ལ་གཞས་མཐུན་པ་དྲུག་སྐོར་ལས། རྩེ་འགོ་རྩོམ་པའི་སྐོར།

རྩེ་འགོ་རྩོམ་པའི་སྐོར།

དགུང་ཨ་སྔོན་ཕར་རི་ཕར་འཁོར་རེད།།
འབྲུག་ཕོ་ཆུང་འཁོར་བ་ལན་གཅིག་རེད།།

ཆར་ཤག་སྒྲ་ཅན་ཞིག་འབབ་རྒྱུ་རེད།།

དེ་འབབ་པའི་གནང་་ཨེ་ཡོད་གི།

 

ནགས་རྒྱ་རྫོང་ཕར་རི་ཕར་འཁོར་རེད།།

བྱ་ཁུ་བྱུག་འཁོར་བ་ལན་གཅིག་རེད།།

སིལ་ཁ་གྲངས་ཅན་ཞིག་འཐུ་རྒྱུ་རེད།།

དེ་འཐུ་བའི་གནང་བ་ཨེ་ཡོད་གི།

 

ས་སྡེ་ཆེན་ཕར་རི་ཕར་འཁོར་རེད།།

ང་གླུ་བ་འཁོར་བ་ལན་གཅིག་རེད།།

གླུ་དོན་རྩ་ཅན་ཞིག་ལེན་རྒྱུ་ཡིན།།

དེ་ལེན་པའི་གནང་བ་ཨེ་ཡོད་གི། 

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་ལྔ་རེ་ལྔ་རེ་ལེན།།

རྔ་གོར་མོ་རྡུང་རྡུང་མ་བྱས་ན།།

ཕྱི་སྡེ་བས་ཉ་རྒྱུ་གང་ན་ཡོད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་དྲུག་རེ་དྲུག་རེ་ལེན།།

གྲུ་གུ་སྒོར་སྒོར་མ་བྱས་ན།།

ཕྱི་སྡེ་བས་ལྟ་རྒྱུ་གང་ན་ཡོད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་དགུ་རེ་དགུ་རེ་ལེན།།

དགུ་འགྱིག་འདེད་འདེད་མ་བྱས་ན།།

ཕྱི་སྡེ་བས་བཤད་རྒྱུ་གང་ན་ཡོད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་མ་ཐང་དཀར་རྒོད་རེད།།

བྱ་འཕུར་ཚད་ནམ་མཁའི་མཐོངས་རེད།།

 

རྩེ་སྐེད་ལེན་ན་རྩེ་སྐེད་ལེན།།

རྩེ་སྐེད་ཁུ་བྱུག་སྔོན་མོ་རེད།།

བྱ་གྲག་ཚད་བཞི་བ་ལྔ་བ་རེད།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་བུ་དང་བུ་མོ་རེད།།

རོགས་རྩེ་ཚད་སྐ་མ་འཇའ་དུས་རེད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

དགུང་སྔོན་པོ་འདྲ་བའི་རྩེ་ས་ཞིག།

འབྲུག་ཕོ་ཆུང་འདྲ་བའི་རྩེ་རོགས་ཤིག།

ཆར་བསིལ་མ་འདྲ་བའི་རྩེ་སྤྱད་ཅིག།

དགུང་འདི་ནས་མི་རྩེ་གང་ནས་རྩེ།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

སྡེ་ཆེན་པོ་འདྲ་བའི་རྩེ་རོགས་ཤིག།

ཁ་ལ་གཞས་འདྲ་བའི་རྩེ་སྤྱད་ཅིག།

སྡེ་འདི་ནས་མི་རྩེ་གང་ནས་རྩེ།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་ཤ་རྭ་དཀར་བོ་ལེན།།

དོན་དམ་པས་རལ་ལག་ཚང་ནི་ལེན།།

དེ་མིན་ན་རྩེ་བའི་མིང་གིས་ཅི།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་བུ་དང་བུ་མོས་ལེན།།

དོན་དམ་པས་ལོན་པ་ཁེལ་ནི་ལེན།།

དེ་མིན་ན་བླངས་པའི་མིང་གིས་ཅི།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

དགུང་སྔོན་པོ་ཐོག་མར་ཆགས་ཚུལ་ལེན།།

ཆར་བསིལ་མ་ས་ལ་འབབ་ཚུལ་ལེན།།

དེ་མིན་ན་ལ་གཞས་བླངས་ནས་ཅི།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

སྡེ་ཆེན་པོ་གྲོང་ནས་ཆགས་ཚུལ་ལེན།།

རོགས་ཆུང་ལོ་གྲོང་ནས་རྩེ་ཚུལ་ལེན།།

དེ་མིན་ན་ལ་གཞས་བླངས་ནས་ཅི།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

དགུང་སྔོན་པོར་བང་རིམ་གསུམ་ཡོད་གི།

བང་གོང་མ་འབྲུག་ཆུང་གྲག་ས་རེད།།

བང་བར་མ་གློག་དམར་འཁྱུག་ས་རེད།།

བང་གཞུག་མ་ཆར་ཆུ་འབབ་ས་རེད།།

དགུང་ཀན་ནས་མི་རྩེ་གང་ནས་རྩེ།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

