ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༡

དགུང་ཨ་སྔོན་བང་རིམ་གསུམ་རེད།།
བང་གོང་མ་གཡུ་འབྲུག་གྲག་ས།།

བང་བར་མ་གློག་དམར་འཁྱུག་ས།།

བང་ཞོལ་མ་ཆར་རྐང་སྒྲིག་ས།།

བང་རིམ་གསུམ་ཡོད་དོན་དེ་ཡིན།།

 

ས་བྱང་ལམ་བང་རིམ་གསུམ་རེད།།

བང་གོང་མ་རྟ་བརྒྱ་འདུ་ས།།

བང་བར་མ་གསེར་སྒ་སྟོད་ས།།

བང་ཞོལ་མ་དར་དཀར་ཐོབ་ས།།

བང་རིམ་གསུམ་ཡོད་དོན་དེ་ཡིན།།

 

བོད་ཚོ་ཆེན་བང་རིམ་གསུམ་རེད།།

བང་གོང་མ་རོགས་བརྒྱ་འདུ་ས།།

བང་བར་མ་ཚིག་གསུམ་བཤད་ས།།

བང་ཞོལ་མ་སྣང་བ་མཐུན་ས།།
བང་རིམ་གསུམ་ཡོད་དོན་དེ་ཡིན།།

 

ང་གཞན་ནས་ཡོང་བའི་ཐང་དཀར་ཡིན།།

ང་གཞན་གྱི་ཕྱོགས་ནས་ཡོང་དོན་ནི།།

ནགས་ཙན་དན་བསམས་ནས་ཡོང་བ་ཡིན།།

འདིའི་ཡན་གྱི་ཡོང་དོན་ང་ལ་མེད།།

 

ང་གཞན་ནས་ཡོང་བའི་འདོ་བ་ཡིན།།

ང་གཞན་གྱི་ཕྱོགས་ནས་ཡོང་དོན་ནི།།

གོས་དར་དཀར་བསམས་ནས་ཡོང་བ་ཡིན།།

འདིའི་ཡན་གྱི་ཡོང་དོན་ང་ལ་མེད།།

 

ང་གཞན་ནས་ཡོང་བའི་དགའ་ལོ་ཡིན།།

ང་གཞན་གྱི་ཕྱོགས་ནས་ཡོང་དོན་ནི།།

ཁྱོད་མ་ལོ་བསམས་ནས་ཡོང་བ་ཡིན།།

འདིའི་ཡན་གྱི་ཡོང་དོན་ང་ལ་མེད།།

 

དགུང་ཨ་སྔོན་སྤྲིན་དཀར་ནོར་བུ་རེད།།

རླུང་བསེར་བུས་སྤྲིན་དཀར་མི་གཏོར་མོད།།

རླུང་བསེར་བུས་སྤྲིན་དཀར་གཏོར་བཏང་ན།།

དགུང་སྤྲིན་དཀར་ནོར་བུ་མིན་ནི་ཡིན།།

 

ང་འདོ་བརྒྱའི་གྱི་ལིང་གཤོག་ཐོགས་ཡིན།།

ཁ་ལ་ཐུར་རིག་ན་མི་ཚོམ་མོད།།

ཁ་ལ་ཐུར་རིག་ན་ཚོམ་བཏང་ན།།

ང་གྱི་ལིང་གཤོག་ཐོགས་མིན་པའི་རྟགས།།

 

ང་སྟོད་ཀྱི་ཚིག་མཐུན་དགའ་ལོ་ཡིན།།

རོགས་གང་ལ་རྩེ་རུང་མཐུན་པའི་རོགས།།

ཚིག་སྙན་མོས་སེམས་པ་མ་མཐུན་ན།།

ང་ཚིག་མཐུན་དགའ་ལོ་མིན་པའི་རྟགས།།

 

བན་ཆུང་ཆོས་པ་ངེད་གཉིས་ཀ།

སྟོད་དབུས་གཙང་བརྒྱུད་ནས་ཡོང་བ་ཡིན།།

ཆོས་གསུང་གི་བླ་མ་ཨེ་རིག་བསམ།།

ཆོས་གསུང་གི་བླ་མ་མ་རིག་ན།།

ཆོས་དག་འདོན་བྱས་པ་དོན་མེད་རེད།།

 

གྲོ་རྒྱ་རྟ་དང་ངེད་གཉིས་ཀ།

ས་བྱང་ལམ་བརྒྱུད་ན་ཡོང་བ་ཡིན།།

དར་དཀར་བོ་ཁིས་ལ་ཨེ་འཐེན་བསམ།།

དར་དཀར་བོ་ཁིས་ལ་མ་འཐེན་ན།།

འགྲོས་གོམ་གསུམ་བརྒྱུགས་པ་དོན་མེད་རེད།།

 

ཕོ་གསར་སྤུན་དང་ངེད་གཉིས་ཀ།

བོད་ཚོ་ཆེན་བརྒྱུད་ན་ཡོང་བ་ཡིན།།

ཞེ་མཐུན་པའི་མ་ལོ་ཨེ་རིག་བསམ།།

སེམས་གངས་དཀར་རོགས་ལ་མ་མཐུན་ན།།

ངས་ཚིག་གསུམ་བཤད་ནོ་དོན་མེད་རེད།།

 

