མི་རབས་གསུམ་པའི་སྙན་ངག་པ་དུང་ལགས་ཀྱི་འབོལ་རྩོམ་དེབ་པར་དུ་བསྐྲུན་པ།

ཉེ་ལམ་མི་རབས་གསུམ་པའི་ཚོགས་མི་དུང་ལགས་ཀྱི་འབོལ་རྩོམ་དེབ《སེམས་ཀྱི་གཤིས་ཀ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་འགྲེམས་སྤེལ་བྱས། དེབ་དེའི་ནང་དུ་ཁོའི་མི་ལོ་དུ་མའི་རང་གི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་མཚོན་པའི་ཡིད་འགྱུར་སྣ་ཚོགས་རབ་བྱེད་གསུམ་དུ་དབྱེ་བ་ཕྱེས་ཏེ་ཀློག་པ་པོ་ཀུན་གྱི་སྤྱན་སྔར་ཕུལ་ཡོད་ཅིང་དེབ་དེའི་ནང་དོན་ནི་གཤམ་དུ་གསལ་བ་ལྟར་ཏེ།
   རབ་བྱེད་དང་པོ། དུས་ཀྱི་དཔྱིད་རླུང་ལྡང་བྱུང༌།
   དུས་ཀྱི་དཔྱིད་རླུང་ལྡང་བྱུང༌། དུས་ཀྱི་དཔྱིད་རླུང་དལ་བུར་ལྡང་ཡོང་གི དཔྱིད་ཀྱི་རླུང་བུས་ཕྱོགས་སོ་སོ་ནས་སྐྱེ་དངོས་ཡོད་ཚད་ལ་ཚེ་སྲོག་གསར་བ་ཞུགས་པའི་སྟོབས་ཤུགས་ཀྱི་དཔལ་མཆེད་པར་བྱེད་ཀྱིན་འདུགསེམས་ཅན་མཐའ་དག་ལ་འབྱོར་ཕྱུག་དང་རེ་སྨོན་ཁྱེར་ནས་སླེབས་ཡོང་གི་འདུག དཔྱིད་ཀྱི་རླུང་བུས་ཁྱོད་ལ་ཨ་ཕའི་རེ་བཞག་ལྟ་བུའི་ལས་འཕྲོ་ཁྱེར་ནས་ཡོང་གི་འདུག དཔྱིད་ཀྱི་རླུང་བུས་ཁྱོད་ལ་ཨ་མའི་བརྩེ་བ་ལྟ་བུའི་དྲོད་ཁོལ་ཁྱེར་ནས་ཡོང་གི་འདུག    དཔྱིད་ཀྱི་རླུང་བུས་ཁྱོད་ལ་ཕུ་ནུའི་ཞེ་འདང་ལྟ་བུའི་ལག་རྡང་སྦྲེལ་ནས་ཡོང་གི་འདུག དཔྱིད་ཀྱི་རླུང་བུས་ཁྱོད་ལ་སྒྱུ་འཕྲུལ་གྱི་རོལ་རྩེད་དང་བདེ་དགའི་རྨི་ལམ་བསྐྱལ་ནས་ཡོང་གི་འདུག
     རབ་བྱེད་གཉིས་པ། བདག་དང་འཚོ་བའི་བར་ཐག
     དོན་ངོ་མར་འུ་ཅག་འཚོ་བར་རོལ་ཞིང་གསོན་པོར་གནས་ཡོད་ན། དེ་ཅི་ཞིག་གིས་ཇི་ལྟར་ར་སྤྲོད་བྱེད་དམ། དེ་ནི་མིའི་རིགས་ཧྲིལ་པོའི་གནད་དོན་རེད།ས་སྒང་སྟེང་གི་མི་རེ་རེའི་མདུན་དུ་ལྷག་པའི་དྲི་བ་ཞིག་ཀྱང་རེད། ང་ཚོ་ཚང་མ་འཇིག་རྟེན་དཀར་ངོགས་སུ་གསོན་པོར་གནས་ཡོད་པར་ཁ་འཆམ་ཞིང་ཁོག་མཐུན་ཡང༌། ང་ཚོའི་འཇིག་རྟེན་དཀར་ངོགས་ཀྱི་མཐོང་ཐོས་མྱོང་གསུམ་གཏན་ནས་མི་འདྲ། དེ་མི་རང་རང་གི་འཚོ་གནས་ཀྱིས་ཐག་བཅད་པ་ཞིག་ཡིན་སྲིད། འོན་ཀྱང་བྱ་རྒོད་པོ་ཡིན་རུང་མཐའ་མཇུག་གི་འབབ་ས་ནི་བྲག་དམར་གྱི་ཐེམ་ཀ་ཡིན་པ་ཇི་བཞིན་བདག་གི་ལག་ངག་ཡིད་གསུམ་གྱི་སྦྱོར་བ་ཡོད་དོ་ཅོག་ཀྱང་མཐར་དེད་ན་སེམས་ཀྱི་ཕ་ཡུལ་ལ་འབུལ་ལོ།།
        རབ་བྱེད་གསུམ་པ། སློབ་གསོའི་སྐྱ་རེངས་བསུ་བ།
         ལོ་ངོ་དུ་མའི་རིང་དུ། རང་གི་ལས་གནས་ལ་དགའ་བ་དང་སློབ་མ་ལ་ཤ་ཚ་བའི་དགེ་རྒན་ཞིག་བྱེད་རྒྱུའི་མོས་འདུན་གྱིས་ང་ལ་དུས་དང་རྣམ་པ་ཀུན་ཏུ་སྐུལ་ལྕག་གཏོང་གིན་འདུག དེ་བཞིན་རང་རེའི་སློབ་གསོའི་ཐད་ཀྱི་གནད་དོན་ཆེ་མ་ཆུང་གསུམ་གྱི་སྐོར་ལ་རང་གི་ནུས་ཚོད་དམ།བཤད་འདོད་པའི་སྐད་ཆ་འགའ་ཡི་གེར་བཀོད་པ་འདིས་སློབ་གསོར་བློ་དཀར་བའི་ཀློག་པ་པོ་སུས་ཀྱང་འདོད་པ་ཁེངས་པ་ཞིག་ཡོང་གི་མ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ཕྲན་གྱིས་སློབ་གསོའི་བྱ་བཞག་རྒྱ་མཚོ་ལྟ་བུའི་དབུས་ནས་ཆུ་ཐིགས་ཙམ་ཞིག་ལས་ཟིན་ཐོར་འཁོད་མ་ནུས་པར་ལུས་ཡོད།ཅུང་ཙམ་འབད་པའི་འབྲས་རྟགས་དེ་གྲོས་མོལ་ཞིག་གི་ཚུལ་དུ་ཀུན་གྱི་སྤྱན་སྔར་ཕུལ་ཐུབ་པ་འདི་འབྲོག་ཕྲུག་སློབ་གཉེར་བ་ཞིག་གི་མི་རིགས་ལ་བཅངས་པའི་བསྐལ་བའི་བརྩེ་དུང་དང༌། ན་མཉམ་ལ་ཕུལ་བའི་ལ་རྒྱའི་གླུ་ཆུང༌། སློབ་གསོ་ལ་བཟུང་བའི་རང་གི་རྣམ་འགྱུར་ཙམ་ཡིན་ན། སུ་ཞིག་གི་འདོད་འདུན་ཚིམ་རྒྱུ་དེར་རེ་བ་མ་ཡིན་པར་ཀུན་ལ་སྐོམ་པ་སློང་རྒྱུ་ནི་དམིགས་ཡུལ་ཉག་ཅིག་གོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་སྙན་ངག་པ་དུང་ལགས་ཀྱི་འབོལ་རྩོམ་དེབ་པར་དུ་བསྐྲུན་པ།

2009-11-23 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།