སྙན་ངག་པ་ཧེ་ཙིར་རྗེས་དྲན་ཞུ་ཆེད《ཧེ་ཙིའི་སྙན་ངག་ཆ་ཚང་དེབ》ཅེས་པ་པར་དུ་བསྐྲུན་པ།

            

   ཟླ་འདིའི་ཚེས༢༦ནི་རྒྱ་ནག་གི་སྐད་གྲགས་ཅན་གྱི་སྙན་ངག་པ་ཧེ་ཙི་ལགས་ཀྱི་འདས་སྐར་ཡིན་ལ་ཁོང་འཇིག་རྟེན་མི་ཡུལ་དང་བྲལ་ནས་ལོ་ཡི་ཁོར་མོ་ཉི་ཤུ་ལོན་པར་རྗེས་དྲན་ཞུ་ཆེད <<ཧེ་ཙིའི་སྙན་ངག་ཆ་ཚང་དེབ>>  ཅེས་པ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཉེར་ཡོད་ཅིང་དེབ་དེའི་ནང་ཁོང་སྐུ་འཚོ་ཡུན་གྱི་རིང་ལ་བརྩམས་པའི་སྙན་ངག་ཡོད་དོ་ཅོག་བསྡུས་ཡོད་པར་མ་ཟད་ཁོང་གིས་བྲིས་པའི་སྙན་ངག་གི་བར་བཅུག་རི་མོ་འགའང་བསྡུས་ཡོད། རི་མོ་དེ་དག་ཀློག་པ་པོ་དང་མཇལ་ཐེངས་དང་པོ་ཡིན། སྙན་ངག་པ་ཁོང་གི་གྲོགས་པོ་ཞི་ཁྲོན་ལགས་ཀྱིས་གསུང་བ་ལྟར་ན་རི་མོ་དེ་དག་ལས་ཧེ་ཙིའི་སེམས་ཀྱི་ཉི་མ་ཆེན་པོ་ནི་ནག་པོར་སྐྱ་རིས་ཀྱིས་བྲིས་ཡོད་པས་ཁོང་གི་སྙན་ངག་དང་ཚེ་སྲོག་བར་གྱི་འབྲེལ་བར་རྒྱུས་ལོན་བྱ་བར་རམ་འདེགས་བྱ་ཐུབ། 

  སྙན་ངག་པ་ཧེ་ཙི་ལགས་ནི་སྤྱི་ལོ༡༩༦༤ལོའི་ཟླ༣པའི་ཚེས༢༦ཉིན་ཨན་ཧེ་ཞིང་ཆེན་ཧེ་ཉིང་རྫོང་གི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐུ་འཁྲུངས་པ་དང་དགུང་ལོ་༡༥ཡི་སྟེང་སྦྱངས་འབྲས་རྩེར་སོན་ཏེ་པེ་ཅིང་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ཏུ་རྒྱུགས་འཕྲོད། སློབ་མཐར་ཕྱིན་རྗེས་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཁག་གི་སློབ་དཔྱོད་ཁང་ནས་ལས་ཀ་བསྒྲུབས་ཤིང་སྐུ་ཚེ་གང་བོར་ཁྱོན་ཡིག་གྲངས་ས་ཡ་གཉིས་ལོངས་པའི་སྙན་ངག་འབོར་ཆེན་བརྩམས་གནང་མཛད། སྤྱི་ལོ༡༩༨༩ལོའི་ཟླ༣པའི་ཚེས༢༦ཉིན་མེ་འཁོར་གྱི་ལྕགས་ལམ་སྟེང་ནས་ཉལ་ཏེ་ལྕེབས་པར་མཛད། དེའང་མང་ཤོས་ཀྱི་ཁོང་གི་འཆི་རྐྱེན་ནི་ཐུན་མོང་མ་ཡིན་པའི་ཚེ་སྲོག་གི་འཚོལ་རྟོག་གམ་དད་འདུན་ཞིག་གིས་བསྐུལ་བར་འདོད་ཅིང་ལ་ལས་རྩ་རླུང་བསྒོམས་ཏེ་འཁྲུལ་སྣང་བྱུང་བའི་དབང་གིས་སེམས་མགོ་མ་ནོན་པར་འདོད།
   ཀློག་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་མང་པོས་ཁོང་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་གཞན་དྲིང་མི་འཇོག་པའི་སྙན་ངག་པ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གྱིན་ཡོད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་ཧེ་ཙིར་རྗེས་དྲན་ཞུ་ཆེད《ཧེ་ཙིའི་སྙན་ངག་ཆ་ཚང་དེབ》ཅེས་པ་པར་དུ་བསྐྲུན་པ།