ཁུ་བྱུག་བྱ་དང་ངེད་གཉིས་ཀ།

ཤིང་དྲང་མོའི་རྩེ་ལ་ལོས་འབབ།།

ཤིང་རྩེ་བརྒྱ་གོང་མ་མཚོན་རེད།།

ཤིང་རྩེ་བརྒྱ་བར་མ་མདའ་རེད།།

མདའ་མཚོན་གཉིས་ཀྱི་བར་ལ།།

ང་ཁུ་བྱུག་འབབ་རྒྱུ་དཀའ་མོ་རེད།།

 

འདོ་བ་རྟ་དང་ངེད་གཉིས་ཀ།

ས་བྱང་ལམ་ཐད་ལ་ལོས་རྒྱུག།

ས་ཁིས་ཆེན་གོང་མ་ཁངས་རེད།།

ས་ཁིས་ཆེན་བར་འདམ་རེད།།

འདམ་ཁངས་གཉིས་ཀྱི་བར་ནས།།

ང་འདོ་བ་རྒྱུག་རྒྱུ་དཀའ་མོ་རེད།།

 

དགའ་ལོ་སྤུན་དང་ངེད་གཉིས་ཀ།

བོད་ཚོ་ཆེན་བརྒྱུད་ནས་ལོས་རྩེ།།

ཁྱོད་ནང་ཚང་བཟའ་བ་སྟག་རེད།།

ཁྱོད་གཏམ་ཆེན་མི་ཁ་དགྲ་རེད།།

དགྲ་སྟག་གཉིས་ཀྱི་བར་ལ།།

ང་དགའ་ལོ་རྩེ་རྒྱུ་དཀའ་མོ་རེད།།

 

ཤིང་ཡག་པའི་ནང་ན་ཡག་པ་སྣང་།།

སྟོད་ལྷ་ཁང་ཀ་བ་ཉན་ཏེ་སྣང་།།

སྟོད་ལྷ་ཁང་ཀ་བ་མ་ཉན་ན།།

མགོ་གཉིས་རེ་གཞོགས་ལ་མེ་ཡོག་བྱོས།།

 

རྡོ་ཡག་པའི་ནང་ན་ཡག་པ་སྣང་།།

སྟོད་ལྷ་ཁང་ཀ་རྡོ་ཉན་ཏེ་སྣང་།།

སྟོད་ལྷ་ཁང་ཀ་རྡོ་མ་ཉན་ན།།

དཀྱིལ་མིག་ལོང་ཕུགས་ལ་ཕང་ལོ་བྱོས།།

 

རོགས་ཡག་པའི་ནང་ན་ཡག་པ་སྣང་།།

ཚེ་གཅིག་གི་རྩེ་རོགས་ཉན་ཏེ་སྣང་།།

ཚེ་གཅིག་གི་རྩེ་རོགས་མ་ཉན་ན།།

མགོ་སྐྲ་ལོ་ཞོར་ལ་ཇོ་མོ་བྱོས།།

 

རི་ཨུཏྤལ་འདྲ་བའི་ཡར་ནང་ནས།།

ཆུ་ཤེལ་དཀར་འདྲ་བའི་རོགས་ལོས་ཉོན།།

ཆུ་དྭངས་སྙིགས་མེད་ལ་བཞུར་ཟེར་ན།།

ངས་བདེན་པས་ཐོམ་གསུམ་བཅུ་རྒྱུ་ཡིན།།

 

ཁིས་མདའ་ལྟོང་འདྲ་བའི་ཕར་རྒྱབ་ནས།།

མདའ་གསེར་ལྟོང་འདྲ་བའི་རོགས་ཀྱིས་ཉོན།།

མདའ་ཡོ་གཟུར་མེད་ལ་འཕེན་ཟེར་ན།།

ངས་བདེན་པས་གླག་སྒྲ་སྟོད་རྒྱུ་ཡིན།།

 

ཞེ་མཐུན་པའི་ཚོ་ཆེན་མར་ནང་ནས།།

ཚིག་བཤད་པའི་མ་ལོ་རོགས་ཀྱིས་ཉོན།།

ཚིག་རྐྱེན་སྐྱོན་མེད་ལ་རྩེ་ཟེར་ན།།

ངས་ཡིད་ཀྱི་སེམས་གཏམ་བཤད་རྒྱུ་ཡིན།།

 

ཚིག་དང་པོ་ལྷ་རིའི་རྩེ་ནས་བཤད།།

ལྷར་གཡས་སྐོར་འགྲུབ་ན་དགེ་བའི་དོན།།

 

ཚིག་གཉིས་པ་རྒྱ་མཚོའི་འགྲམ་ནས་བཤད།།

ཆུ་ཡེར་མོ་འགྲུབ་ན་རྨ་བྱའི་དོན།།

 

ཚིག་གསུམ་པ་ཚོ་ཆེན་སྡེ་ནས་བཤད།།

ཁ་ཚིག་གསུམ་བཤད་ན་རོགས་ཀྱི་དོན།།

 