སྡེ་ཆེན་པོར་བང་རིམ་གསུམ་ཡོད་གི།

བང་གོང་མ་སྡེ་བ་འཚོགས་ས་རེད།།

བང་བར་མ་རྩེ་མཁན་འདུག་ས་རེད།།

བང་གཞུག་མ་ལ་གཞས་ལེན་ས་རེད།།

སྡེ་ཀན་ནས་མི་རྩེ་གང་ནས་རྩེ།།

 

རི་བྲག་དཀར་ཐེམ་ཆེན་མན་ནས།།

ས་ཁིས་རི་ཉག་གའི་ཡན་ནས།།

ཁེ་ཚོང་བའི་དཔོན་པོ་ང་ཡིན།།

ཚོང་རྒྱོབ་དང་དོང་ཙེ་ངས་བརྩི།།

 

སྤྱི་ཚོ་བ་བདུན་གྱི་མན་ནས།།

གྲོང་ཆུང་ཆུང་རྩེ་བའི་ཡན་ནས།།

གྲོང་རྩེ་བའི་རྩེ་དཔོན་ང་ཡིན།།

གླུ་ལོངས་དང་ལོན་པས་ངས་རྒྱག།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་རྔ་སྦུབ་རྡུང་རྡུང་བྱེད།།

རྔ་ངེས་ངེས་རྡུང་གི་ཟེར་ནི་ལེན།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་དྲུག་འགྱིག་འདེད་འདེད་བྱེད།།

འགྱིག་ངེས་ངེས་འདེད་གི་ཟེར་ནི་ལེན།།

 

༡༠རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་རྒྱ་རྫོང་ནགས་ལ་ལེན།།

ནགས་ལྕང་ལོ་སྐྱིད་པའི་ཕོ་བྲང་ནས།།

བྱ་ཁུ་ལོ་སྐྱིད་པའི་སྐད་སྙན་འདིས།།

ནང་བྱ་བརྒྱར་གསུང་སྙན་སྒྲོག་ཚུལ་ལེན།།

བྱེའུ་འཇོལ་མོའི་ཡིད་སེམས་བཀུག་ཚུལ་ལེན།།

 

རྩེ་སྐེད་ལེན་ན་རྩེ་སྐེད་ལེན།།

རྩེ་སྐེད་ཁྲ་ཡག་རྫ་ལ་ལེན།།

རྫ་ཁྲ་ཡག་སྤང་ལུང་བར་མ་ནས།།

འབྲོང་བྲེ་སེར་རུ་ཐུར་ཅན་པོ་འདིས།།

ནང་འབྲོང་བརྒྱར་རྭ་ཁ་ངོམ་ཚུལ་ལེན།།

འབྲོང་འབྲི་མོའི་ཡིད་སེམས་བཀུག་ཚུལ་ལེན།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་སྲིད་སྡེ་གྲོང་ལ་ལེན།།

གྲོང་ཆེན་པོ་སྐྱིད་པའི་རྩེད་ར་ནས།།

རོགས་ཆུང་ལོ་ཁ་ཚིག་ཅན་པོ་འདིས།།

ནང་ན་ཟླར་ལ་གཞས་བླངས་ཚུལ་ལེན།།

བུ་བུ་མོར་སྨྲེང་པ་སློང་ཚུལ་ལེན།།

 

༡༡ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་རི་གསུམ་རྩེ་ལ་ལེན།།

མགོ་ཝ་མོ་བཞིན་ཞིག་གོན་ན་ལེན།།

ཐོག་ཅ་ལ་ཡུན་དང་ཡུན་གྱིས་བསྟར།།

 

ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་དོག་མོ་ས་ལ་ལེན།།

རྐང་སག་ལྷམ་བཞིན་ཞིག་གོན་ན་ལེན།།

རྟགས་མེ་རི་ཡུན་དང་ཡུན་གྱིས་ཕབ།།

 

༡༢སྟོད་དབུས་གཙང་ཡུལ་གྱི་བླ་མ།།

གྲལ་ཐུར་ལ་ཚོགས་གཏམ་ཐོངས་དང་།།

གྲལ་གཡས་གྲལ་གཡོན་གྲལ་ནང་ན།།

ཆོས་དག་འདོན་བླ་མ་དག་དག་ཡིན།།

 

ས་སྡེ་ཆེན་གྲོང་གི་དགའ་ལོ།།

གྲོང་རྩེ་བར་ལ་གཞས་ལོངས་དང་།།

གྲོང་རྩེ་བ་མང་བོའི་གྲས་ན།།ཚིག་ཕར་བཤད་རྩེ་བ་དག་དག་ཡིན།།

 

༡༣ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་ཕར་ལ་ལེན་དུས་ན།།

ནངས་སྔ་མོའི་ཉི་རྩེ་རྒྱག་རྒྱག་བྱེད།།

ཁོས་ཕྱིར་ར་ལོན་པ་སློག་དུས་ན།།

དགོང་ཕྱི་དྲོའི་གྲིབ་ཆེན་གོན་གོན་བྱོས།།

 

ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་ཕར་ལ་ལེན་དུས་ན།།

ཕ་བླ་མར་སྐྱབས་འཇུག་ཞུ་ཞུ་བྱེད།།

ཁོས་ཕྱིར་ལ་ལོན་པ་སློག་དུས་ན།།

ཕ་བླ་མས་ཀུན་རིག་གསུང་གསུང་བྱོས།།

 

༡༤སྟེང་ལྷ་ཡུལ་འདྲ་བའི་སྒར་ནས།།

ནང་ལྷ་ཕྲུག་འདྲ་བའི་གྲྭ་བ།།

ཆོས་ཀུན་རིག་གསུང་གི་མཁས་པ།།

བྱིན་ཆེ་བ་བླ་མར་གསལ་གི།

ས་མདོ་སྨད་མཇལ་བའི་གྲས་ན།།

ཞལ་མཇལ་འདོད་མེད་པ་སུ་རེད།།ལ

ས་ཆེ་ནས་མཇལ་མཁན་ང་རེད།།

 

སྟེང་ལྷ་ཡུལ་འདྲ་བའི་གྲོང་ནས།།

ནང་ལྷ་ཕྲུག་འདྲ་བའི་རྩེ་རོགས།།

ཚིག་སྙན་མོ་རྗེ་བཙུན་མགུར་མ།།

རྩེ་མཁས་པ་ཀུན་ལ་གསལ་གི།

ནང་ན་ཟླ་མང་བོའི་གྲས་ན།།

རོགས་རྩེ་འདོད་མེད་པ་སུ་རེད།།

ལས་ཆེ་ནས་འགྲོགས་མཁན་ང་རེད།།

 

༡༥ཡར་བལྟས་གྱི་དགུང་སྔོན་གནམ་ན།།

སྤྲིན་དཀར་དམར་གུར་སྒོ་གོང་ཞོལ་གསུམ།།

སྤྲིན་དཀར་དམར་གུར་སྒོ་གོང་མ་ནས།།

སྤྲིན་སེར་བོ་ཆད་ནས་སྟོད་ལ་ཐལ།།

སྟོད་དབུས་གཙང་ཆོས་སྒོ་ཕྱེ་གི་ཐལ།།

ལག་མཇལ་དར་ཟུངས་ལ་མཇལ་དུ་འགྲོ།།

ཆོས་ཡུམ་ཆེན་བསྟན་པ་དར་རྒྱུ་རེད།།

ཆོས་འདོན་པའི་སྟབས་ཀ་འགྲིག་རྒྱུ་རེད།།

 

སྤྲིན་དཀར་དམར་གུར་སྒོ་བར་མ་ནས།།

སྤྲིན་ནག་པོ་ཆད་ནས་སྨད་ལ་ཐལ།།

སྨད་རྒྱ་ནག་ཚོང་སྒོ་ཕྱེ་གི་ཐལ།།

དངུལ་དོང་ཙེ་ཟུངས་ལ་ཉོ་རུ་འགྲོ།།

གོས་འབྲུག་མའི་བསྟན་པ་དར་རྒྱུ་རེད།།

གོས་གོན་པའི་སྟབས་ཀ་འགྲིག་རྒྱུ་རེད།།

 

སྤྲིན་དཀར་དམར་གུར་སྒོ་ཞོལ་མ་ནས།།

སྤྲིན་དཀར་བོ་ཆད་ནས་གྲོང་ལ་ཐལ།།

གྲོང་སྡེ་བའི་རྩེ་སྒོ་ཕྱེ་གི་ཐལ།།

ཁ་ལ་གཞས་ལོངས་ལ་རྩེ་རུ་འགྲོ།།

རོགས་ཐུག་གི་བསྟན་པ་དར་རྒྱུ་རེད།།

རོགས་རྩེ་བའི་སྟབས་ཀ་འགྲིག་རྒྱུ་རེད།།

 

༡༦དུང་བུམ་པ་ཡག་གི་རི་མགོ་ནས།།

ལག་བུམ་པ་འཛིན་པའི་བན་ཆུང་ཚོ།།

ལག་བུམ་པ་ཟུངས་ལ་དབུས་ལ་འགྲོ།།

དབུས་སེར་བོ་ཕྱི་མཇལ་ནང་མཇལ་བྱེད།།

ཕྱག་དད་པས་ལོངས་ན་དལ་མཇལ་བྱེད།།

 

དུང་བུམ་པ་ཡག་གི་རི་སྐེད་ནས།།

ཁ་ལ་གཞས་ལེན་པའི་བྱི་ལི་ཚོ།།

ཁ་ལ་ལ་གཞས་ལོངས་ལ་གྲོང་ལ་འགྲོ།།

སྡེ་ཆེན་པོ་ཕོ་རྩེ་མོ་རྩེ་བྱེད།།

ཞེ་སྣང་བ་མཐུན་ན་དལ་རྩེ་བྱེད།།

 

