༨ངའི་འདོ་རྟ་ཨ་སང་གྲོ་རྒྱ།།

ཁྱོའི་ཕྱི་དང་སྤུ་གར་བལྟས་ན།།

ངའི་བློ་རྟ་ཉན་ན་འདོད་གི།

བློ་ཉིས་འགལ་སྐྱེས་ནི་ཞིག་ལ།།

ཁྱོའི་ཡུལ་ན་རྟ་བདག་ཡོད་དུས།།

རྟ་མི་བཙོང་ཟེར་རྒྱུ་ལོས་ཡིན།།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

ཁྱོའི་ཡག་དང་མོ་སྒོ་བསམ་ན།།

ཚེ་གང་བོར་འགྲོགས་ན་འདོད་གི།

བློ་ཉིས་འགལ་སྐྱེས་ནི་ཞིག་ལ།།

ཁྱོའི་ཡུལ་ན་རྒད་པོ་ཡོད་དུས།།

དེ་བློ་སྐྱོག་རྒྱག་རྒྱུ་ལོས་ཡིན།།

 

༦༩རྫ་ཁ་རི་ཉུལ་གི་འཁྱམ་པ།།

རྫ་ཁ་རི་ཉུལ་དོན་ཡོད་ཐལ།།

འགངས་ཡོད་ཐལ་ཟེར་ནི་མིན་མོད།།

ཁྱོད་རྟ་བདག་མེད་པའི་རྟ་རེད།།

ང་བློ་རྟ་མེད་པའི་མི་རེད།།

རྟ་རྒྱུག་གི་སྨོན་ལམ་ཡོད་ཐལ།།

 

སྡེ་ཁ་རི་ཉུལ་གི་དགའ་ལོ།།

སྡེ་ཉུལ་གི་དོན་ཞིག་ཡོད་ཐལ།།

འགངས་ཡོད་ཐལ་ཟེར་ནི་མིན་མོད།།

ཁྱོད་རྒད་པོ་མེད་པའི་མོ་རྐྱང་རེད།།

ང་རྒན་མོ་མེད་པའི་ཕོ་རྐྱང་རེད།།

རོགས་རྩེ་བའི་སྨོན་ལམ་ཡོད་ཐལ།།

 

༧༠སྟོད་དབུས་གཙང་ཆོས་ས་ཆོས་ཡུལ་ནས།།

དབུ་གསེར་ཞྭ་ཅན་པོ་ཕེབས་ཀྱིན་ཡོད།།

ཆོས་ཀུན་རིག་དབང་ལུང་གསུང་གིན་ཡོད།།

མ་སེམས་ཅན་འགྲོ་དོན་སྒོམ་གྱིན་ཡོད།།

ཆོས་དད་པ་ཅན་པོ་མཇལ་དུ་ཤོག།

 

སྡེ་རྨ་ཡུལ་ཕྱུག་སྡེ་ཁྲ་མོ་ནས།།

གླུ་ཁ་ཚིག་ཅན་པོ་ཐོན་གྱིན་ཡོད།།

ཁ་ལ་གཞས་མཛོད་སྒོ་ཕྱེ་གིན་ཡོད།།

རོགས་ཞེ་འདང་ཅན་ཞིག་འདོད་ཀྱིན་ཡོད།།

རོགས་བློ་གཏོད་ཅན་པོ་རྩེ་རུ་ཤོག།

 

༧༡དགོན་སྒར་ཆེན་བླ་མ་ནང་ཆེན་ཁྱོས།།

ཆོས་རང་ཁས་གསུང་ན་མི་ཆོག།

ཐེངས་དང་བོར་ཕྱི་མ་མཁྱེན་ཚུལ་ཤོད།།

ཐེངས་གཉིས་པར་བར་དོ་ཉུལ་ཚུལ་ཤོད།།

ཐེངས་གསུམ་པར་རྣམ་ཤེས་དྲངས་ཚུལ་ཤོད།།

 

ས་སྡེ་ཆེན་ཞང་བཟང་ཚ་མོ་ཁྱོས།།

ཚིག་རང་ཁས་བཤད་ན་མི་ཆོག།

ཐེངས་དང་བོར་རྩེ་འགོ་འཛིན་ཚུལ་ཤོད།།

ཐེངས་གཉིས་པར་སྣང་བ་མཐུན་ཚུལ་ཤོད།།

ཐེངས་གསུམ་པར་འགྱུར་ལྡོག་མེད་ཚུལ་ཤོད།།

 

༧༢སྟོད་དབུས་གཙང་ཆོས་ར་ནང་ནས།།

ཆོས་འདོན་ན་ཡིག་རྩ་ཞིབ་དགོས།།

ཡུམ་དུམ་པ་དྲུག་གཉིས་བཅུ་གཉིས།།

ཞེ་བསམ་པས་དང་དུ་ལེན་དགོས།།

དོན་དམ་པས་དད་པ་ཡོད་དགོས།།

 

ས་སྡེ་ཆེན་རྩེ་ར་ནང་ནས།།

རོགས་རྩེ་ན་ཁྲེལ་བློ་ཡོད་དགོས།།

ས་སྡེ་ཆེན་མ་བཟང་བུ་མོ།།

ཞེ་བསམ་པས་དང་དུ་ལེན་དགོས།།

དོན་དམ་པས་སྣང་བ་མཐུན་དགོས།།

 

༧༣ཤིང་དཀར་བོའི་ལབ་རྩེ་ཁྱོས་སྟོད།།

བལ་དཀར་བོའི་བལ་ཐིག་ངས་འདོགས།།

བསྟད་བཏང་གི་དུས་ཚོད་ཅིག་ལ།།

ཚེ་གང་གི་དགྲ་ལྷ་ཉན་དགོས།།

 

དངུལ་དཀར་་བོའི་རྣ་ལོང་ཁྱོས་རྡུངས།།

གཡུ་བྱི་རུའི་རྒྱན་ཆ་ངས་འདོགས།།

བཏགས་བཏང་གི་དུས་ཚོད་ཅིག་ལ།།

ཚེ་གང་གི་རྩེ་རོགས་ཉན་དགོས།།

 

༧༤སྟོད་ཁིས་ཆེན་ལབ་རྩེ་སྟོད་དུས།།

ངས་ཡར་ལ་བལ་ཐིག་འཐེན་ན་འགྲོ།།

ཁྱོས་འཕྲག་གི་འཕྲོད་གི་ཟེར་ན།།

ངས་ཕྱིར་ལ་སྲོག་ཤིང་བརྩེང་རྒྱུ་བྱེད།།

 

ས་སྡེ་ཆེན་རོགས་ལོར་རྩེ་དུས།།

ངས་ཡར་ལ་ཚིག་གསུམ་བཤད་ལ་འགྲོ།།

ཁྱོ་མཐུན་གི་དུངས་གི་ཟེར་ན།།

ངས་ཕྱིར་ལ་འགྲོགས་རྔ་སྐྱོང་རྒྱུ་བྱེད།།

 

༧༥རླུང་གཡུག་གི་ངེས་པ་ཨེ་ཡོད།།

རླུང་གཡུག་གི་ངེས་པ་ཡོད་ན།།

རླུང་རྟའི་དར་ལྕོག་འཐེན་རྒྱུ།།

དར་སྣེ་མདུད་པ་རྒྱག་རྒྱུ།།

བརྒྱབ་བཏང་གི་དུས་ཚོད་ཅིག་ལ།།

ཕྱོགས་གཞན་ལ་གཡུག་གི་མི་འཇུག།

 

