སྙན་ངག་པ་ལྗང་བུ་མཆོག་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གཉིས་ལ་བསྟུད་མར་ཞུགས་པ།

སྟོད་བཟའ་ཉི་སྒྲོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-11-17

     མཚོ་ངོས་ལས་རྨིས༤༡༧དམའ་བའི་བེམ་མཚོ།
      
     ལྗང་བུ་དང་ཁོང་གི་སྙན་ངག་ཧེ་པོ་རིའི་སྐད་དུ་སྒྱུར་མཁན།
      
     རོལ་མོའི་མཚན་ཚོགས།
      
     བོད་དང་འབྲེལ་བའི་སྙན་ངག་གྱེར་བ།
      
      ངེད་དྲ་བར་ཕྱི་རྒྱལ་གྱི་གསར་ཤོག་དང་དྲ་བ་དག་ལས་ཕྱོགས་བསྡུས་བྱས་པའི་གསར་འགྱུར་འབྱོར་གསལ་ལྟར་ན་། རྒྱལ་སྤྱིའི་སྙན་ངག་དུས་ཆེན་གཉིས་ཀྱི་སྒྲིག་འཛུགས་པས་བོད་ཀྱི་དེང་རབས་སྙན་ངག་པའི་ཚབ་མཚོན་པའི་མཚན་ཐོག་ནས་གདན་འདྲེན་ཞུས་པ་ལྟར་།  སྙན་ངག་པ་གྲགས་ཅན་ལྗང་བུ་མཆོག་ད་ལོའི་སྤྱི་ཟླ་བཅུ་བ་ནས་བཅུ་གཅིག་པའི་ནང་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ཆེན་པོ་གཉིས་ལ་བསྟུད་མར་ཚོགས་ཞུགས་གནང་འདུག 
     སྙན་ངག་དུས་ཆེན་གཅིག་ནི་ཁེ་ན་ཊ་རྒྱལ་ཁབ་ཀྱི་ཐོག་ག་རེ་དབལ་ཞེས་པའི་གྲོང་ཁྱེར་ལ་བསྡུས་པའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ཐེངས་ཉེར་ལྔ་བ་དེ་ཡིན་ཞིང་། ད་ལོའི་དུས་ཆེན་དེའི་ཚོགས་ཡུན་ནི་སྤྱི་ཟླ་བཅུ་བའི་ཚེས་༢ནས་༡༢པར་ཡིན་འདུག་ལ། ཨ་རི་དང་། ཨུ་རུ་སུ།  ཊན་མག  ཀ་ན་ཊ། ཧྥ་རན་སི་སོགས་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་གི་སྙན་ངག་པ་བརྒྱད་བཅུ་ལྷག་ལྷན་འཛོམས་བྱུང་ཡོད་འདུག     དུས་ཆེན་དེ་ནི་ཨ་རིའི་གླིང་གི་སྙན་ངག་དུས་ཆེན་ཆེས་ཆེ་ཤོས་ཡིན་པས་ན།སན་ལོ་རན་སེ་གཙང་པོའི་འགྲ་ལ་ཆགས་པའི་མཛེས་སྡུག་གི་གྲོང་ཁྱེར་དེ་ལ་ཀུན་གྱིས་འཛམ་གླིང་སྙན་ངག་གི་རྒྱལ་ས་ཞེས་ཀྱང་འབོད།
     དུས་ཆེན་འདིའི་རིང་ལ་ལྗང་བུ་མཆོག་གིས་སྔ་གཞུག་སྙན་ངག་ལྔ་བཅུ་ལྷག་ཐེངས་སུམ་ཅུ་ཁ་ཤས་ལ་གྱེར་འདོན་བྱས་པར་། ཉན་མཁན་དག་གིས་དགའ་བསུ་མི་དམན་པ་གནང་ཡོད་འདུག་ཅིང་། དེའི་ཞོར་ལ་ཁོང་ཉིད་ཡུལ་དེ་དང་ཐག་ཉེ་སར་ཡོད་པའི་སན་ཐེ་ཐེའན་ཞེས་པའི་གྲོང་རྡལ་ཞིག་ཆགས་ནས་ལོ༡༥༠ཕྱིན་པར་རྟེན་འབྲེལ་ཞུ་བའི་སྙན་ངག་དུས་ཆེན་ཞིག་ལ་ཡང་ཕེབས་ཞུགས་གྱིས་སྙན་ངག་གྱེར་འདོན་གནང་འདུག
     སྙན་ངག་པ་ཁོང་ཚོགས་ཞུགས་གནང་པའི་དུས་ཆེན་གཞན་ཞིག་ནི་ཨི་ཟེ་རལ་རྒྱལ་ཁབ་ཀྱི་རྒྱལ་ས་ཐྰེལ་ཝེའུ་ལ་བསྡུས་པའི་ཞྰཨར་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི༢༠༠༩ལོའི་ལོ་ཚོགས་ཡིན་འདུག ཨི་ཟེ་རལ་རང་གི་སྙན་ངག་པ་མ་གཏོགས་དབྱིན་ཇི་དང་། ཧྥ་རན་སི་། གེ་རོ་རྡིས་ཡ།  ལྷོ་ཁོ་རེ་ཡ། ཨར་ལན་ཊེ།  ཀྲུང་གོ་སོགས་རྒྱལ་ཁབ་ཁག་དྲུག་གི་སྙན་ངག་པ་བརྒྱད་གདན་འདྲེན་ཞུས་ཡོད་པ་དང་།   ད་ལོའི་དུས་ཆེན་གྱི་ནང་དོན་གཅོ་བོ་ནི་འཛམ་གླིང་ཞི་བདེ་བརྗོད་གཞི་བྱས་པའི་སྙན་རྩོམ་གྱེར་འདོན་དང་དེ་སྐོར་བགྲོ་གླེང་གནང་རྒྱུ།  དེ་འབྲེལ་རོལ་མོ་དང་ཟློས་གར་འཁྲབ་སྟོན་བཅས་རེད།   ཐེངས་དེའི་ཚོགས་ཡུན་ཉི་མ་ལྔ་སྟེ། སྤྱི་ཟླ༡༠བའི་ཚེས༢༩ ནས ༡༡ པའི་ཚེས ༢ བར་རེད་འདུག
      
