ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་འཇིགས་པ་ཆེན་པོ་བྱུང་བ།

         སྤྱི་ཟླ༤པའི་ཚེས༡༤ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ཁམས་སྐྱེ་རྒུ་མདོ་དང་དེའི་ཉེ་འཁོར་དུ་རིམ་པ་བདུན་ཚེག་གཅིག་ཅན་དང་། གཏིང་ཟབ་ཚད་སྤྱི་ལེ༡༤ཡིན་པ། རྒྱ་ཁྱོན་སྤྱི་ལེ༣༣ཡིན་པའི་ས་ཡོམ་དྲག་པོ་བྱུང་སྟེ། ད་ལྟའི་བར་ཤེས་པའི་གནས་ཚུལ་ལྟར་ན་སྐྱེ་བོ༡༤༨༤རྐྱེན་ལམ་དུ་ཤོར་བ་དང་། ༣༡༢གར་སོང་མི་ཤེས་ཤིང་། རྨས་མ༡༢༠༨༨ལྷག་ཡོད་འདུག སྡོད་དམངས་འབུམ་གཅིག་ལྷག་གི་ཁྱིམ་གཞི་ཤོར་ཅིང་བྱིས་པ་མང་པོ་དྭ་ཕྲུག་ཏུ་ལུས། ཁྱིམ་ཚང་ཁ་འཐོར་དུ་སོང་བ་དང་གཉེན་ཉེ་བོར་སྟོར་སོང་བ་བགྲང་གིས་མི་ལོངས། ལྷག་པར་དུ་སློབ་མ་༡༠༣དང་དགེ་རྒན་ལྔ་རྐྱེན་ལམ་དུ་ཤོར།ཤི་རྨས་ཀྱི་མཐའ་མཇུག་གི་གྲངས་ཀ་ནི་ད་དུང་འཕེལ་བར་ངེས།  དམངས་ཀྱི་སྡོད་ཁང་ཕལ་ཆེ་བ་བརྡིབས་པ་དང་རྒྱལ་བ་བཀའ་བརྒྱུད་པའི་དགོན་ཆེན་ཁྲ་འགུ་དགོན་པ་སོགས་དགོན་ཆེན་མང་པོར་ཡང་འཇིགས་པ་ཚབས་ཆེན་བྱུང་སྟེ་མི་ལོ་བདུན་བརྒྱའི་རིང་གི་ལྷ་རྟེན་མཆོད་གསུམ་ལ་ཆག་འཇིག་ཆེན་པོ་བྱུང་ཡོད།

          བོད་ཁུལ་དུ་དུས་ཡུན་རིང་བོར་མཐོང་མ་མྱོང་བའི་ས་གཡོ་བའི་འཇིགས་པ་ཆེན་པོ་འདི་བྱུང་རྗེས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ། དགོན་སྡེའི་གྲྭ་བཙུན་སོགས་ཀྱིས་རྒྱུ་ནོམ་དང་མི་ཤུགས་སོགས་གང་རུང་ཕུད་ནས་ཡུལ་དེ་གའི་དམངས་ཡོངས་མྱུར་བར་སྡུག་བསྔལ་ལས་ཐར་བར་བརྩོན་གྱིན་ཡོད་པ་དེ་བཞིན་འདིར་ངེད་དྲ་བས་ཆེད་དུ་བོད་ཀྱི་རྩོམ་པ་པོ་ཡོངས་ལ་འདས་པོར་མྱ་ངན་དང་གསོན་པོར་སེམས་གསོ་ཞུ་བའི་རྩོམ་ཡིག་འབོར་ཆེན་འབྲི་བ་དང་གསར་འགྱུར་འདིའི་མཇུག་ཏུ་རྩོམ་པ་པོ་རང་གི་མཚན་བཀོད་དེ་སེམས་གཏམ་ཚིག་གཅིག་རེ་འབྲི་བའི་རེ་བ་བཏོན་པ་ཡིན།

(པར་གྱི་ཡོང་ཁུངས་ནི་ཞིན་ཧྭ་དྲ་བ་ཡིན)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་འཇིགས་པ་ཆེན་པོ་བྱུང་བ།