རོགས་རྩེ་བའི་ངེས་པ་ཨེ་ཡོད།།

རོགས་རྩེ་བའི་ངེས་པ་ཡོད་ན།།

ངས་དོན་ཅན་ཚིག་གསུམ་བཤད་རྒྱུ།།

ཚིག་སྣེ་མནའ་ཡིས་བསྒགས་རྒྱུ།།

བསྒགས་བཏང་གི་དུས་ཚོད་ཅིག་ལ།།

རོགས་གཞན་ལ་རྩེ་རུ་མི་འཇུག།

 

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༥

2009-01-24 བོད་མི་དམངས། ཀློག་གྲངས། མཆན ཡོད།

༦༡སྟོད་དབུས་གཙང་ཡུལ་ལ་ཆ་ཡོད་ཡིན།།

ཆ་ལོས་ཡོད་ཆོས་ར་གོང་ཞོལ་ཡིན།།

ང་མཇལ་སའི་བླ་མ་ཆ་མེད་ཡིན།

།མཇལ་ཨེ་མྱོང་ཟེར་ན་མ་མྱོང་ཟིག།

ང་ད་ཐེངས་མཇལ་དུ་ཡོང་ནི་ཡིན།།

 

ས་སྡེ་ཆེན་དཀྱིལ་ལ་ཆ་ཡོད་ཡིན།།

ཆ་ལོས་ཡོད་སྡེ་བ་གོང་ཞོལ་རེད།།

ང་རྩེ་སའི་རོགས་ལོ་ཆ་མེད་ཡིན།།

རྩེ་ཨེ་མྱོང་ཟེར་ན་མ་མྱོང་ཟིག།

ང་ད་ཐེངས་རྩེ་རུ་ཡོང་ནི་ཡིན།།

 

༦༢ས་སོག་པོའི་རྟ་ར་ནང་ནས།།

ང་ཨ་རིག་ར་ཁྲ་ཟེར་ནོ།།

རྟ་བརྒྱའི་སྔོན་ལ་རྒྱུག་ནོ་རེད།།

རྒྱུག་ལྷག་པ་མོད་ནི་མིན་མོད།།

ནང་རྟ་བརྒྱར་ཕྱོགས་ཤིག་བསླངས་ནི་ཡིན།།

དེའི་ཞོར་ལ་རྒྱུག་དགོས་ཟེར་ན།།

ཡ་མིན་ནས་ཡིད་ན་ཅང་མེད།།

 

སྡེ་ཆེན་དཀྱིལ་གྱི་ཁ་འཁྱམ་ང་།།

ང་རོགས་བརྒྱའི་སྔོན་ལ་རྩེ་ནོ་རེད།།

རོགས་རྩེ་ནི་ཅན་ཞིག་ང་མིན་མོད།།

ནང་རོགས་བརྒྱར་ཕྱོགས་ཤིག་བསླངས་ནི་ཡིན།།

དེའི་ཞོར་ལ་རྩེ་དགོས་ཟེར་ན།།

ཡ་མིན་ནས་ཡིད་ན་ཅང་མེད།།

 

༦༣རྟ་འདོ་བ་སྙིང་ལ་རྗེ་བོ།།

ཁྱོར་དགའ་ནི་བཤད་ནི་མིན་མོད།།

རྒྱེའུ་རྒྱ་མོར་ཕྱོགས་ཤིག་སློང་ང་འགྲོ།།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

ཁྱོར་དགའ་ནི་བཤད་ནི་མིན་མོད།།

ནང་ན་ཟླར་ཕྱོགས་ཤིག་སློང་ང་འགྲོ།།

 

༦༤མ་ཁྱོད་ཚོ་བྱ་ཆེན་གླག་མོ་བྱོས།།

ཕོ་ངེད་ཚོ་ཐང་དཀར་རྒོད་པོ་བྱེད།།

གཤོག་མཐུན་མིན་རུང་གཤོག་པ་རྒྱོངས་ལ་འགྲོ།།

དཀར་ནག་སྤྲིན་གྱི་མཚམས་ནས་ལྡིང་སྐོར་རྒྱག།

མཐོན་པོ་རི་ཞིག་ཡོད་ན་གནས་ཚང་གཡོར།།

 

