༢༠༠༨ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་ཕ་རན་སིའི་རྩོམ་པ་པོ་གྲགས་ཅན་ལེ.ཁིལ་ཟེ་འོ་ལ་གནང་བ།

   ༢༠༠༨ལོའི་ཟླ༡༠བའི་ཚེས་༩ཉིན། སུའེ་ཏེན་གྱི་གོང་མ་ཚང་ཚན་རིག་གླིང་གིས་༢༠༠༨ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་ཕ་རན་སིའི་རྩོམ་པ་པོ་གྲགས་ཅན་ཅེན·མཱར·ག་ཟི་ཐབ·ལེ·ཁིལ་ཟེ་འོ་ལ་སྟེར་རྒྱུ་ཁྱབ་བསྒྲགས་བྱས།
      དེའང་སུའེ་ཏེན་གྱི་ནོ་པེལ་འདེམས་སྒྲུག་ཚོགས་པས་ཁོང་ལ་བྱ་དགའ་དེ་ཐོབ་པའི་རྒྱུ་མཚན་དུ་དགུང་གྲངས༦༨ལ་སོན་པའི་ལེ·ཁིལ་ཟེ་འོ་མཆོག་ནི་རྩོམ་རིག་གི་རྣམ་པ་གསར་བ་གཏོད་མཁན་གྱི་རྩོམ་པ་པོ་ཞིག་སྟེ། ཁོང་གི་བརྩམས་ཆོས་ནི་སྙན་ངག་གི་ཉམས་ཀྱིས་མངོན་པར་ཕྱུག་ཅིང་མངོན་གྱུར་གྱི་ཚོར་བ་སྟུག་པོས་ཀུན་ནས་ཁྱབ་ལ་དེང་གི་དཔལ་ཡོན་གྱི་དབང་སྒྱུར་འོག་གི་འགྲོ་བ་མིའི་རང་གཤིས་འཚོལ་བར་གོམས་ཡོད་པ་ཞིག་རེད་ཅེས་གསལ་བཤད་བྱས་འདུག
      ལེ·ཁིལ་ཟེ་འོ་མཆོག་ནི་༡༩༤༠ལོར་ཕ་རན་སིའི་གྲོང་ཁྱེར་ནེ་ཟི་རུ་སྐུ་འཁྲུངས་པ་དང་དགུང་གྲངས་༢༣གྱི་སྟེང་ཁོང་གི་བརྩམས་སྒྲུང་ཐོག་མ<<སྨྱུ་གུའི་རེག་ཟིག>>ཅེས་པར་ཕ་རན་སིའི་རྩོམ་རིག་གི་བྱ་དགའ་ཆེན་མོའི་བཞིའི་གྲས་ཀྱི་གཅིག་སྟེ་ཧ་ནེ་རྡོ་བྱ་དགའ་ཞེས་པ་ཐོབ། ༡༩༨༠ལོར་ཁོང་གི་བརྩམས་དེབ<<མྱ་ངམ་ཐང>>ཞེས་པར་པོ་རོ་མོ་ཧང་བྱ་དགའ་ཆེན་མོ་ཐོབ། ༡༩༩༤ལོར་ཕ་རན་སིའིLIREདུས་དེབ་ཀྱིས་ཀློག་མཁན་ཆེས་དགའ་སའི་རྩོམ་པ་པོའི་ཨང་རིམ་བཀར་བར་ཁོང་ལ་ཨང་དང་པོའི་མཚན་སྙན་ཐོབ།
      ཁོང་གི་བརྩམས་ཆོས་ཕལ་ཆེ་བའི་ནང་གནས་ཡུལ་ངེས་གཏན་མེད་པའི་འཁྱམ་ཉུལ་བ་དག་མི་སྣ་གཙོ་བོར་བྱས་ཡོད་ལ་མི་སྣ་དེ་དག་གི་འཚོ་བ་ནི་མཚམས་མི་ཆད་པར་གནས་སྤོ་བས་མཚོན་པར་བྱས་ཤིང་འཁྱམ་ཉུལ་ནི་ཁོ་ཚོའི་རང་དབང་གི་མཚོན་རྟགས་ཤིག་ཏུ་བཟུང་ཡོད།
    དེ་མིན་ཁོང་གི་བརྩམས་ཆོས་ཀྱིས་གདོད་མའི་དུས་ཀྱི་ཚོ་བ་དང་འཇིག་ཟིན་པའི་གནའ་བོའི་ཤེས་རིག་གི་སྐོར་བླ་ལྷག་གིས་མཚོན་པར་བྱས་ཡོད་ལ་ཁོང་གིས་དེ་ཉིད་ནི་རྗེས་དཔག་གི་རིག་པ་ལས་རྐང་ཚུགས་པའི་ཡོ་རོབ་ཀྱི་དེང་རབས་རིག་གནས་ལ་བསྡུར་ན་ལྡབ་འགྱུར་གྱིས་སྟོབས་དང་ལྡན་པ་དང༌། བརྩེ་སྣང་གིས་ཕྱུག་པ། འཇིག་རྟེན་ཉིད་དངོས་སྟོབས་ཀྱིས་ཉམས་སུ་མྱོང་བ་ཞིག་ཡིན་པར་འདོད།
    ཁོང་གི་བརྩམས་ཆོས་གཙོ་བོ་ནི<<གཏུག་བཤེར་ཟིན་ཐོ>>དང༌། <<གནས་ངེས་མེད་དུ་རྒྱུ་བའི་སྐར་མ>> <<གཞོན་ནུའི་སེམས་དོན>>  <<ཝོལ་ནི་ཉ>>སོགས་ཡིན།
    ཐེངས་འདིར་ཁོང་ལ་ནོ་པེལ་རྩོམ་རིག་བྱ་དགའི་གསོལ་རས་སུ་ཨ་སྒོར་ས་ཡ་གཅིག་དང་བྱེ་བ་བཞི་དབུལ་རྒྱུ་རེད།