ང་སྟོད་ལ་སོང་ན་མཛོ་དགོས།།

མཛོ་གཅིག་གིས་མི་ཆོག་གཉིས་དགོས།།

མཛོ་གཉིས་དགོས་དོན་བཤད་དགོས་ན།།

མཛོ་གཅིག་གི་རྭ་ཚུགས་ཤོམ་དགོས།།

མཛོ་གཅིག་གི་སྲོལ་ལམ་དྲང་དགོས།།

མཛོ་གཉིས་དགོས་དོན་དེ་ཡིན།།

 

ང་སྨད་ལ་སོང་ན་རྟ་དགོས།།

རྟ་གཅིག་གི་མི་ཆོག་གཉིས་དགོས།།

རྟ་གཉིས་དགོས་དོན་བཤད་དགོས་ན།།

རྟ་གཅིག་གི་སྤུ་ག་ཡག་དགོས།།

རྟ་གཅིག་གི་བློ་རྟ་ཉན་དགོས།།

རྟ་གཉིས་དགོས་དོན་དེ་ཡིན།།

 

ང་སྡེ་ལ་སོང་ན་རོགས་དགོས།།

རོགས་གཅིག་གིས་མི་ཆོག་གཉིས་དགོས།།

རོགས་གཉིས་དགོས་དོན་བཤད་དགོས་ན།།

རོགས་གཅིག་གི་སྣང་བ་མཐུན་དགོས།།

རོགས་གཅིག་རྩེད་རོགས་ཉན་དགོས།།

རོགས་གཉིས་དགོས་དོན་དེ་ཡིན།།

 

ང་ས་བཟང་ས་ནས་ཡོང་ནི་ཡིན།།

ས་འདི་ཚོ་ཙན་དན་ལོ་མ་རེད།།

ས་འདི་ནས་ལོ་གསུམ་བསྡད་ན་འདོད།།

ཁྱོད་ས་བདག་དཔོན་གྱིས་ཅི་ཟེར་རམ།།

 

ང་ཆུ་བཟང་ཆུ་ནས་ཡོང་ནི་ཡིན།།

ཆུ་འདི་ཚོ་རྫ་ཆུ་དྭངས་མོ་རེད།།

ཆུ་འདི་ཚོ་ཐོམ་གསུམ་བཅུ་ན་འདོད།།

ཁྱོད་ཆུ་ལྷའི་རྒྱལ་བོས་ཅི་ཟེར་རམ།།

 

ང་སྡེ་བཟང་སྡེ་ནས་ཡོང་ནི་ཡིན།།

མ་ཁྱོད་ཚོ་ཚིག་མོད་སྙན་བཟང་རེད།།

རོགས་ཁྱོད་ཚོར་ལོ་གསུམ་རྩེ་ན་འདོད།།

ཁྱོད་རྩེ་དཔོན་ནང་མས་ཅི་ཟེར་རམ།།

 

༡༠ང་ཡོང་བ་ཁ་ཆེ་ཡུལ་ནས་ཡོང་།།

ངའི་ལག་ན་ཁ་ཆེའི་གུར་ཀུམ་ཡོད།།

ངས་གང་ཡིན་བླ་མར་མི་འབུལ།།

སྟོད་དབུས་གཙང་བླ་མར་འབུལ་རྒྱུ་ཡིན།།

 

ང་ཡོང་བ་ཤེལ་དཀར་ཡུལ་ནས་ཡོང་།།

ངའི་ལག་ན་ཤེལ་དཀར་ཕྲེང་བ་ཡོད།།

ངས་གང་ཡིན་ཕ་མར་མི་འབུལ།།

ངས་དྲིན་ཆེན་ཕ་མར་འབུལ་རྒྱུ་ཡིན།།

 

ང་ཡོང་བ་ཚོ་ཆེན་སྡེ་ནས་ཡོང་།།

ངའི་ཡིད་ན་སེམས་གཏམ་དྲང་མོ་ཡོད།།

ངས་གང་ཡིན་རོགས་ལ་མི་བཤད།།

རོགས་ཞེ་མཐུན་ཁྱོད་ལ་བཤད་རྒྱུ་ཡིན།།

 

༡༡ལམ་དཀར་བོར་འགྲོ་ན་སླ་གི།

རྡོ་གོར་མོ་བསལ་རྒྱུ་དཀའ་གི།

 

རྟ་རྟེའུ་ཆུང་ཞོན་རྒྱུ་སླ་གི།

སྒ་བེ་སང་བསྒྲིག་རྒྱུ་དཀའ་གི།

 

རོགས་ན་ཟླར་རྩེ་རྒྱུ་སླ་གི།

ཁ་ཚིག་གསུམ་བཤད་རྒྱུ་དཀའ་གི།

 

༡༢གསེར་རྡུང་མགར་བ་ཁྱོད་གཉིས་ཀས།།

གསེར་སེར་བོ་ལག་ན་ཡོད་དུས་ན།།

དབུས་ཇོ་བོ་ལག་ན་ཡོད་དུས་ན།།

དབུས་ཇོ་བོའི་མདུན་ལ་ཞལ་གསེར་ཕུལ།།

གསེར་སེར་བོ་རྫ་ཁའི་ཟིལ་བ་འདྲ།།

རྫ་ཟིལ་བ་ནམ་ཡལ་མི་ཤེས་གི།

 

