སྐབས་དང་པོའི་སྒྲོན་སྟེགས་བུམ་པའི་བོད་ཡིག་གི་ཡིག་གཟུགས་འགྲན་ཚོགས་བསྡུས་པ།

      ཟླ་འདིའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ་ལ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གུང་གཞོན་ཚོགས་པ་དང་བོད་རིག་པའི་སློབ་གླིང་གཉིས་ཀྱིས་འགྲོ་གྲོན་ཡོངས་སུ་བཏང་ཞིང་སྒྲོན་སྟེགས་རྩོམ་རིག་ཚོགས་པའི་བྱ་འགུལ་ཚན་ཆུང་གིས་སྤེལ་བའི་སྐབས་དང་པོའི་སྒྲོན་སྟེགས་བུམ་པའི་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་དེ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་སྐོར་བྲོ་ཐང་ནས་བསྡུས་པ་རེད།

        དུས་ཚོད་གཉིས་ལྷག་གི་འགྲན་སྡུར་མཇུག་བསྡུ་ལ་ཉེ་དུས་༠༨ལོའི་བོད་སྐད་ཡིག་གི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་ཚོས་ཏག་ཏག་ལོ་གཅིག་སྔོན་གྱི་མིའི་རིགས་ཀྱི་གནོད་འཚེ་ཆེན་མོ་དེའི་ཁྲོད་གཞན་ཕན་གྱི་བསམ་པ་དཀར་པོས་མི་ཤུགས་དང་རྒྱུ་ཤུགས་བཏང་ནས་གནོད་ཐེབས་མང་ཚོགས་དཀའ་གནས་ལས་གྲོལ་བར་རོགས་རམ་བྱས་ཡོད་པའི་སྐྱེས་བུ་དམ་པ་ཚོར་བཀའ་དྲིན་ཞུ་ཆེད<<དྲི་མེད་ཀུན་ལྡན>>གྱི་རྣམ་ཐར་ཐུང་ངུ་ཞིག་འཁྲབ་སྟོན་བྱས་པར་ཚང་མའི་དགའ་བསུ་ཐོབ།
        འགྲན་སྡུར་འདི་ལ་ཞུགས་མཁན་བོད་རིག་པའི་སློབ་གླིང་ཕུད་དོ་དམ་སློབ་གླིང་དང་རྫས་འགྱུར་དང་ཁོར་ཡུག་སྲུང་སྐྱོབ་སློབ་གླིང་།རྩིས་འཁོར་ཚན་རྩལ་སློབ་གླིང་སོགས་ཀྱི་སློབ་མ་སུམ་ཅུར་ཉེ་བ་ཞིག་ཡོད་ལ། བོད་རིག་པའི་སློབ་གླིང་གི་དགེ་རྒན་དང་ཞིབ་འཇུག་སློབ་མ།བོད་ཀྱི་མཛེས་རྩལ་ཕྱོགས་ཀྱི་ཆེད་མཁས་བཅས་དཔྱད་འདེམས་པ་མི་ལྔ་ཡིས་གནས་ཡུལ་དངོས་ནས་སྐར་མ་བརྒྱབས་ཏེ་མཐར་ཕ་ཡུལ་ལྷ་ས་ནས་ཡིན་པའི་སློབ་གྲོགས་མིག་དམར་ལ་ཨང་དང་པོ་དང་།ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་སློབ་གྲོགས་དཀོན་མཆོག་སྐྱབས་དང་ཕ་ཡུལ་ལྷ་ས་ནས་ཡིན་པའི་སློབ་གྲོགས་བསོད་ནམས་ཕན་ཐོགས་གཉིས་ལ་ཨང་གཉིས་པ།བློ་བཟང་དགེ་འདུན་དང་།བཟང་པོ་རྒྱལ་མཚན།ཨ་ཕྱི་བཀྲ་ཤིས་བཅས་ལ་ཨང་གསུམ་པ།སྒྲོལ་མ་དང་བཟང་པོ།པདྨ་བསྟན་འཛིན་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ་ཡོད།

 


རྣམ་ཐར་འཁྲབ་པ།

 
 དཔྱད་འདེམས་པས་སྐར་མ་སྟེར་བ།


འགྲན་སྡུར་གྱི་ཟུར་ཅིག

 
ཡུལ་དངོས་ནས་འགྲན་སྡུར་བྱེད་པ།

 
ཡུལ་དངོས་ནས་འགྲན་སྡུར་བྱེད་པ།

 
 འགྲན་སྡུར་གྱི་ཟུར་ཅིག

 
འགྲན་ཞུགས་པའི་སྨྱུག་རྩལ།

      