ལེ·ཁིལ་ཟེ་འོ་ལགས་ཀྱི་སྐུ་པར།


ཁོང་གི་བརྩམས་དེབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༠༨ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་ཕ་རན་སིའི་རྩོམ་པ་པོ་གྲགས་ཅན་ལེ.ཁིལ་ཟེ་འོ་ལ་གནང་བ།

2008-10-29 སྐྱ་བོ། ཀློག་གྲངས། མཆན ཡོད།

   ༢༠༠༨ལོའི་ཟླ༡༠བའི་ཚེས་༩ཉིན། སུའེ་ཏེན་གྱི་གོང་མ་ཚང་ཚན་རིག་གླིང་གིས་༢༠༠༨ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་ཕ་རན་སིའི་རྩོམ་པ་པོ་གྲགས་ཅན་ཅེན·མཱར·ག་ཟི་ཐབ·ལེ·ཁིལ་ཟེ་འོ་ལ་སྟེར་རྒྱུ་ཁྱབ་བསྒྲགས་བྱས།
      དེའང་སུའེ་ཏེན་གྱི་ནོ་པེལ་འདེམས་སྒྲུག་ཚོགས་པས་ཁོང་ལ་བྱ་དགའ་དེ་ཐོབ་པའི་རྒྱུ་མཚན་དུ་དགུང་གྲངས༦༨ལ་སོན་པའི་ལེ·ཁིལ་ཟེ་འོ་མཆོག་ནི་རྩོམ་རིག་གི་རྣམ་པ་གསར་བ་གཏོད་མཁན་གྱི་རྩོམ་པ་པོ་ཞིག་སྟེ། ཁོང་གི་བརྩམས་ཆོས་ནི་སྙན་ངག་གི་ཉམས་ཀྱིས་མངོན་པར་ཕྱུག་ཅིང་མངོན་གྱུར་གྱི་ཚོར་བ་སྟུག་པོས་ཀུན་ནས་ཁྱབ་ལ་དེང་གི་དཔལ་ཡོན་གྱི་དབང་སྒྱུར་འོག་གི་འགྲོ་བ་མིའི་རང་གཤིས་འཚོལ་བར་གོམས་ཡོད་པ་ཞིག་རེད་ཅེས་གསལ་བཤད་བྱས་འདུག
      ལེ·ཁིལ་ཟེ་འོ་མཆོག་ནི་༡༩༤༠ལོར་ཕ་རན་སིའི་གྲོང་ཁྱེར་ནེ་ཟི་རུ་སྐུ་འཁྲུངས་པ་དང་དགུང་གྲངས་༢༣གྱི་སྟེང་ཁོང་གི་བརྩམས་སྒྲུང་ཐོག་མ<<སྨྱུ་གུའི་རེག་ཟིག>>ཅེས་པར་ཕ་རན་སིའི་རྩོམ་རིག་གི་བྱ་དགའ་ཆེན་མོའི་བཞིའི་གྲས་ཀྱི་གཅིག་སྟེ་ཧ་ནེ་རྡོ་བྱ་དགའ་ཞེས་པ་ཐོབ། ༡༩༨༠ལོར་ཁོང་གི་བརྩམས་དེབ<<མྱ་ངམ་ཐང>>ཞེས་པར་པོ་རོ་མོ་ཧང་བྱ་དགའ་ཆེན་མོ་ཐོབ། ༡༩༩༤ལོར་ཕ་རན་སིའིLIREདུས་དེབ་ཀྱིས་ཀློག་མཁན་ཆེས་དགའ་སའི་རྩོམ་པ་པོའི་ཨང་རིམ་བཀར་བར་ཁོང་ལ་ཨང་དང་པོའི་མཚན་སྙན་ཐོབ།
      ཁོང་གི་བརྩམས་ཆོས་ཕལ་ཆེ་བའི་ནང་གནས་ཡུལ་ངེས་གཏན་མེད་པའི་འཁྱམ་ཉུལ་བ་དག་མི་སྣ་གཙོ་བོར་བྱས་ཡོད་ལ་མི་སྣ་དེ་དག་གི་འཚོ་བ་ནི་མཚམས་མི་ཆད་པར་གནས་སྤོ་བས་མཚོན་པར་བྱས་ཤིང་འཁྱམ་ཉུལ་ནི་ཁོ་ཚོའི་རང་དབང་གི་མཚོན་རྟགས་ཤིག་ཏུ་བཟུང་ཡོད།
    དེ་མིན་ཁོང་གི་བརྩམས་ཆོས་ཀྱིས་གདོད་མའི་དུས་ཀྱི་ཚོ་བ་དང་འཇིག་ཟིན་པའི་གནའ་བོའི་ཤེས་རིག་གི་སྐོར་བླ་ལྷག་གིས་མཚོན་པར་བྱས་ཡོད་ལ་ཁོང་གིས་དེ་ཉིད་ནི་རྗེས་དཔག་གི་རིག་པ་ལས་རྐང་ཚུགས་པའི་ཡོ་རོབ་ཀྱི་དེང་རབས་རིག་གནས་ལ་བསྡུར་ན་ལྡབ་འགྱུར་གྱིས་སྟོབས་དང་ལྡན་པ་དང༌། བརྩེ་སྣང་གིས་ཕྱུག་པ། འཇིག་རྟེན་ཉིད་དངོས་སྟོབས་ཀྱིས་ཉམས་སུ་མྱོང་བ་ཞིག་ཡིན་པར་འདོད།
    ཁོང་གི་བརྩམས་ཆོས་གཙོ་བོ་ནི<<གཏུག་བཤེར་ཟིན་ཐོ>>དང༌། <<གནས་ངེས་མེད་དུ་རྒྱུ་བའི་སྐར་མ>> <<གཞོན་ནུའི་སེམས་དོན>>  <<ཝོལ་ནི་ཉ>>སོགས་ཡིན།
    ཐེངས་འདིར་ཁོང་ལ་ནོ་པེལ་རྩོམ་རིག་བྱ་དགའི་གསོལ་རས་སུ་ཨ་སྒོར་ས་ཡ་གཅིག་དང་བྱེ་བ་བཞི་དབུལ་རྒྱུ་རེད།


ལེ·ཁིལ་ཟེ་འོ་ལགས་ཀྱི་སྐུ་པར།


ཁོང་གི་བརྩམས་དེབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།