༡༧ཁིས་གོང་མའི་ཁིས་ནས་བུད་དང་།།

སྟོད་དབུས་གཙང་ས་ཆ་རིག་ག།

སྟོད་དབུས་གཙང་ས་ཆ་རིག་ན།།

ཞྭ་ཕུད་ལ་ཕྱག་གསུམ་ཚོལ་ལ།།

ལས་སྒྲིབ་པའི་རྣམ་སྨིན་འདག་ག།།

 

ཁིས་བར་མའི་ཁིས་ནས་བུད་དང་།།

སྨད་རྒྱ་ནག་རྒྱ་མཁར་རིག་ག།

སྨད་རྒྱ་ནག་རྒྱ་མཁར་རིག་ན།།

དངུལ་དོང་ཙེ་ལག་གིས་རྩིས་ལ།།

གོས་སྨུག་ནག་གོང་ཚོད་འགྲིག་ག།

 

ཁིས་ཞོལ་མའི་ཁིས་ནས་བུད་དང་།།

ཁྲ་ཤོད་ལེ་སྡེ་བ་རིག་ག།

ཁྲ་ཤོད་ལེ་སྡེ་བ་རིག་ན།།

ཁ་དགོད་ལ་ལ་གཞས་ལོངས་དང་།།

རོགས་འུ་ཚོ་སྣང་བ་མཐུན་།།

 

༡༨རྒྱ་ཁེ་བ་དོ་དམ་ཅན་པོས།།

གོས་འབྲུག་མ་མཛོད་ནས་བླངས་ན།།

ཞེ་བསམ་པས་མིག་དབང་འཕྲོག་གི།

དོན་དམ་པས་ཉོས་ན་འདོད་གི།

 

སྟག་ཤ་ར་ཁ་ཚིག་ཅན་པོས།།

ཁ་བགད་ནས་ལ་གཞས་བླངས་ན།།

ཞེ་བསམ་པས་ཡིད་སེམས་མཐུན་གི།

དོན་དམ་པས་རྩེ་ན་འདོད་གི།

 

༡༩སྟོད་དབུས་གཙང་ཆོས་རའི་ནང་གི།

མགོ་གསེར་ཞྭ་ཅན་གྱི་བླ་མ།

ཁྱོད་བྱང་ཆུ་ཡིན་ནམ་སེམས་དཔའ་ཡིན།།

ངས་དྲིས་པའི་ཨ་ལན་ཨེ་དྲང་།།

ངས་དྲིས་པའི་ཨ་ལན་དྲང་ན།།

ཞྭ་འཕུད་ལ་ཕྱག་གསུམ་ངས་འཚལ།།

ཚེ་ཕྱིན་ཆད་ཕྱི་མའི་ཡུལ་ནས།།

ཕྱག་འཚལ་བའི་ཁ་གྲངས་ཁྱོར་སྤྲོད།།

 

ས་སྡེ་ཆེན་རྩེད་རའི་ནང་གི།

ངའི་རྩེ་རོགས་ཞང་བཟང་ཚ་མོ།།

ཁྱོད་ཁ་མཐུན་ཡིན་ནམ་ཞེ་མཐུན་ཡིན།།

ངས་དྲིས་པའི་ཨ་ལན་ཨེ་དྲང་།།

ངས་དྲིས་པའི་ཨ་ལན་དྲང་ན།།

ཁ་དགོད་ལ་ཚིག་གསུམ་ཁྱོར་བཤད།།

དེང་ཕྱིན་ཆད་རྩེ་བའི་གྲས་ནས།།

ནམ་ཡིན་རུང་ཡིད་ལ་ཁྱོད་འཛིན།།

 

༢༠སྟོད་འདུ་ཁང་རྒྱ་ཕིབས་གསེར་ཏོག་ཅན།།

སྒོ་གྲུ་བཞི་ཨ་ཡིག་རང་བྱོན་ཅན།།

དེའི་ནང་ན་རྗེ་བཙུན་སྒྲོལ་མ་བཞུགས།།

སྒོ་ཕྱེས་ལ་སྒྲོལ་མར་མཇལ་རྒྱུ་ཡིན།།

ལྷ་མཇལ་ནས་བསོད་ནམས་བསོག་རྒྱུ་ཡིན།།

 

སྦྲ་མཐིང་སྨུག་རྒྱལ་མཚན་སྒོ་དར་ཅན།།

སྒོ་གྲུ་བཞི་དུང་གི་ཆ་རུ་ཅན།།

དེའི་ནང་ན་ཞང་བཟང་ཚ་མོ་བཞུགས།།

སྒོ་ཕྱེས་ལ་བུ་མོར་རྩེ་རྒྱུ་ཡིན།།

ཚིག་དོན་རྩ་ཅན་པོར་ཉན་རྒྱུ་ཡིན།།     

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། རྩེ་འགོ་རྩོམ་པའི་སྐོར།

2008-12-04 བོད་མི་དམངས། ཀློག་གྲངས། མཆན ཡོད།

རྩེ་འགོ་རྩོམ་པའི་སྐོར།

དགུང་ཨ་སྔོན་ཕར་རི་ཕར་འཁོར་རེད།།
འབྲུག་ཕོ་ཆུང་འཁོར་བ་ལན་གཅིག་རེད།།

ཆར་ཤག་སྒྲ་ཅན་ཞིག་འབབ་རྒྱུ་རེད།།

དེ་འབབ་པའི་གནང་་ཨེ་ཡོད་གི།

 