རྟ་བདག་དཔོན་དང་ཁྱེད་གཉིས་ཀས།།

རྟ་འདོ་བ་ལྷས་ན་ཡོད་དུས་ན།།

ས་བྱང་ལམ་རྒྱུད་དུ་གོམ་གསུམ་རྒྱུགས།།

རྟ་འདོ་བ་རྫ་སྐེད་མེ་ཏོག་འདྲ།།

རྫ་མེ་ཏོག་ནམ་ཡལ་མི་ཤེས་གི།

 

མ་ལོ་རོགས་དང་ཁྱེད་གཉིས་ཀས།།

ཁ་ཚིག་གསུམ་ཡིད་ན་ཡོད་དུས་ན།།

བོད་ཚོ་ཆེན་རྒྱུད་དུ་ཚིག་གསུམ་ཤོད།།

རོགས་མ་ལོ་ཏ་ལའི་ལོ་མ་འདྲ།།

ཤོང་ལོ་མ་ནམ་ལྷུང་མི་ཤེས་གི།

 

༡༣ངང་བ་སེར་བོ་དབུས་ཀྱི་བྱ།།

དབུས་མ་ཡུམ་ཆོས་སྡེ་གླིང་གི་བྱ།།

ང་མཚོ་སྔོན་བརྒྱུད་ནད་ཡོང་དོན་ནི།།

བྱ་རྨ་བྱའི་སྒྲོ་མདོངས་རིག་འདོད་ཡིན།།

 

རྟ་ཆུང་ཁམ་པ་གཙང་གི་རྟ།།

གཙང་ཕ་རུ་དཀར་ཡག་ཐང་གི་རྟ།།

ང་བྱང་ལམ་བརྒྱུད་ནས་ཡོང་དོན་ནི།།

རྟ་འདོ་བའི་གོམ་ལག་རིག་འདོད་ཡིན།།

 

ང་སྟོང་གསུམ་དགའ་ལོ་ཁམས་ཀྱི་རོགས།།

ཁམས་འཁོར་བ་སྲིད་སྡེ་གྲོང་གི་རོགས།།

ང་སྡེ་ཆེན་བརྒྱུད་ནས་ཡོང་དོན་ནི།།

རོགས་མ་ལོའི་ཚིག་ལ་ཉན་འདོད་ཡིན།།

 

༡༤རྟ་མེད་ལ་རྟ་ཞིག་ཉོ་རྒྱུ་ཡིན།།

ཁ་ཚུར་འཁོར་མགོ་སྣ་ཡག་དགོས།།

དེས་མི་ཆོག་གོམ་ལག་བདེ་དགོས།།

འདི་གཉིས་ཀ་འཛོམས་པའི་རྟ་ཡིན་ན།།

གསེར་སྲང་ལ་ཚད་རུང་འགྱོད་པ་མེད།།

 

གོས་མེད་ལ་གོས་ཤིག་ཉོ་རྒྱུ་ཡིན།།

སྟེང་འབྲུག་ཆུང་རི་མོ་ཡོད་དགོས།།

དེས་མི་ཆོག་འཁོབས་རྒྱ་ཡངས་དགོས།།

འདི་གཉིས་ཀ་འཛོམས་པའི་གོས་ཡིན་ན།།

དངུལ་སྲང་ལ་ཚད་རུང་འགྱོད་པ་མེད།།

 

རོགས་མེད་ལ་རོགས་ཤིག་བཙལ་རྒྱུ་ཡིན།།

སེམས་འོ་ཆུ་བཞིན་དུ་མཐུན་དགོས།།

དེས་མི་ཆོག་སྐྱེ་གཟུགས་ཡག་དགོས།།

འདི་གཉིས་ཀ་འཛོམས་པའི་རོགས་ཡིན་ན།།

གཏམ་མི་ཁ་འཁོར་རུང་འགྱོད་པ་མེད།།

 

༡༥གཡུ་སྡོང་སྔོན་མོ་ངེད་གཉིས་ཀར།།

ཁུ་བྱུག་སྔོན་མོ་ཁྱོད་གཉིས་ཀ།

ཡུན་རིང་བོར་འབབ་སེམས་ཨེ་ཡོད།།

ཡུན་རིང་ལ་འབབ་སེམས་ཡོད་ན།།

ལོ་སྟོང་ལ་ལོ་མ་མི་ལྷུང་།།

 

རྨ་ཆུ་དལ་མོ་ངེད་གཉིས་ཀར།།

གསེར་མིག་ཉ་དང་ཁྱེད་གཉིས་ཀ།

ཡུན་རིང་བོར་འཁྱིལ་སེམས་ཨེ་ཡོད།།

ཡུན་རིང་བོར་འཁྱིལ་སེམས་ཡོད་ན།།

ལོ་སྟོང་ལ་འགྲམ་དར་མི་ཆགས།།

 

དགའ་ལོ་རོགས་དང་ངེད་གཉིས་ཀར།།

མ་ལོ་རོགས་དང་ཁྱེད་གཉིས་ཀ།།

ཡུན་རིང་བོར་རྩེ་སེམས་ཨེ་ཡོད།།

ཡུན་རིང་བོར་རྩེ་སེམས་ཡོད་ན།།

ལོ་སྟོང་ལ་སྡེ་ཁ་མི་ཆད།།

 