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་དང་པོའི་སྒྲོན་སྟེགས་བུམ་པའི་བོད་ཡིག་གི་ཡིག་གཟུགས་འགྲན་ཚོགས་བསྡུས་པ།

2009-05-26 གཡག་བུ། ཀློག་གྲངས། མཆན ཡོད།

      ཟླ་འདིའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ་ལ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གུང་གཞོན་ཚོགས་པ་དང་བོད་རིག་པའི་སློབ་གླིང་གཉིས་ཀྱིས་འགྲོ་གྲོན་ཡོངས་སུ་བཏང་ཞིང་སྒྲོན་སྟེགས་རྩོམ་རིག་ཚོགས་པའི་བྱ་འགུལ་ཚན་ཆུང་གིས་སྤེལ་བའི་སྐབས་དང་པོའི་སྒྲོན་སྟེགས་བུམ་པའི་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་དེ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་སྐོར་བྲོ་ཐང་ནས་བསྡུས་པ་རེད།

        དུས་ཚོད་གཉིས་ལྷག་གི་འགྲན་སྡུར་མཇུག་བསྡུ་ལ་ཉེ་དུས་༠༨ལོའི་བོད་སྐད་ཡིག་གི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་ཚོས་ཏག་ཏག་ལོ་གཅིག་སྔོན་གྱི་མིའི་རིགས་ཀྱི་གནོད་འཚེ་ཆེན་མོ་དེའི་ཁྲོད་གཞན་ཕན་གྱི་བསམ་པ་དཀར་པོས་མི་ཤུགས་དང་རྒྱུ་ཤུགས་བཏང་ནས་གནོད་ཐེབས་མང་ཚོགས་དཀའ་གནས་ལས་གྲོལ་བར་རོགས་རམ་བྱས་ཡོད་པའི་སྐྱེས་བུ་དམ་པ་ཚོར་བཀའ་དྲིན་ཞུ་ཆེད<<དྲི་མེད་ཀུན་ལྡན>>གྱི་རྣམ་ཐར་ཐུང་ངུ་ཞིག་འཁྲབ་སྟོན་བྱས་པར་ཚང་མའི་དགའ་བསུ་ཐོབ།
        འགྲན་སྡུར་འདི་ལ་ཞུགས་མཁན་བོད་རིག་པའི་སློབ་གླིང་ཕུད་དོ་དམ་སློབ་གླིང་དང་རྫས་འགྱུར་དང་ཁོར་ཡུག་སྲུང་སྐྱོབ་སློབ་གླིང་།རྩིས་འཁོར་ཚན་རྩལ་སློབ་གླིང་སོགས་ཀྱི་སློབ་མ་སུམ་ཅུར་ཉེ་བ་ཞིག་ཡོད་ལ། བོད་རིག་པའི་སློབ་གླིང་གི་དགེ་རྒན་དང་ཞིབ་འཇུག་སློབ་མ།བོད་ཀྱི་མཛེས་རྩལ་ཕྱོགས་ཀྱི་ཆེད་མཁས་བཅས་དཔྱད་འདེམས་པ་མི་ལྔ་ཡིས་གནས་ཡུལ་དངོས་ནས་སྐར་མ་བརྒྱབས་ཏེ་མཐར་ཕ་ཡུལ་ལྷ་ས་ནས་ཡིན་པའི་སློབ་གྲོགས་མིག་དམར་ལ་ཨང་དང་པོ་དང་།ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་སློབ་གྲོགས་དཀོན་མཆོག་སྐྱབས་དང་ཕ་ཡུལ་ལྷ་ས་ནས་ཡིན་པའི་སློབ་གྲོགས་བསོད་ནམས་ཕན་ཐོགས་གཉིས་ལ་ཨང་གཉིས་པ།བློ་བཟང་དགེ་འདུན་དང་།བཟང་པོ་རྒྱལ་མཚན།ཨ་ཕྱི་བཀྲ་ཤིས་བཅས་ལ་ཨང་གསུམ་པ།སྒྲོལ་མ་དང་བཟང་པོ།པདྨ་བསྟན་འཛིན་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ་ཡོད།

 


རྣམ་ཐར་འཁྲབ་པ།

 
 དཔྱད་འདེམས་པས་སྐར་མ་སྟེར་བ།


འགྲན་སྡུར་གྱི་ཟུར་ཅིག

 
ཡུལ་དངོས་ནས་འགྲན་སྡུར་བྱེད་པ།

 
ཡུལ་དངོས་ནས་འགྲན་སྡུར་བྱེད་པ།

 
 འགྲན་སྡུར་གྱི་ཟུར་ཅིག

 
འགྲན་ཞུགས་པའི་སྨྱུག་རྩལ།

      

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།