ནགས་རྒྱ་རྫོང་ཕར་རི་ཕར་འཁོར་རེད།།

བྱ་ཁུ་བྱུག་འཁོར་བ་ལན་གཅིག་རེད།།

སིལ་ཁ་གྲངས་ཅན་ཞིག་འཐུ་རྒྱུ་རེད།།

དེ་འཐུ་བའི་གནང་བ་ཨེ་ཡོད་གི།

 

ས་སྡེ་ཆེན་ཕར་རི་ཕར་འཁོར་རེད།།

ང་གླུ་བ་འཁོར་བ་ལན་གཅིག་རེད།།

གླུ་དོན་རྩ་ཅན་ཞིག་ལེན་རྒྱུ་ཡིན།།

དེ་ལེན་པའི་གནང་བ་ཨེ་ཡོད་གི། 

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་ལྔ་རེ་ལྔ་རེ་ལེན།།

རྔ་གོར་མོ་རྡུང་རྡུང་མ་བྱས་ན།།

ཕྱི་སྡེ་བས་ཉ་རྒྱུ་གང་ན་ཡོད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་དྲུག་རེ་དྲུག་རེ་ལེན།།

གྲུ་གུ་སྒོར་སྒོར་མ་བྱས་ན།།

ཕྱི་སྡེ་བས་ལྟ་རྒྱུ་གང་ན་ཡོད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་དགུ་རེ་དགུ་རེ་ལེན།།

དགུ་འགྱིག་འདེད་འདེད་མ་བྱས་ན།།

ཕྱི་སྡེ་བས་བཤད་རྒྱུ་གང་ན་ཡོད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་མ་ཐང་དཀར་རྒོད་རེད།།

བྱ་འཕུར་ཚད་ནམ་མཁའི་མཐོངས་རེད།།

 

རྩེ་སྐེད་ལེན་ན་རྩེ་སྐེད་ལེན།།

རྩེ་སྐེད་ཁུ་བྱུག་སྔོན་མོ་རེད།།

བྱ་གྲག་ཚད་བཞི་བ་ལྔ་བ་རེད།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་བུ་དང་བུ་མོ་རེད།།

རོགས་རྩེ་ཚད་སྐ་མ་འཇའ་དུས་རེད།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

དགུང་སྔོན་པོ་འདྲ་བའི་རྩེ་ས་ཞིག།

འབྲུག་ཕོ་ཆུང་འདྲ་བའི་རྩེ་རོགས་ཤིག།

ཆར་བསིལ་མ་འདྲ་བའི་རྩེ་སྤྱད་ཅིག།

དགུང་འདི་ནས་མི་རྩེ་གང་ནས་རྩེ།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

སྡེ་ཆེན་པོ་འདྲ་བའི་རྩེ་རོགས་ཤིག།

ཁ་ལ་གཞས་འདྲ་བའི་རྩེ་སྤྱད་ཅིག།

སྡེ་འདི་ནས་མི་རྩེ་གང་ནས་རྩེ།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་ཤ་རྭ་དཀར་བོ་ལེན།།

དོན་དམ་པས་རལ་ལག་ཚང་ནི་ལེན།།

དེ་མིན་ན་རྩེ་བའི་མིང་གིས་ཅི།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་བུ་དང་བུ་མོས་ལེན།།

དོན་དམ་པས་ལོན་པ་ཁེལ་ནི་ལེན།།

དེ་མིན་ན་བླངས་པའི་མིང་གིས་ཅི།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

དགུང་སྔོན་པོ་ཐོག་མར་ཆགས་ཚུལ་ལེན།།

ཆར་བསིལ་མ་ས་ལ་འབབ་ཚུལ་ལེན།།

དེ་མིན་ན་ལ་གཞས་བླངས་ནས་ཅི།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

སྡེ་ཆེན་པོ་གྲོང་ནས་ཆགས་ཚུལ་ལེན།།

རོགས་ཆུང་ལོ་གྲོང་ནས་རྩེ་ཚུལ་ལེན།།

དེ་མིན་ན་ལ་གཞས་བླངས་ནས་ཅི།།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

དགུང་སྔོན་པོར་བང་རིམ་གསུམ་ཡོད་གི།

བང་གོང་མ་འབྲུག་ཆུང་གྲག་ས་རེད།།

བང་བར་མ་གློག་དམར་འཁྱུག་ས་རེད།།

བང་གཞུག་མ་ཆར་ཆུ་འབབ་ས་རེད།།

དགུང་ཀན་ནས་མི་རྩེ་གང་ནས་རྩེ།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