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༡

2008-12-28 བོད་མི་དམངས། ཀློག་གྲངས། མཆན ཡོད།

དགུང་ཨ་སྔོན་བང་རིམ་གསུམ་རེད།།
བང་གོང་མ་གཡུ་འབྲུག་གྲག་ས།།

བང་བར་མ་གློག་དམར་འཁྱུག་ས།།

བང་ཞོལ་མ་ཆར་རྐང་སྒྲིག་ས།།

བང་རིམ་གསུམ་ཡོད་དོན་དེ་ཡིན།།

 

ས་བྱང་ལམ་བང་རིམ་གསུམ་རེད།།

བང་གོང་མ་རྟ་བརྒྱ་འདུ་ས།།

བང་བར་མ་གསེར་སྒ་སྟོད་ས།།

བང་ཞོལ་མ་དར་དཀར་ཐོབ་ས།།

བང་རིམ་གསུམ་ཡོད་དོན་དེ་ཡིན།།

 

བོད་ཚོ་ཆེན་བང་རིམ་གསུམ་རེད།།

བང་གོང་མ་རོགས་བརྒྱ་འདུ་ས།།

བང་བར་མ་ཚིག་གསུམ་བཤད་ས།།

བང་ཞོལ་མ་སྣང་བ་མཐུན་ས།།
བང་རིམ་གསུམ་ཡོད་དོན་དེ་ཡིན།།

 

ང་གཞན་ནས་ཡོང་བའི་ཐང་དཀར་ཡིན།།

ང་གཞན་གྱི་ཕྱོགས་ནས་ཡོང་དོན་ནི།།

ནགས་ཙན་དན་བསམས་ནས་ཡོང་བ་ཡིན།།

འདིའི་ཡན་གྱི་ཡོང་དོན་ང་ལ་མེད།།

 

ང་གཞན་ནས་ཡོང་བའི་འདོ་བ་ཡིན།།

ང་གཞན་གྱི་ཕྱོགས་ནས་ཡོང་དོན་ནི།།

གོས་དར་དཀར་བསམས་ནས་ཡོང་བ་ཡིན།།

འདིའི་ཡན་གྱི་ཡོང་དོན་ང་ལ་མེད།།

 

ང་གཞན་ནས་ཡོང་བའི་དགའ་ལོ་ཡིན།།

ང་གཞན་གྱི་ཕྱོགས་ནས་ཡོང་དོན་ནི།།

ཁྱོད་མ་ལོ་བསམས་ནས་ཡོང་བ་ཡིན།།

འདིའི་ཡན་གྱི་ཡོང་དོན་ང་ལ་མེད།།

 

དགུང་ཨ་སྔོན་སྤྲིན་དཀར་ནོར་བུ་རེད།།

རླུང་བསེར་བུས་སྤྲིན་དཀར་མི་གཏོར་མོད།།

རླུང་བསེར་བུས་སྤྲིན་དཀར་གཏོར་བཏང་ན།།

དགུང་སྤྲིན་དཀར་ནོར་བུ་མིན་ནི་ཡིན།།

 

ང་འདོ་བརྒྱའི་གྱི་ལིང་གཤོག་ཐོགས་ཡིན།།

ཁ་ལ་ཐུར་རིག་ན་མི་ཚོམ་མོད།།

ཁ་ལ་ཐུར་རིག་ན་ཚོམ་བཏང་ན།།

ང་གྱི་ལིང་གཤོག་ཐོགས་མིན་པའི་རྟགས།།

 

ང་སྟོད་ཀྱི་ཚིག་མཐུན་དགའ་ལོ་ཡིན།།

རོགས་གང་ལ་རྩེ་རུང་མཐུན་པའི་རོགས།།

ཚིག་སྙན་མོས་སེམས་པ་མ་མཐུན་ན།།

ང་ཚིག་མཐུན་དགའ་ལོ་མིན་པའི་རྟགས།།

 

བན་ཆུང་ཆོས་པ་ངེད་གཉིས་ཀ།

སྟོད་དབུས་གཙང་བརྒྱུད་ནས་ཡོང་བ་ཡིན།།

ཆོས་གསུང་གི་བླ་མ་ཨེ་རིག་བསམ།།

ཆོས་གསུང་གི་བླ་མ་མ་རིག་ན།།

ཆོས་དག་འདོན་བྱས་པ་དོན་མེད་རེད།།

 

གྲོ་རྒྱ་རྟ་དང་ངེད་གཉིས་ཀ།

ས་བྱང་ལམ་བརྒྱུད་ན་ཡོང་བ་ཡིན།།

དར་དཀར་བོ་ཁིས་ལ་ཨེ་འཐེན་བསམ།།

དར་དཀར་བོ་ཁིས་ལ་མ་འཐེན་ན།།

འགྲོས་གོམ་གསུམ་བརྒྱུགས་པ་དོན་མེད་རེད།།

 

ཕོ་གསར་སྤུན་དང་ངེད་གཉིས་ཀ།

བོད་ཚོ་ཆེན་བརྒྱུད་ན་ཡོང་བ་ཡིན།།

ཞེ་མཐུན་པའི་མ་ལོ་ཨེ་རིག་བསམ།།

སེམས་གངས་དཀར་རོགས་ལ་མ་མཐུན་ན།།

ངས་ཚིག་གསུམ་བཤད་ནོ་དོན་མེད་རེད།།

 

