བུད་མེད་སྙན་ངག་པ་ཀྲའོ་ལི་ཧྭ་ཡིས་གཟིགས་བཟོས་བྱ་དགའ་མ་བླངས་པ།

    བུད་མེད་སྙན་ངག་པ་ཀྲའོ་ལི་ཧྭ་ནི་རྒྱུན་པར་རང་གཤིས་ངོམ་ལ་སྤྱོད་པ་ཁྱད་མཚར་བོ་སྟོན་པར་མིང་དུ་གྲགས་ཡོད་པ་ཞིག་ཡིན། ད་ཐེངས་ཡང་ཟླ༦པའི་ཚེས༧ཉིན་སྤེལ་བའི་ཀྲུང་གོའི་ཆེས་མཐོའི་སྙན་ངག་ལོ་འཚོགས་དང་སྒེར་ཚུགས་སྙན་ངག་གི་གཟིགས་བཟོས་མཛད་སྒོའི་སྟེང་སྟེགས་བུར་བུད་རྗེས་གློ་བུར་དུ་གཟིགས་བཟོས་མ་བླངས་ལ། ད་ནས་བཟུང་ཀྲུང་གོའི་དཔོན་གཞུང་གི་སྙན་སྟེགས་དང་དམངས་ཁྲོད་ཀྱི་སྙན་སྟེགས་གང་རུང་གིས་སྤེལ་བའི་གཟིགས་བཟོས་དང་མིང་ཐོབ་གང་ཡང་མི་ལེན་རྒྱུ་ཐག་བཅད་པས་རྒྱ་ནག་གི་སྙན་སྟེགས་དང་ཐ་ན་རྩོམ་སྟེགས་ཡོང་རྫོགས་འུར་ཆིལ་ལེར་བཏང་སོང༌།
    ཤེས་གསལ་ལྟར་ན་ཀྲུང་གོའི་ཆེས་མཐོའི་སྙན་ངག་ལོ་འཚོགས་དང་སྒེར་ཚུགས་སྙན་ངག་གི་གཟིགས་བཟོས་མཛད་སྒོ་འདི་ཀྲུང་གོའི་སྙན་ངག་ཕོ་བྲང་ནས་སྤེལ་བ་ཡིན་འདུག་ལ། ཀྲའོ་ལི་ཧྭ་ལ་ཐོབ་པ་ནི་སྒེར་ཚུགས་སྙན་ངག་གི་བྱ་དགའ་རེད།གདན་ཞུའི་སྐུ་མགྲོན་སྟེ་སྙན་ངག་པ་ལའོ་ཁྲའོ་ལགས་ཀྱིས་གཟིགས་བཟོས་དཔང་ཡིག་སོགས་ཀྲའོ་ལི་ཧྭ་ལ་སྤྲོད་པར་རྩོམ་དུས།ཁོ་མོས་གློ་བུར་དུ"དེ་རིང་གི་ཚོགས་འདུའི་གཙོ་སྐྱོང་བ་དང་ཚོགས་ཞུགས་པ་ཀུན་ལ་དངོས་གནས་དགོང་པ་མ་ཚོམ་ཞུ་རྒྱུ་དང༌། བདག་གིས་གཟིགས་བཟོས་འདི་དང་ལེན་བྱེད་རྒྱུ་མིན་པ་མ་ཟད།ད་ནས་བཟུང་ཀྲུང་གོའི་དཔོན་གཞུང་གི་སྙན་སྟེགས་དང་དམངས་ཁྲོད་ཀྱི་སྙན་སྟེགས་གང་གིས་སྤྲད་པའི་གཟིགས་བཟོས་དང་མིང་ཐོབ་གང་ཡང་ལེན་རྒྱུ་མིན། དགོངས་པ་མ་ཚོམ། ཚང་མར་བཀའ་དྲིན་ཆེ"ཞེས་བཤད་པས་ཚང་མ་ཧང་སང་བར་བྱས་སོང་ལ།གནས་ཚུལ་ཕྱི་རུ་ཁྱབ་རྗེས་དྲ་གྲོགས་རེ་འགས་འདི་ནི་ཀྲུང་གོའི་སྙན་སྟེགས་ལ་གཞུས་པའི་ཆེས་སྙིང་རྗེ་དང་བྲལ་བའི་འགྲམ་ལྕག་ཅིག་རེད་ཅེས་རེད་སོགས་ཟེར་མཁན་མང་ལ། རྗེས་ནས་ཁོ་མོས་རང་གི་པོད་ཁུག་དུ་རྒྱུ་མཚན་འདི་ལྟར་གསེད་དཀྲོལ་བྱས་ཡོད་སྟེ〝རྒྱལ་ཡོང་གི་མཐོ་རྒྱུགས་ཁྲོད་ཞིང་ཆེན་བཞི་ཕུད་པའི་གཞན་པ་ཚང་མས་ཡང་བསྐྱར་སྙན་ངག་བཀག་ཡོད་ལ། ཀྲུང་གོའི་དེང་རབས་སྙན་ངག་དང་ཀྲུང་གོའི་ན་གཞོན་བར་གྱི་འབྲེལ་འདྲེས་ཀྱི་སྒོ་མོ་ཆེས་གལ་ཆེ་བ་དེ་འདི་ལྟར་གཏན་ཡོད་ནའང་ང་ཚོ་སྙན་ངག་པས་སྔར་བཞིན་སྔ་གཞུག་གི་གྲལ་སྒྲིག་ཁུལ་དང་གྲུབ་འབྲས་བགོ་ཁུལ་བྱེད་ཀྱིན་འདུག〞
     ཀྲའོ་ལི་ཧྭ་ཡིས་འདི་ལྟར་བྱེད་དོན་ནི་ན་ནིང་སློབ་གསོ་པུའུ་ཡིས་ཡིག་ཆ་བཀྲམ་ནས་སློབ་མ་ཚོས་མཐོ་རྒྱུགས་ཀྱི་རྩོམ་ཡིག་ལ་སྙན་ངག་དང་ཟློས་གར་འབྲི་ཆོག་པ་བཟོས་ཡོད་མོད་ད་ལོ་ས་ཆ་སོ་སོས་ཡང་བསྐྱར་སྙན་ངག་ལ་སྒོ་མོ་གཏན་པས་ཁོ་མོ་མ་དགའ་བ་རེད་འདུག ཁོ་མོས་འདི་ནི་ཀྲུང་གོའི་སྙན་ངག་གི་སྐྱོ་དོན་གཅིག་ལས་མ་འདས་ཞེས་བཤད་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་སྙན་ངག་པ་ཀྲའོ་ལི་ཧྭ་ཡིས་གཟིགས་བཟོས་བྱ་དགའ་མ་བླངས་པ།

2008-10-31 གཡག་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།