༢༠༠༣ལོ་ནས་ད་ལོའི་བར་། ལྗང་བུ་མཆོག་གིས་རང་ཉིད་རྒྱལ་སྤྱིའི་སྙན་ངག་དུས་ཆེན་མང་པོར་ཞུགས་མྱོང་པའི་ཉམས་མྱོང་ལ་བརྟེན་ནས། སྙན་ངག་པ་དང་སྙན་ངག་ལ་དགའ་ཞེན་གནང་མཁན་མང་པོ་དང་མཉམ་དུ། བོད་ཀྱི་སྙན་ངག་དུས་ཆེན་གཅིག་པུ་དང་ཐོག་མ་སྟེ། ་་་ སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་་་ཞེས་པ་འགོ་འཛུགས་གནང་ཡོད་ལ། དུས་ཆེན་དེ་ད་ལྟ་ད་དུང་རྒྱུན་སྐྱོང་གནང་མུས་ཡིན།  དེ་མིན།  དགའ་འོས་པའི་གསར་འགྱུར་གཞན་ཞིག་ནི།  ༢༠༡༠ལོའི་སྤྱི་ཟླ་གཉིས་པར་སྦེལ་ལྕམ་རྒྱལ་ཁབ་ཀྱི་ནྰ་མུར་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྙན་ངག་ཁང་དུ་་་ལྗང་བུའི་མཚན་མོ་་་ཞེས་པའི་སྙན་ངག་དགོང་ཚོགས་ཞིག་ཀྱང་གཉེར་རྩིས་ཡོད་རེད།  འདི་ནི་སྙན་ངག་ཁང་འདིས་ད་ལྟའི་བར་དུ་བོད་ཀྱི་སྙན་ངག་ཐད་སྤེལ་བའི་ལས་གཞིའམ་བྱེད་སྒོ་ཆེས་ཆེ་ཤོས་དེ་ཡིན་འདུག 
        ལྗང་བུ་ཁོང་གི་སྙན་རྩོམ་དག་དབྱིན་ཇི་དང་།  ཧྥ་རན་སི།  ཧྥིན་ལན་།  ཀ་ཐ་ལོན།    ཧི་པོ་རས། སོག་པོ།  རྒྱ་ནག་སོགས་སྐད་ཡིག་དུ་མར་བསྒྱུར་ཞིང་དུས་དེབ་སྣ་ཚོགས་སུ་པར་སྐྲུན་གནང་ཡོད་རེད།  ཁོང་གི་དབྱིན་འགྱུར་སྙན་དེབ་་་གཟི་མིག་དགུ་པ་་་ཟེར་པ་ཞིག་ད་ལྟ་ཨ་རིའི་ནིག་ཡོར་གྲོང་དུ་ཀོ་ལུམ་སྦི་ཡ་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་ཀྱིན་པའི་སྒང་ཡིན་ཅིང་། ཧྥ་རན་སིའི་འགྱུར་ཡང་མི་འགྱངས་པར་ཀློག་པ་པོའི་སྤྱན་སྔར་ཕུལ་བའི་གྲ་སྒྲིག་ཞུ་བཞིན་ཡོད་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་ལྗང་བུ་མཆོག་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གཉིས་ལ་བསྟུད་མར་ཞུགས་པ།

2009-11-17 སྟོད་བཟའ་ཉི་སྒྲོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།