ཁུ་བྱུག་བྱ་དང་ངེད་གཉིས་ཀ།

ཤིང་དྲང་མོའི་རྩེ་ལ་ལོས་འབབ།།

ཤིང་རྩེ་བརྒྱ་གོང་མ་མཚོན་རེད།།

ཤིང་རྩེ་བརྒྱ་བར་མ་མདའ་རེད།།

མདའ་མཚོན་གཉིས་ཀྱི་བར་ལ།།

ང་ཁུ་བྱུག་འབབ་རྒྱུ་དཀའ་མོ་རེད།།

 

འདོ་བ་རྟ་དང་ངེད་གཉིས་ཀ།

ས་བྱང་ལམ་ཐད་ལ་ལོས་རྒྱུག།

ས་ཁིས་ཆེན་གོང་མ་ཁངས་རེད།།

ས་ཁིས་ཆེན་བར་འདམ་རེད།།

འདམ་ཁངས་གཉིས་ཀྱི་བར་ནས།།

ང་འདོ་བ་རྒྱུག་རྒྱུ་དཀའ་མོ་རེད།།

 

དགའ་ལོ་སྤུན་དང་ངེད་གཉིས་ཀ།

བོད་ཚོ་ཆེན་བརྒྱུད་ནས་ལོས་རྩེ།།

ཁྱོད་ནང་ཚང་བཟའ་བ་སྟག་རེད།།

ཁྱོད་གཏམ་ཆེན་མི་ཁ་དགྲ་རེད།།

དགྲ་སྟག་གཉིས་ཀྱི་བར་ལ།།

ང་དགའ་ལོ་རྩེ་རྒྱུ་དཀའ་མོ་རེད།།

 

ཤིང་ཡག་པའི་ནང་ན་ཡག་པ་སྣང་།།

སྟོད་ལྷ་ཁང་ཀ་བ་ཉན་ཏེ་སྣང་།།

སྟོད་ལྷ་ཁང་ཀ་བ་མ་ཉན་ན།།

མགོ་གཉིས་རེ་གཞོགས་ལ་མེ་ཡོག་བྱོས།།

 

རྡོ་ཡག་པའི་ནང་ན་ཡག་པ་སྣང་།།

སྟོད་ལྷ་ཁང་ཀ་རྡོ་ཉན་ཏེ་སྣང་།།

སྟོད་ལྷ་ཁང་ཀ་རྡོ་མ་ཉན་ན།།

དཀྱིལ་མིག་ལོང་ཕུགས་ལ་ཕང་ལོ་བྱོས།།

 

རོགས་ཡག་པའི་ནང་ན་ཡག་པ་སྣང་།།

ཚེ་གཅིག་གི་རྩེ་རོགས་ཉན་ཏེ་སྣང་།།

ཚེ་གཅིག་གི་རྩེ་རོགས་མ་ཉན་ན།།

མགོ་སྐྲ་ལོ་ཞོར་ལ་ཇོ་མོ་བྱོས།།

 

རི་ཨུཏྤལ་འདྲ་བའི་ཡར་ནང་ནས།།

ཆུ་ཤེལ་དཀར་འདྲ་བའི་རོགས་ལོས་ཉོན།།

ཆུ་དྭངས་སྙིགས་མེད་ལ་བཞུར་ཟེར་ན།།

ངས་བདེན་པས་ཐོམ་གསུམ་བཅུ་རྒྱུ་ཡིན།།

 

ཁིས་མདའ་ལྟོང་འདྲ་བའི་ཕར་རྒྱབ་ནས།།

མདའ་གསེར་ལྟོང་འདྲ་བའི་རོགས་ཀྱིས་ཉོན།།

མདའ་ཡོ་གཟུར་མེད་ལ་འཕེན་ཟེར་ན།།

ངས་བདེན་པས་གླག་སྒྲ་སྟོད་རྒྱུ་ཡིན།།

 

ཞེ་མཐུན་པའི་ཚོ་ཆེན་མར་ནང་ནས།།

ཚིག་བཤད་པའི་མ་ལོ་རོགས་ཀྱིས་ཉོན།།

ཚིག་རྐྱེན་སྐྱོན་མེད་ལ་རྩེ་ཟེར་ན།།

ངས་ཡིད་ཀྱི་སེམས་གཏམ་བཤད་རྒྱུ་ཡིན།།

 

ཚིག་དང་པོ་ལྷ་རིའི་རྩེ་ནས་བཤད།།

ལྷར་གཡས་སྐོར་འགྲུབ་ན་དགེ་བའི་དོན།།

 

ཚིག་གཉིས་པ་རྒྱ་མཚོའི་འགྲམ་ནས་བཤད།།

ཆུ་ཡེར་མོ་འགྲུབ་ན་རྨ་བྱའི་དོན།།

 

ཚིག་གསུམ་པ་ཚོ་ཆེན་སྡེ་ནས་བཤད།།

ཁ་ཚིག་གསུམ་བཤད་ན་རོགས་ཀྱི་དོན།།

 

ང་སྟོད་ལ་སོང་ན་མཛོ་དགོས།།

མཛོ་གཅིག་གིས་མི་ཆོག་གཉིས་དགོས།།

མཛོ་གཉིས་དགོས་དོན་བཤད་དགོས་ན།།

མཛོ་གཅིག་གི་རྭ་ཚུགས་ཤོམ་དགོས།།

མཛོ་གཅིག་གི་སྲོལ་ལམ་དྲང་དགོས།།

མཛོ་གཉིས་དགོས་དོན་དེ་ཡིན།།

 

ང་སྨད་ལ་སོང་ན་རྟ་དགོས།།

རྟ་གཅིག་གི་མི་ཆོག་གཉིས་དགོས།།

རྟ་གཉིས་དགོས་དོན་བཤད་དགོས་ན།།

རྟ་གཅིག་གི་སྤུ་ག་ཡག་དགོས།།

རྟ་གཅིག་གི་བློ་རྟ་ཉན་དགོས།།

རྟ་གཉིས་དགོས་དོན་དེ་ཡིན།།

 

ང་སྡེ་ལ་སོང་ན་རོགས་དགོས།།

རོགས་གཅིག་གིས་མི་ཆོག་གཉིས་དགོས།།

རོགས་གཉིས་དགོས་དོན་བཤད་དགོས་ན།།

རོགས་གཅིག་གི་སྣང་བ་མཐུན་དགོས།།

རོགས་གཅིག་རྩེད་རོགས་ཉན་དགོས།།

རོགས་གཉིས་དགོས་དོན་དེ་ཡིན།།

 

ང་ས་བཟང་ས་ནས་ཡོང་ནི་ཡིན།།

ས་འདི་ཚོ་ཙན་དན་ལོ་མ་རེད།།

ས་འདི་ནས་ལོ་གསུམ་བསྡད་ན་འདོད།།

ཁྱོད་ས་བདག་དཔོན་གྱིས་ཅི་ཟེར་རམ།།

 

ང་ཆུ་བཟང་ཆུ་ནས་ཡོང་ནི་ཡིན།།

ཆུ་འདི་ཚོ་རྫ་ཆུ་དྭངས་མོ་རེད།།

ཆུ་འདི་ཚོ་ཐོམ་གསུམ་བཅུ་ན་འདོད།།

ཁྱོད་ཆུ་ལྷའི་རྒྱལ་བོས་ཅི་ཟེར་རམ།།

 

ང་སྡེ་བཟང་སྡེ་ནས་ཡོང་ནི་ཡིན།།

མ་ཁྱོད་ཚོ་ཚིག་མོད་སྙན་བཟང་རེད།།

རོགས་ཁྱོད་ཚོར་ལོ་གསུམ་རྩེ་ན་འདོད།།

ཁྱོད་རྩེ་དཔོན་ནང་མས་ཅི་ཟེར་རམ།།

 

༡༠ང་ཡོང་བ་ཁ་ཆེ་ཡུལ་ནས་ཡོང་།།

ངའི་ལག་ན་ཁ་ཆེའི་གུར་ཀུམ་ཡོད།།

ངས་གང་ཡིན་བླ་མར་མི་འབུལ།།

སྟོད་དབུས་གཙང་བླ་མར་འབུལ་རྒྱུ་ཡིན།།

 

ང་ཡོང་བ་ཤེལ་དཀར་ཡུལ་ནས་ཡོང་།།

ངའི་ལག་ན་ཤེལ་དཀར་ཕྲེང་བ་ཡོད།།

ངས་གང་ཡིན་ཕ་མར་མི་འབུལ།།

ངས་དྲིན་ཆེན་ཕ་མར་འབུལ་རྒྱུ་ཡིན།།

 

ང་ཡོང་བ་ཚོ་ཆེན་སྡེ་ནས་ཡོང་།།

ངའི་ཡིད་ན་སེམས་གཏམ་དྲང་མོ་ཡོད།།

ངས་གང་ཡིན་རོགས་ལ་མི་བཤད།།

རོགས་ཞེ་མཐུན་ཁྱོད་ལ་བཤད་རྒྱུ་ཡིན།།

 

༡༡ལམ་དཀར་བོར་འགྲོ་ན་སླ་གི།

རྡོ་གོར་མོ་བསལ་རྒྱུ་དཀའ་གི།

 

རྟ་རྟེའུ་ཆུང་ཞོན་རྒྱུ་སླ་གི།

སྒ་བེ་སང་བསྒྲིག་རྒྱུ་དཀའ་གི།

 

རོགས་ན་ཟླར་རྩེ་རྒྱུ་སླ་གི།

ཁ་ཚིག་གསུམ་བཤད་རྒྱུ་དཀའ་གི།

 

༡༢གསེར་རྡུང་མགར་བ་ཁྱོད་གཉིས་ཀས།།

གསེར་སེར་བོ་ལག་ན་ཡོད་དུས་ན།།

དབུས་ཇོ་བོ་ལག་ན་ཡོད་དུས་ན།།

དབུས་ཇོ་བོའི་མདུན་ལ་ཞལ་གསེར་ཕུལ།།

གསེར་སེར་བོ་རྫ་ཁའི་ཟིལ་བ་འདྲ།།

རྫ་ཟིལ་བ་ནམ་ཡལ་མི་ཤེས་གི།

 

