《ཁ་སང་གི་གཏམ་རྒྱུད》ཅེས་པའི་བརྙན་འཕྲིན་ཟློས་གར་ལ་གཟིགས་མཁན་གྱི་དགའ་བསུ་ཐོབ་པ།

གསར་འགོད་པ་སྐྱ་བོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-22

              འཁྲབ་ཁྲིད་པ་དང་། པར་བ། སྒྲ་ལེན་པ། འཁྲབ་གཉེར་བ་སོགས་ཚང་མ་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ལས་མི་ཁོ་ནས་གྲུབ་ཅིང་འཁྲབ་སྟོན་པ་གཙོ་བོ་འབྲོག་མི་ཕལ་བ་ཡིན་པའི་ལེའུ་བརྒྱད་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར<<ཁ་སང་གི་གཏམ་རྒྱུད>>ཅེས་པ་མཚོ་སྔོན་བརྙན་འཕྲིན་ཁང་གིས་རྒྱ་ལོའི་ལོ་སར་དང་བོད་ཀྱི་ལོ་སར་སྐབས་སུ་གཟིགས་མཁན་གྱི་སྤྱན་སྔར་ཕུལ་བར་དགའ་བསུ་ཆེན་པོ་ཐོབ།

          
          
          
          
          

               ངེད་དྲ་བས་བརྙན་འཕྲིན་ཟློས་གར་དེའི་འཁྲབ་ཁྲིད་པ་སྐུ་ཞབས་རྡོ་གྲགས་ལགས་ལ་བཅར་འདྲི་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་། གྲོང་ཁྱེར་ལྷ་ས། མངའ་རིས། ཆབ་མདོ། ནག་ཆུ། ཟི་ཁྲོན་གྱི་རྐ་ཁོག་དང་མཛོད་དགེ རྔ་བ་སོགས་ཀྱི་གཟིགས་མཁན་མང་པོས་ཁ་པར་དང་འཕྲིན་ཐུང་གི་ལམ་ནས་ཟློས་གར་དེའི་ལས་མི་དག་ལ་རང་གི་སེམས་འདུན་མཚོན་པའི་སྐད་ཆ་སྣ་ཚོགས་ཕུལ་འདུག་ཅིང་ཟློས་གར་དེ་འདྲ་རྗེས་མར་ཡང་བསྐྱར་འཁྲབ་ཐུབ་པའི་རེ་བའང་ཞུས་འདུག

              བརྙན་འཕྲིན་ཟློས་གར་དེ་ནི་རྩོམ་རིག་གི་འཁྲབ་གཞུང་གཞིར་བཟུང་སྟེ་འཁྲབ་པའི་བོད་སྐད་ཀྱི་བརྙན་འཕྲིན་ཐོག་མ་ཡིན་ཞིང་འབྲོག་མི་ཕལ་བའི་གདོད་མའི་འཚོ་ཐབས་ཀྱི་རྣམ་པ་བརྙན་ཤེལ་དུ་ཕབ་ཐེངས་ཀྱང་དང་པོ་ཡིན་པས་སྤྱི་ཚོགས་སྟེང་ལ་རིགས་མི་འདྲ་བའི་ཤུགས་རྐྱེན་དུ་མ་ཐེབས་ཡོད། དེ་ལྟ་ནའང་ཟློས་གར་དེའི་བྱུང་རིམ་དང་འཁྲབ་སྟོན་པའི་འཁྲབ་རྩལ་སོགས་ཀྱི་ཐད་ནས་གཟིགས་མཁན་འགའ་ཤས་ཀྱིས་དྲ་ངོས་ནས་དགག་ཕྱོགས་ཀྱི་ལྟ་ཚུལ་ཀྱང་སྤེལ་འདུག

              དེ་མིན་བརྙན་འཕྲིན་ཟློས་གར་དེ་དང་འབྲེལ་བའི་པར་རིས་དང་དཔྱད་གཏམ་སྐོར་གྱི་དཔེ་དེབ་ཅིག་ཀྱང་མི་འགྱངས་པར་ཀློག་མཁན་གྱི་སྤྱན་སྔར་དབུལ་རྒྱུའི་འཆར་གཞི་ཡོད་ཅེས་འཁྲབ་ཁྲིད་པས་དངོས་སུ་གླེང་སོང་།

        