མ་ཁྱོད་ཚོ་ཞང་བཟང་བྱི་མོ་བྱོས།།

ཕོ་ངེད་ཚོ་ཁ་འཁྱམ་བྱི་ལི་བྱེད།།

ཞེ་མཐུན་མིན་རུང་ཁ་ནས་ཡག་པ་བཤད།།

ཡག་པ་བཤད་ནས་ཡིད་སེམས་དྲང་སོང་ན།།

འཇིག་རྟེན་འཐད་པ་གངས་དཀར་འོ་མ་རེད།།

 

༦༥སྟོད་དབུས་གཙང་བླ་མར་མཇལ་དུས་ན།།

དངུལ་དཀར་བོའི་མཆོད་མེ་རྐོང་གཅིག་དགོས།།

དེའི་ནང་ན་འབྲི་མར་སེར་བོ་དགོས།།

ཁྱོད་རང་གི་སེམས་ན་དད་པ་དགོས།།

 

ས་སྡེ་ཆེན་རོགས་ལ་རྩེ་དུས་ན།།

ཚིག་དམ་ཅན་ལ་ཁར་དོན་ཅན་དགོས།།

དེའི་མི་ཚད་ཚིག་རེར་མནའ་རེ་དགོས།།

རོགས་རང་ལ་མི་འགལ་ཡིད་ཟོན་དགོས།།

 

༦༦རྟ་གྲོ་རིལ་མ་བོ་ཧེ་རེ་རྟ།།

རྒྱུག་རིལ་ལི་མ་བོ་ཧེ་རེ་རྒྱུག།

ང་འཁྱམ་པ་ཞིག་གིས་འདོད་པའི་རྟ།།

ངས་འདོད་ནས་འདོད་ཅིག་བཏང་བཏང་ན།།

ངའི་འདོད་པ་བསྲུབ་རྒྱུ་ཨེ་ཡིན་ནམ།།

 

ཁྱོད་ཕ་བཟང་བུ་མོ་ཧེ་རེ་རོགས།།

ཚིག་དེ་ལྟར་བཤད་ན་ཧེ་རེ་ཚིག།

ང་ཁ་འཁྱམ་ཞིག་གིས་འདོད་པའི་རོགས།།

ངས་འདོད་ན་འདོད་ཅིག་བཏང་བཏང་ན།།

ངའི་འདོད་པ་བསྲུབ་རྒྱུ་ཨེ་ཡིན་ནམ།།

 

༦༧ང་མཛོ་བརྒྱའི་གྲས་ཀྱི་མཛོ་ཆུང་།།

ཁལ་བཀལ་བའི་ལས་ལན་མེད་རུང་།།

རྭ་སྨུག་པོའི་དྲང་ཤར་ལྟོས་ལ།།

ཁལ་ལོས་འཁུར་འདོད་པའི་མཛོ་ཡིན།།

 

ང་སྡེ་ཆེན་གྲོང་གི་བྱི་མོ།།

ང་སྔོན་ཆད་རྩེ་ནི་མེད་རུང་།།

ཚིག་སྙན་མོ་མགོ་རྐང་སྒྲིག་དུས།།

འགྲོགས་རྔ་མ་སྐྱོང་གི་རོགས་ཡིན།།

 

༦༨ངའི་འདོ་རྟ་ཨ་སང་གྲོ་རྒྱ།།

ཁྱོའི་ཕྱི་དང་སྤུ་གར་བལྟས་ན།།

ངའི་བློ་རྟ་ཉན་ན་འདོད་གི།

བློ་ཉིས་འགལ་སྐྱེས་ནི་ཞིག་ལ།།

ཁྱོའི་ཡུལ་ན་རྟ་བདག་ཡོད་དུས།།

རྟ་མི་བཙོང་ཟེར་རྒྱུ་ལོས་ཡིན།།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