སྡེ་ཆེན་པོར་བང་རིམ་གསུམ་ཡོད་གི།

བང་གོང་མ་སྡེ་བ་འཚོགས་ས་རེད།།

བང་བར་མ་རྩེ་མཁན་འདུག་ས་རེད།།

བང་གཞུག་མ་ལ་གཞས་ལེན་ས་རེད།།

སྡེ་ཀན་ནས་མི་རྩེ་གང་ནས་རྩེ།།

 

རི་བྲག་དཀར་ཐེམ་ཆེན་མན་ནས།།

ས་ཁིས་རི་ཉག་གའི་ཡན་ནས།།

ཁེ་ཚོང་བའི་དཔོན་པོ་ང་ཡིན།།

ཚོང་རྒྱོབ་དང་དོང་ཙེ་ངས་བརྩི།།

 

སྤྱི་ཚོ་བ་བདུན་གྱི་མན་ནས།།

གྲོང་ཆུང་ཆུང་རྩེ་བའི་ཡན་ནས།།

གྲོང་རྩེ་བའི་རྩེ་དཔོན་ང་ཡིན།།

གླུ་ལོངས་དང་ལོན་པས་ངས་རྒྱག།

 

རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་རྔ་སྦུབ་རྡུང་རྡུང་བྱེད།།

རྔ་ངེས་ངེས་རྡུང་གི་ཟེར་ནི་ལེན།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་དྲུག་འགྱིག་འདེད་འདེད་བྱེད།།

འགྱིག་ངེས་ངེས་འདེད་གི་ཟེར་ནི་ལེན།།

 

༡༠རྩེ་འགོ་ལེན་ན་རྩེ་འགོ་ལེན།།

རྩེ་འགོ་རྒྱ་རྫོང་ནགས་ལ་ལེན།།

ནགས་ལྕང་ལོ་སྐྱིད་པའི་ཕོ་བྲང་ནས།།

བྱ་ཁུ་ལོ་སྐྱིད་པའི་སྐད་སྙན་འདིས།།

ནང་བྱ་བརྒྱར་གསུང་སྙན་སྒྲོག་ཚུལ་ལེན།།

བྱེའུ་འཇོལ་མོའི་ཡིད་སེམས་བཀུག་ཚུལ་ལེན།།

 

རྩེ་སྐེད་ལེན་ན་རྩེ་སྐེད་ལེན།།

རྩེ་སྐེད་ཁྲ་ཡག་རྫ་ལ་ལེན།།

རྫ་ཁྲ་ཡག་སྤང་ལུང་བར་མ་ནས།།

འབྲོང་བྲེ་སེར་རུ་ཐུར་ཅན་པོ་འདིས།།

ནང་འབྲོང་བརྒྱར་རྭ་ཁ་ངོམ་ཚུལ་ལེན།།

འབྲོང་འབྲི་མོའི་ཡིད་སེམས་བཀུག་ཚུལ་ལེན།།

 

རྩེ་རྔ་ལེན་ན་རྩེ་རྔ་ལེན།།

རྩེ་རྔ་སྲིད་སྡེ་གྲོང་ལ་ལེན།།

གྲོང་ཆེན་པོ་སྐྱིད་པའི་རྩེད་ར་ནས།།

རོགས་ཆུང་ལོ་ཁ་ཚིག་ཅན་པོ་འདིས།།

ནང་ན་ཟླར་ལ་གཞས་བླངས་ཚུལ་ལེན།།

བུ་བུ་མོར་སྨྲེང་པ་སློང་ཚུལ་ལེན།།

 

༡༡ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་རི་གསུམ་རྩེ་ལ་ལེན།།

མགོ་ཝ་མོ་བཞིན་ཞིག་གོན་ན་ལེན།།

ཐོག་ཅ་ལ་ཡུན་དང་ཡུན་གྱིས་བསྟར།།

 

ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་དོག་མོ་ས་ལ་ལེན།།

རྐང་སག་ལྷམ་བཞིན་ཞིག་གོན་ན་ལེན།།

རྟགས་མེ་རི་ཡུན་དང་ཡུན་གྱིས་ཕབ།།

 

༡༢སྟོད་དབུས་གཙང་ཡུལ་གྱི་བླ་མ།།

གྲལ་ཐུར་ལ་ཚོགས་གཏམ་ཐོངས་དང་།།

གྲལ་གཡས་གྲལ་གཡོན་གྲལ་ནང་ན།།

ཆོས་དག་འདོན་བླ་མ་དག་དག་ཡིན།།

 

ས་སྡེ་ཆེན་གྲོང་གི་དགའ་ལོ།།

གྲོང་རྩེ་བར་ལ་གཞས་ལོངས་དང་།།

གྲོང་རྩེ་བ་མང་བོའི་གྲས་ན།།ཚིག་ཕར་བཤད་རྩེ་བ་དག་དག་ཡིན།།

 