2009-03-21 ངེད་དྲ་བ། ཀློག་གྲངས། མཆན ཡོད།

            

   ཟླ་འདིའི་ཚེས༢༦ནི་རྒྱ་ནག་གི་སྐད་གྲགས་ཅན་གྱི་སྙན་ངག་པ་ཧེ་ཙི་ལགས་ཀྱི་འདས་སྐར་ཡིན་ལ་ཁོང་འཇིག་རྟེན་མི་ཡུལ་དང་བྲལ་ནས་ལོ་ཡི་ཁོར་མོ་ཉི་ཤུ་ལོན་པར་རྗེས་དྲན་ཞུ་ཆེད <<ཧེ་ཙིའི་སྙན་ངག་ཆ་ཚང་དེབ>>  ཅེས་པ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཉེར་ཡོད་ཅིང་དེབ་དེའི་ནང་ཁོང་སྐུ་འཚོ་ཡུན་གྱི་རིང་ལ་བརྩམས་པའི་སྙན་ངག་ཡོད་དོ་ཅོག་བསྡུས་ཡོད་པར་མ་ཟད་ཁོང་གིས་བྲིས་པའི་སྙན་ངག་གི་བར་བཅུག་རི་མོ་འགའང་བསྡུས་ཡོད། རི་མོ་དེ་དག་ཀློག་པ་པོ་དང་མཇལ་ཐེངས་དང་པོ་ཡིན། སྙན་ངག་པ་ཁོང་གི་གྲོགས་པོ་ཞི་ཁྲོན་ལགས་ཀྱིས་གསུང་བ་ལྟར་ན་རི་མོ་དེ་དག་ལས་ཧེ་ཙིའི་སེམས་ཀྱི་ཉི་མ་ཆེན་པོ་ནི་ནག་པོར་སྐྱ་རིས་ཀྱིས་བྲིས་ཡོད་པས་ཁོང་གི་སྙན་ངག་དང་ཚེ་སྲོག་བར་གྱི་འབྲེལ་བར་རྒྱུས་ལོན་བྱ་བར་རམ་འདེགས་བྱ་ཐུབ། 

  སྙན་ངག་པ་ཧེ་ཙི་ལགས་ནི་སྤྱི་ལོ༡༩༦༤ལོའི་ཟླ༣པའི་ཚེས༢༦ཉིན་ཨན་ཧེ་ཞིང་ཆེན་ཧེ་ཉིང་རྫོང་གི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐུ་འཁྲུངས་པ་དང་དགུང་ལོ་༡༥ཡི་སྟེང་སྦྱངས་འབྲས་རྩེར་སོན་ཏེ་པེ་ཅིང་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ཏུ་རྒྱུགས་འཕྲོད། སློབ་མཐར་ཕྱིན་རྗེས་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཁག་གི་སློབ་དཔྱོད་ཁང་ནས་ལས་ཀ་བསྒྲུབས་ཤིང་སྐུ་ཚེ་གང་བོར་ཁྱོན་ཡིག་གྲངས་ས་ཡ་གཉིས་ལོངས་པའི་སྙན་ངག་འབོར་ཆེན་བརྩམས་གནང་མཛད། སྤྱི་ལོ༡༩༨༩ལོའི་ཟླ༣པའི་ཚེས༢༦ཉིན་མེ་འཁོར་གྱི་ལྕགས་ལམ་སྟེང་ནས་ཉལ་ཏེ་ལྕེབས་པར་མཛད། དེའང་མང་ཤོས་ཀྱི་ཁོང་གི་འཆི་རྐྱེན་ནི་ཐུན་མོང་མ་ཡིན་པའི་ཚེ་སྲོག་གི་འཚོལ་རྟོག་གམ་དད་འདུན་ཞིག་གིས་བསྐུལ་བར་འདོད་ཅིང་ལ་ལས་རྩ་རླུང་བསྒོམས་ཏེ་འཁྲུལ་སྣང་བྱུང་བའི་དབང་གིས་སེམས་མགོ་མ་ནོན་པར་འདོད།
   ཀློག་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་མང་པོས་ཁོང་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་གཞན་དྲིང་མི་འཇོག་པའི་སྙན་ངག་པ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གྱིན་ཡོད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།