ཁྱོའི་ཡག་དང་མོ་སྒོ་བསམ་ན།།

ཚེ་གང་བོར་འགྲོགས་ན་འདོད་གི།

བློ་ཉིས་འགལ་སྐྱེས་ནི་ཞིག་ལ།།

ཁྱོའི་ཡུལ་ན་རྒད་པོ་ཡོད་དུས།།

དེ་བློ་སྐྱོག་རྒྱག་རྒྱུ་ལོས་ཡིན།།

 

༦༩རྫ་ཁ་རི་ཉུལ་གི་འཁྱམ་པ།།

རྫ་ཁ་རི་ཉུལ་དོན་ཡོད་ཐལ།།

འགངས་ཡོད་ཐལ་ཟེར་ནི་མིན་མོད།།

ཁྱོད་རྟ་བདག་མེད་པའི་རྟ་རེད།།

ང་བློ་རྟ་མེད་པའི་མི་རེད།།

རྟ་རྒྱུག་གི་སྨོན་ལམ་ཡོད་ཐལ།།

 

སྡེ་ཁ་རི་ཉུལ་གི་དགའ་ལོ།།

སྡེ་ཉུལ་གི་དོན་ཞིག་ཡོད་ཐལ།།

འགངས་ཡོད་ཐལ་ཟེར་ནི་མིན་མོད།།

ཁྱོད་རྒད་པོ་མེད་པའི་མོ་རྐྱང་རེད།།

ང་རྒན་མོ་མེད་པའི་ཕོ་རྐྱང་རེད།།

རོགས་རྩེ་བའི་སྨོན་ལམ་ཡོད་ཐལ།།

 

༧༠སྟོད་དབུས་གཙང་ཆོས་ས་ཆོས་ཡུལ་ནས།།

དབུ་གསེར་ཞྭ་ཅན་པོ་ཕེབས་ཀྱིན་ཡོད།།

ཆོས་ཀུན་རིག་དབང་ལུང་གསུང་གིན་ཡོད།།

མ་སེམས་ཅན་འགྲོ་དོན་སྒོམ་གྱིན་ཡོད།།

ཆོས་དད་པ་ཅན་པོ་མཇལ་དུ་ཤོག།

 

སྡེ་རྨ་ཡུལ་ཕྱུག་སྡེ་ཁྲ་མོ་ནས།།

གླུ་ཁ་ཚིག་ཅན་པོ་ཐོན་གྱིན་ཡོད།།

ཁ་ལ་གཞས་མཛོད་སྒོ་ཕྱེ་གིན་ཡོད།།

རོགས་ཞེ་འདང་ཅན་ཞིག་འདོད་ཀྱིན་ཡོད།།

རོགས་བློ་གཏོད་ཅན་པོ་རྩེ་རུ་ཤོག།

 

༧༡དགོན་སྒར་ཆེན་བླ་མ་ནང་ཆེན་ཁྱོས།།

ཆོས་རང་ཁས་གསུང་ན་མི་ཆོག།

ཐེངས་དང་བོར་ཕྱི་མ་མཁྱེན་ཚུལ་ཤོད།།

ཐེངས་གཉིས་པར་བར་དོ་ཉུལ་ཚུལ་ཤོད།།

ཐེངས་གསུམ་པར་རྣམ་ཤེས་དྲངས་ཚུལ་ཤོད།།

 

ས་སྡེ་ཆེན་ཞང་བཟང་ཚ་མོ་ཁྱོས།།

ཚིག་རང་ཁས་བཤད་ན་མི་ཆོག།

ཐེངས་དང་བོར་རྩེ་འགོ་འཛིན་ཚུལ་ཤོད།།

ཐེངས་གཉིས་པར་སྣང་བ་མཐུན་ཚུལ་ཤོད།།

ཐེངས་གསུམ་པར་འགྱུར་ལྡོག་མེད་ཚུལ་ཤོད།།

 