༡༣ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་ཕར་ལ་ལེན་དུས་ན།།

ནངས་སྔ་མོའི་ཉི་རྩེ་རྒྱག་རྒྱག་བྱེད།།

ཁོས་ཕྱིར་ར་ལོན་པ་སློག་དུས་ན།།

དགོང་ཕྱི་དྲོའི་གྲིབ་ཆེན་གོན་གོན་བྱོས།།

 

ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་ཕར་ལ་ལེན་དུས་ན།།

ཕ་བླ་མར་སྐྱབས་འཇུག་ཞུ་ཞུ་བྱེད།།

ཁོས་ཕྱིར་ལ་ལོན་པ་སློག་དུས་ན།།

ཕ་བླ་མས་ཀུན་རིག་གསུང་གསུང་བྱོས།།

 

༡༤སྟེང་ལྷ་ཡུལ་འདྲ་བའི་སྒར་ནས།།

ནང་ལྷ་ཕྲུག་འདྲ་བའི་གྲྭ་བ།།

ཆོས་ཀུན་རིག་གསུང་གི་མཁས་པ།།

བྱིན་ཆེ་བ་བླ་མར་གསལ་གི།

ས་མདོ་སྨད་མཇལ་བའི་གྲས་ན།།

ཞལ་མཇལ་འདོད་མེད་པ་སུ་རེད།།ལ

ས་ཆེ་ནས་མཇལ་མཁན་ང་རེད།།

 

སྟེང་ལྷ་ཡུལ་འདྲ་བའི་གྲོང་ནས།།

ནང་ལྷ་ཕྲུག་འདྲ་བའི་རྩེ་རོགས།།

ཚིག་སྙན་མོ་རྗེ་བཙུན་མགུར་མ།།

རྩེ་མཁས་པ་ཀུན་ལ་གསལ་གི།

ནང་ན་ཟླ་མང་བོའི་གྲས་ན།།

རོགས་རྩེ་འདོད་མེད་པ་སུ་རེད།།

ལས་ཆེ་ནས་འགྲོགས་མཁན་ང་རེད།།

 

༡༥ཡར་བལྟས་གྱི་དགུང་སྔོན་གནམ་ན།།

སྤྲིན་དཀར་དམར་གུར་སྒོ་གོང་ཞོལ་གསུམ།།

སྤྲིན་དཀར་དམར་གུར་སྒོ་གོང་མ་ནས།།

སྤྲིན་སེར་བོ་ཆད་ནས་སྟོད་ལ་ཐལ།།

སྟོད་དབུས་གཙང་ཆོས་སྒོ་ཕྱེ་གི་ཐལ།།

ལག་མཇལ་དར་ཟུངས་ལ་མཇལ་དུ་འགྲོ།།

ཆོས་ཡུམ་ཆེན་བསྟན་པ་དར་རྒྱུ་རེད།།

ཆོས་འདོན་པའི་སྟབས་ཀ་འགྲིག་རྒྱུ་རེད།།

 

སྤྲིན་དཀར་དམར་གུར་སྒོ་བར་མ་ནས།།

སྤྲིན་ནག་པོ་ཆད་ནས་སྨད་ལ་ཐལ།།

སྨད་རྒྱ་ནག་ཚོང་སྒོ་ཕྱེ་གི་ཐལ།།

དངུལ་དོང་ཙེ་ཟུངས་ལ་ཉོ་རུ་འགྲོ།།

གོས་འབྲུག་མའི་བསྟན་པ་དར་རྒྱུ་རེད།།

གོས་གོན་པའི་སྟབས་ཀ་འགྲིག་རྒྱུ་རེད།།

 

སྤྲིན་དཀར་དམར་གུར་སྒོ་ཞོལ་མ་ནས།།

སྤྲིན་དཀར་བོ་ཆད་ནས་གྲོང་ལ་ཐལ།།

གྲོང་སྡེ་བའི་རྩེ་སྒོ་ཕྱེ་གི་ཐལ།།

ཁ་ལ་གཞས་ལོངས་ལ་རྩེ་རུ་འགྲོ།།

རོགས་ཐུག་གི་བསྟན་པ་དར་རྒྱུ་རེད།།

རོགས་རྩེ་བའི་སྟབས་ཀ་འགྲིག་རྒྱུ་རེད།།

 

༡༦དུང་བུམ་པ་ཡག་གི་རི་མགོ་ནས།།

ལག་བུམ་པ་འཛིན་པའི་བན་ཆུང་ཚོ།།

ལག་བུམ་པ་ཟུངས་ལ་དབུས་ལ་འགྲོ།།

དབུས་སེར་བོ་ཕྱི་མཇལ་ནང་མཇལ་བྱེད།།

ཕྱག་དད་པས་ལོངས་ན་དལ་མཇལ་བྱེད།།

 

དུང་བུམ་པ་ཡག་གི་རི་སྐེད་ནས།།

ཁ་ལ་གཞས་ལེན་པའི་བྱི་ལི་ཚོ།།

ཁ་ལ་ལ་གཞས་ལོངས་ལ་གྲོང་ལ་འགྲོ།།

སྡེ་ཆེན་པོ་ཕོ་རྩེ་མོ་རྩེ་བྱེད།།

ཞེ་སྣང་བ་མཐུན་ན་དལ་རྩེ་བྱེད།།

 