རྟ་བདག་དཔོན་དང་ཁྱེད་གཉིས་ཀས།།

རྟ་འདོ་བ་ལྷས་ན་ཡོད་དུས་ན།།

ས་བྱང་ལམ་རྒྱུད་དུ་གོམ་གསུམ་རྒྱུགས།།

རྟ་འདོ་བ་རྫ་སྐེད་མེ་ཏོག་འདྲ།།

རྫ་མེ་ཏོག་ནམ་ཡལ་མི་ཤེས་གི།

 

མ་ལོ་རོགས་དང་ཁྱེད་གཉིས་ཀས།།

ཁ་ཚིག་གསུམ་ཡིད་ན་ཡོད་དུས་ན།།

བོད་ཚོ་ཆེན་རྒྱུད་དུ་ཚིག་གསུམ་ཤོད།།

རོགས་མ་ལོ་ཏ་ལའི་ལོ་མ་འདྲ།།

ཤོང་ལོ་མ་ནམ་ལྷུང་མི་ཤེས་གི།

 

༡༣ངང་བ་སེར་བོ་དབུས་ཀྱི་བྱ།།

དབུས་མ་ཡུམ་ཆོས་སྡེ་གླིང་གི་བྱ།།

ང་མཚོ་སྔོན་བརྒྱུད་ནད་ཡོང་དོན་ནི།།

བྱ་རྨ་བྱའི་སྒྲོ་མདོངས་རིག་འདོད་ཡིན།།

 

རྟ་ཆུང་ཁམ་པ་གཙང་གི་རྟ།།

གཙང་ཕ་རུ་དཀར་ཡག་ཐང་གི་རྟ།།

ང་བྱང་ལམ་བརྒྱུད་ནས་ཡོང་དོན་ནི།།

རྟ་འདོ་བའི་གོམ་ལག་རིག་འདོད་ཡིན།།

 

ང་སྟོང་གསུམ་དགའ་ལོ་ཁམས་ཀྱི་རོགས།།

ཁམས་འཁོར་བ་སྲིད་སྡེ་གྲོང་གི་རོགས།།

ང་སྡེ་ཆེན་བརྒྱུད་ནས་ཡོང་དོན་ནི།།

རོགས་མ་ལོའི་ཚིག་ལ་ཉན་འདོད་ཡིན།།

 

༡༤རྟ་མེད་ལ་རྟ་ཞིག་ཉོ་རྒྱུ་ཡིན།།

ཁ་ཚུར་འཁོར་མགོ་སྣ་ཡག་དགོས།།

དེས་མི་ཆོག་གོམ་ལག་བདེ་དགོས།།

འདི་གཉིས་ཀ་འཛོམས་པའི་རྟ་ཡིན་ན།།

གསེར་སྲང་ལ་ཚད་རུང་འགྱོད་པ་མེད།།

 

གོས་མེད་ལ་གོས་ཤིག་ཉོ་རྒྱུ་ཡིན།།

སྟེང་འབྲུག་ཆུང་རི་མོ་ཡོད་དགོས།།

དེས་མི་ཆོག་འཁོབས་རྒྱ་ཡངས་དགོས།།

འདི་གཉིས་ཀ་འཛོམས་པའི་གོས་ཡིན་ན།།

དངུལ་སྲང་ལ་ཚད་རུང་འགྱོད་པ་མེད།།

 

རོགས་མེད་ལ་རོགས་ཤིག་བཙལ་རྒྱུ་ཡིན།།

སེམས་འོ་ཆུ་བཞིན་དུ་མཐུན་དགོས།།

དེས་མི་ཆོག་སྐྱེ་གཟུགས་ཡག་དགོས།།

འདི་གཉིས་ཀ་འཛོམས་པའི་རོགས་ཡིན་ན།།

གཏམ་མི་ཁ་འཁོར་རུང་འགྱོད་པ་མེད།།

 

༡༥གཡུ་སྡོང་སྔོན་མོ་ངེད་གཉིས་ཀར།།

ཁུ་བྱུག་སྔོན་མོ་ཁྱོད་གཉིས་ཀ།

ཡུན་རིང་བོར་འབབ་སེམས་ཨེ་ཡོད།།

ཡུན་རིང་ལ་འབབ་སེམས་ཡོད་ན།།

ལོ་སྟོང་ལ་ལོ་མ་མི་ལྷུང་།།

 

རྨ་ཆུ་དལ་མོ་ངེད་གཉིས་ཀར།།

གསེར་མིག་ཉ་དང་ཁྱེད་གཉིས་ཀ།

ཡུན་རིང་བོར་འཁྱིལ་སེམས་ཨེ་ཡོད།།

ཡུན་རིང་བོར་འཁྱིལ་སེམས་ཡོད་ན།།

ལོ་སྟོང་ལ་འགྲམ་དར་མི་ཆགས།།

 

དགའ་ལོ་རོགས་དང་ངེད་གཉིས་ཀར།།

མ་ལོ་རོགས་དང་ཁྱེད་གཉིས་ཀ།།

ཡུན་རིང་བོར་རྩེ་སེམས་ཨེ་ཡོད།།

ཡུན་རིང་བོར་རྩེ་སེམས་ཡོད་ན།།

ལོ་སྟོང་ལ་སྡེ་ཁ་མི་ཆད།།

 

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།