2010-04-18 ངེད་དྲ་བ། ཀློག་གྲངས། མཆན ཡོད།

         སྤྱི་ཟླ༤པའི་ཚེས༡༤ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ཁམས་སྐྱེ་རྒུ་མདོ་དང་དེའི་ཉེ་འཁོར་དུ་རིམ་པ་བདུན་ཚེག་གཅིག་ཅན་དང་། གཏིང་ཟབ་ཚད་སྤྱི་ལེ༡༤ཡིན་པ། རྒྱ་ཁྱོན་སྤྱི་ལེ༣༣ཡིན་པའི་ས་ཡོམ་དྲག་པོ་བྱུང་སྟེ། ད་ལྟའི་བར་ཤེས་པའི་གནས་ཚུལ་ལྟར་ན་སྐྱེ་བོ༡༤༨༤རྐྱེན་ལམ་དུ་ཤོར་བ་དང་། ༣༡༢གར་སོང་མི་ཤེས་ཤིང་། རྨས་མ༡༢༠༨༨ལྷག་ཡོད་འདུག སྡོད་དམངས་འབུམ་གཅིག་ལྷག་གི་ཁྱིམ་གཞི་ཤོར་ཅིང་བྱིས་པ་མང་པོ་དྭ་ཕྲུག་ཏུ་ལུས། ཁྱིམ་ཚང་ཁ་འཐོར་དུ་སོང་བ་དང་གཉེན་ཉེ་བོར་སྟོར་སོང་བ་བགྲང་གིས་མི་ལོངས། ལྷག་པར་དུ་སློབ་མ་༡༠༣དང་དགེ་རྒན་ལྔ་རྐྱེན་ལམ་དུ་ཤོར།ཤི་རྨས་ཀྱི་མཐའ་མཇུག་གི་གྲངས་ཀ་ནི་ད་དུང་འཕེལ་བར་ངེས།  དམངས་ཀྱི་སྡོད་ཁང་ཕལ་ཆེ་བ་བརྡིབས་པ་དང་རྒྱལ་བ་བཀའ་བརྒྱུད་པའི་དགོན་ཆེན་ཁྲ་འགུ་དགོན་པ་སོགས་དགོན་ཆེན་མང་པོར་ཡང་འཇིགས་པ་ཚབས་ཆེན་བྱུང་སྟེ་མི་ལོ་བདུན་བརྒྱའི་རིང་གི་ལྷ་རྟེན་མཆོད་གསུམ་ལ་ཆག་འཇིག་ཆེན་པོ་བྱུང་ཡོད།

          བོད་ཁུལ་དུ་དུས་ཡུན་རིང་བོར་མཐོང་མ་མྱོང་བའི་ས་གཡོ་བའི་འཇིགས་པ་ཆེན་པོ་འདི་བྱུང་རྗེས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ། དགོན་སྡེའི་གྲྭ་བཙུན་སོགས་ཀྱིས་རྒྱུ་ནོམ་དང་མི་ཤུགས་སོགས་གང་རུང་ཕུད་ནས་ཡུལ་དེ་གའི་དམངས་ཡོངས་མྱུར་བར་སྡུག་བསྔལ་ལས་ཐར་བར་བརྩོན་གྱིན་ཡོད་པ་དེ་བཞིན་འདིར་ངེད་དྲ་བས་ཆེད་དུ་བོད་ཀྱི་རྩོམ་པ་པོ་ཡོངས་ལ་འདས་པོར་མྱ་ངན་དང་གསོན་པོར་སེམས་གསོ་ཞུ་བའི་རྩོམ་ཡིག་འབོར་ཆེན་འབྲི་བ་དང་གསར་འགྱུར་འདིའི་མཇུག་ཏུ་རྩོམ་པ་པོ་རང་གི་མཚན་བཀོད་དེ་སེམས་གཏམ་ཚིག་གཅིག་རེ་འབྲི་བའི་རེ་བ་བཏོན་པ་ཡིན།

(པར་གྱི་ཡོང་ཁུངས་ནི་ཞིན་ཧྭ་དྲ་བ་ཡིན)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།