༡༧ཁིས་གོང་མའི་ཁིས་ནས་བུད་དང་།།

སྟོད་དབུས་གཙང་ས་ཆ་རིག་ག།

སྟོད་དབུས་གཙང་ས་ཆ་རིག་ན།།

ཞྭ་ཕུད་ལ་ཕྱག་གསུམ་ཚོལ་ལ།།

ལས་སྒྲིབ་པའི་རྣམ་སྨིན་འདག་ག།།

 

ཁིས་བར་མའི་ཁིས་ནས་བུད་དང་།།

སྨད་རྒྱ་ནག་རྒྱ་མཁར་རིག་ག།

སྨད་རྒྱ་ནག་རྒྱ་མཁར་རིག་ན།།

དངུལ་དོང་ཙེ་ལག་གིས་རྩིས་ལ།།

གོས་སྨུག་ནག་གོང་ཚོད་འགྲིག་ག།

 

ཁིས་ཞོལ་མའི་ཁིས་ནས་བུད་དང་།།

ཁྲ་ཤོད་ལེ་སྡེ་བ་རིག་ག།

ཁྲ་ཤོད་ལེ་སྡེ་བ་རིག་ན།།

ཁ་དགོད་ལ་ལ་གཞས་ལོངས་དང་།།

རོགས་འུ་ཚོ་སྣང་བ་མཐུན་།།

 

༡༨རྒྱ་ཁེ་བ་དོ་དམ་ཅན་པོས།།

གོས་འབྲུག་མ་མཛོད་ནས་བླངས་ན།།

ཞེ་བསམ་པས་མིག་དབང་འཕྲོག་གི།

དོན་དམ་པས་ཉོས་ན་འདོད་གི།

 

སྟག་ཤ་ར་ཁ་ཚིག་ཅན་པོས།།

ཁ་བགད་ནས་ལ་གཞས་བླངས་ན།།

ཞེ་བསམ་པས་ཡིད་སེམས་མཐུན་གི།

དོན་དམ་པས་རྩེ་ན་འདོད་གི།

 

༡༩སྟོད་དབུས་གཙང་ཆོས་རའི་ནང་གི།

མགོ་གསེར་ཞྭ་ཅན་གྱི་བླ་མ།

ཁྱོད་བྱང་ཆུ་ཡིན་ནམ་སེམས་དཔའ་ཡིན།།

ངས་དྲིས་པའི་ཨ་ལན་ཨེ་དྲང་།།

ངས་དྲིས་པའི་ཨ་ལན་དྲང་ན།།

ཞྭ་འཕུད་ལ་ཕྱག་གསུམ་ངས་འཚལ།།

ཚེ་ཕྱིན་ཆད་ཕྱི་མའི་ཡུལ་ནས།།

ཕྱག་འཚལ་བའི་ཁ་གྲངས་ཁྱོར་སྤྲོད།།

 

ས་སྡེ་ཆེན་རྩེད་རའི་ནང་གི།

ངའི་རྩེ་རོགས་ཞང་བཟང་ཚ་མོ།།

ཁྱོད་ཁ་མཐུན་ཡིན་ནམ་ཞེ་མཐུན་ཡིན།།

ངས་དྲིས་པའི་ཨ་ལན་ཨེ་དྲང་།།

ངས་དྲིས་པའི་ཨ་ལན་དྲང་ན།།

ཁ་དགོད་ལ་ཚིག་གསུམ་ཁྱོར་བཤད།།

དེང་ཕྱིན་ཆད་རྩེ་བའི་གྲས་ནས།།

ནམ་ཡིན་རུང་ཡིད་ལ་ཁྱོད་འཛིན།།

 

༢༠སྟོད་འདུ་ཁང་རྒྱ་ཕིབས་གསེར་ཏོག་ཅན།།

སྒོ་གྲུ་བཞི་ཨ་ཡིག་རང་བྱོན་ཅན།།

དེའི་ནང་ན་རྗེ་བཙུན་སྒྲོལ་མ་བཞུགས།།

སྒོ་ཕྱེས་ལ་སྒྲོལ་མར་མཇལ་རྒྱུ་ཡིན།།

ལྷ་མཇལ་ནས་བསོད་ནམས་བསོག་རྒྱུ་ཡིན།།

 

སྦྲ་མཐིང་སྨུག་རྒྱལ་མཚན་སྒོ་དར་ཅན།།

སྒོ་གྲུ་བཞི་དུང་གི་ཆ་རུ་ཅན།།

དེའི་ནང་ན་ཞང་བཟང་ཚ་མོ་བཞུགས།།

སྒོ་ཕྱེས་ལ་བུ་མོར་རྩེ་རྒྱུ་ཡིན།།

ཚིག་དོན་རྩ་ཅན་པོར་ཉན་རྒྱུ་ཡིན།།     

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།