མཚོ་བུ་དགའ་བདེའི་བརྩམས་ཆོས “ཀྲུང་གོའི་ལོ་རབས་བརྒྱད་ཅུ་བའི་སྙན་ངག་པའི་འགྲེམ་སྟོན”ལ་ཚུད་པ།
སྙན་ངག་པ་གྲགས་ཅན་དག་གིས་གྲུབ་པའི་དཔྱད་འདེམས་པ་དང《རང་སྒྲ》རྩོམ་སྒྲིག་པ་ཚོས་གདམ་གསེས་བརྒྱུད་ནས་མི་རབས་གསུམ་པའི་སྙན་ངག་པ་མཚོ་བུ་དགའ་བདེའི་སྙན་ངག<<མཁའ་མཐའི་ངུ་སྐད>>(སྙན་ཚོམ)ཐེངས་འདིའི་“དུས་དེབ་རང་སྒྲས་སྤེལ་བའི་ཀྲུང་གོའི་ལོ་རབས་བརྒྱད་ཅུ་བའི་སྙན་ངག་པའི་འགྲེམ་སྟོན”ལ་ཚུད་པ་རེད།
རེབ་འདིའི་དཔྱད་འདེམས་པ་སྟེ་ན་གཞོན་དཔྱད་བརྗོད་པ་ཝང་ཡཱ་མེས་མཚོ་བུ་དགའ་བདེའི་སྙན་ངག་ལ་རྩྭ་ཐང་གི་མི་རིགས་ཤིག་གི་ཁྱད་གཤིས་ལྡན་ཞིང་ཁོའི་སྙན་ངག་ཐུང་ངུ་དག་ནི་བསྡུས་ཤིང་གནད་དུ་ཐིངས་ལ་བྱིས་སྒྲུང་གི་འཆར་ཡན་ཞིག་ཀྱང་མཆིས། ཁོས་འཚོ་བ་ཟིན་ཐོར་འགོད་པའི་ཞོར་དུ་དུས་རབས་འདིའི་ནང་དུ་མི་རིགས་ཤིག་གི་བགྲོ་གླེང་ཁྱད་པར་བ་བྲིས་ཡོད།འདི་ནི་ཁོའི་ཐོབ་ཐང་ལས་ཡོང་བ་མ་ཟད་ཁོའི་སེམས་ཁོང་ནས་འཚོ་གནས་དང་འཇིག་རྟེན་འདིར་འཆང་བའི་འཚོལ་སྙེགས་དང་འདྲི་རྩད་ལས་བྱུང་བ་རེད་ཅེས་བཤད་ཡོད།
གོང་དུ་བརྗོད་པའི་དུས་དེབ<<རང་སྒྲ>>ནི་དབྱིན་ཁྲོན་གྲོང་ཁྱེར་གྱི་སྙན་ངག་ལྷན་ཚོགས་དང་དབྱིན་ཁྲོན་ཐེན་ཞིན་ཅན་རིག་གནས་ཁྱབ་སྤེལ་ཀུང་ཟི་གཉིས་ཀྱིས་༡༩༩༡ལོ་ནས་སྒྲུབ་པའི་དུས་དེབ་ཤིག་ཡིན་ལ་སྙན་ངག་པ་གྲགས་ཅན་མཱང་ཁི་དང་ལི་ཡཱ་ཝེ་སོགས་དུས་དེབ་འདིའི་བློ་འདོན་པ་བྱས་མྱོང༌།
རྩོམ་ཁུངས། ངེད་དྲ་བ།