༧༢སྟོད་དབུས་གཙང་ཆོས་ར་ནང་ནས།།

ཆོས་འདོན་ན་ཡིག་རྩ་ཞིབ་དགོས།།

ཡུམ་དུམ་པ་དྲུག་གཉིས་བཅུ་གཉིས།།

ཞེ་བསམ་པས་དང་དུ་ལེན་དགོས།།

དོན་དམ་པས་དད་པ་ཡོད་དགོས།།

 

ས་སྡེ་ཆེན་རྩེ་ར་ནང་ནས།།

རོགས་རྩེ་ན་ཁྲེལ་བློ་ཡོད་དགོས།།

ས་སྡེ་ཆེན་མ་བཟང་བུ་མོ།།

ཞེ་བསམ་པས་དང་དུ་ལེན་དགོས།།

དོན་དམ་པས་སྣང་བ་མཐུན་དགོས།།

 

༧༣ཤིང་དཀར་བོའི་ལབ་རྩེ་ཁྱོས་སྟོད།།

བལ་དཀར་བོའི་བལ་ཐིག་ངས་འདོགས།།

བསྟད་བཏང་གི་དུས་ཚོད་ཅིག་ལ།།

ཚེ་གང་གི་དགྲ་ལྷ་ཉན་དགོས།།

 

དངུལ་དཀར་་བོའི་རྣ་ལོང་ཁྱོས་རྡུངས།།

གཡུ་བྱི་རུའི་རྒྱན་ཆ་ངས་འདོགས།།

བཏགས་བཏང་གི་དུས་ཚོད་ཅིག་ལ།།

ཚེ་གང་གི་རྩེ་རོགས་ཉན་དགོས།།

 

༧༤སྟོད་ཁིས་ཆེན་ལབ་རྩེ་སྟོད་དུས།།

ངས་ཡར་ལ་བལ་ཐིག་འཐེན་ན་འགྲོ།།

ཁྱོས་འཕྲག་གི་འཕྲོད་གི་ཟེར་ན།།

ངས་ཕྱིར་ལ་སྲོག་ཤིང་བརྩེང་རྒྱུ་བྱེད།།

 

ས་སྡེ་ཆེན་རོགས་ལོར་རྩེ་དུས།།

ངས་ཡར་ལ་ཚིག་གསུམ་བཤད་ལ་འགྲོ།།

ཁྱོ་མཐུན་གི་དུངས་གི་ཟེར་ན།།

ངས་ཕྱིར་ལ་འགྲོགས་རྔ་སྐྱོང་རྒྱུ་བྱེད།།

 

༧༥རླུང་གཡུག་གི་ངེས་པ་ཨེ་ཡོད།།

རླུང་གཡུག་གི་ངེས་པ་ཡོད་ན།།

རླུང་རྟའི་དར་ལྕོག་འཐེན་རྒྱུ།།

དར་སྣེ་མདུད་པ་རྒྱག་རྒྱུ།།

བརྒྱབ་བཏང་གི་དུས་ཚོད་ཅིག་ལ།།

ཕྱོགས་གཞན་ལ་གཡུག་གི་མི་འཇུག།

 

རོགས་རྩེ་བའི་ངེས་པ་ཨེ་ཡོད།།

རོགས་རྩེ་བའི་ངེས་པ་ཡོད་ན།།

ངས་དོན་ཅན་ཚིག་གསུམ་བཤད་རྒྱུ།།

ཚིག་སྣེ་མནའ་ཡིས་བསྒགས་རྒྱུ།།

བསྒགས་བཏང་གི་དུས་ཚོད་ཅིག་ལ།།

རོགས་གཞན་ལ་རྩེ་རུ་མི་འཇུག།

 

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།