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཁ་སང་གི་གཏམ་རྒྱུད》ཅེས་པའི་བརྙན་འཕྲིན་ཟློས་གར་ལ་གཟིགས་མཁན་གྱི་དགའ་བསུ་ཐོབ་པ།

2009-03-22 གསར་འགོད་པ་སྐྱ་བོ། ཀློག་གྲངས། མཆན ཡོད།

              འཁྲབ་ཁྲིད་པ་དང་། པར་བ། སྒྲ་ལེན་པ། འཁྲབ་གཉེར་བ་སོགས་ཚང་མ་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ལས་མི་ཁོ་ནས་གྲུབ་ཅིང་འཁྲབ་སྟོན་པ་གཙོ་བོ་འབྲོག་མི་ཕལ་བ་ཡིན་པའི་ལེའུ་བརྒྱད་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར<<ཁ་སང་གི་གཏམ་རྒྱུད>>ཅེས་པ་མཚོ་སྔོན་བརྙན་འཕྲིན་ཁང་གིས་རྒྱ་ལོའི་ལོ་སར་དང་བོད་ཀྱི་ལོ་སར་སྐབས་སུ་གཟིགས་མཁན་གྱི་སྤྱན་སྔར་ཕུལ་བར་དགའ་བསུ་ཆེན་པོ་ཐོབ།

          
          
          
          
          

               ངེད་དྲ་བས་བརྙན་འཕྲིན་ཟློས་གར་དེའི་འཁྲབ་ཁྲིད་པ་སྐུ་ཞབས་རྡོ་གྲགས་ལགས་ལ་བཅར་འདྲི་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་། གྲོང་ཁྱེར་ལྷ་ས། མངའ་རིས། ཆབ་མདོ། ནག་ཆུ། ཟི་ཁྲོན་གྱི་རྐ་ཁོག་དང་མཛོད་དགེ རྔ་བ་སོགས་ཀྱི་གཟིགས་མཁན་མང་པོས་ཁ་པར་དང་འཕྲིན་ཐུང་གི་ལམ་ནས་ཟློས་གར་དེའི་ལས་མི་དག་ལ་རང་གི་སེམས་འདུན་མཚོན་པའི་སྐད་ཆ་སྣ་ཚོགས་ཕུལ་འདུག་ཅིང་ཟློས་གར་དེ་འདྲ་རྗེས་མར་ཡང་བསྐྱར་འཁྲབ་ཐུབ་པའི་རེ་བའང་ཞུས་འདུག

              བརྙན་འཕྲིན་ཟློས་གར་དེ་ནི་རྩོམ་རིག་གི་འཁྲབ་གཞུང་གཞིར་བཟུང་སྟེ་འཁྲབ་པའི་བོད་སྐད་ཀྱི་བརྙན་འཕྲིན་ཐོག་མ་ཡིན་ཞིང་འབྲོག་མི་ཕལ་བའི་གདོད་མའི་འཚོ་ཐབས་ཀྱི་རྣམ་པ་བརྙན་ཤེལ་དུ་ཕབ་ཐེངས་ཀྱང་དང་པོ་ཡིན་པས་སྤྱི་ཚོགས་སྟེང་ལ་རིགས་མི་འདྲ་བའི་ཤུགས་རྐྱེན་དུ་མ་ཐེབས་ཡོད། དེ་ལྟ་ནའང་ཟློས་གར་དེའི་བྱུང་རིམ་དང་འཁྲབ་སྟོན་པའི་འཁྲབ་རྩལ་སོགས་ཀྱི་ཐད་ནས་གཟིགས་མཁན་འགའ་ཤས་ཀྱིས་དྲ་ངོས་ནས་དགག་ཕྱོགས་ཀྱི་ལྟ་ཚུལ་ཀྱང་སྤེལ་འདུག

              དེ་མིན་བརྙན་འཕྲིན་ཟློས་གར་དེ་དང་འབྲེལ་བའི་པར་རིས་དང་དཔྱད་གཏམ་སྐོར་གྱི་དཔེ་དེབ་ཅིག་ཀྱང་མི་འགྱངས་པར་ཀློག་མཁན་གྱི་སྤྱན་སྔར་དབུལ་རྒྱུའི་འཆར་གཞི་ཡོད་ཅེས་འཁྲབ་ཁྲིད་པས་དངོས་སུ་གླེང་སོང་།

        

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།