རྨ་ཆུ་རྫོང་གི་ཇོ་རུ་དབུལ་སྐྱོར་ཐེབས་རྩ་ཚོགས་པར་དགེ་རྩའི་མཚན་སྙན་ཐོབ་པ།

        ཉེ་ཆར། ཀྲུང་གོའི་རྒྱལ་སྤྱིའི་དགེ་རྩ་ཐེབས་རྩ་ཚོགས་པ་དང་། དགེ་རྩ་ཀྲུང་ཧྭར་སྐྱོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ན་གཞོན་ལག་རྩལ་སྦྱོང་བརྡར་དང་སྐྱེ་དམན་ནམ་ཕྲུ་གུ་སྲུང་སྐྱོབ་རྩ་འཛུགས་སོགས་ཀྱིས་རྨ་ཆུ་རྫོང་གི་ཇོ་རུ་དབུལ་སྐྱོར་ཐེབས་རྩ་ཚོགས་པར "དགེ་རྩ་ཀྲུང་ཧྭར་སྐྱོད་པར་བྱས་རྗེས་བཞག་པའི་ལས་ཁུངས"ཀྱི་མཚན་སྙན་ཐོབ་པ་དང་། ཇོ་རུ་ཐེབས་རྩ་ཚོགས་པའི་མཚན་འཛིན་ཚོགས་གཙོ་དཔལ་སྦྱིན་དང་། ཚོགས་གཙོ་ངག་དབང་བློ་གྲོས། ཚོགས་མི་བཀྲ་ཤིས་རྒྱ་མཚོ། གཞུང་ལས་ཁང་གི་འགན་འཛིན་པ་བློ་བཟང་དོན་གྲུབ་བཅས་ལ"དགེ་རྩ་ཀྲུང་ཧྭར་སྐྱོད་པའི་སེམས་བཟང་གི་མི་སྣ"ཞེས་པའི་མཚན་སྙན་གནང་།

             རྨ་ཆུ་རྫོང་ཇོ་རུ་དབུལ་སྐྱོར་ཐེབས་རྩ་ཚོགས་པ་ནི༢༠༠༥ལོར་སྐབས་དེའི་རྫོང་ཨུའི་ཧྲུའུ་ཅི་ཚེ་ཕྲུག་གི་སྐུལ་སློང་འོག་རྨ་ཆུ་རྫོང་གི་ལས་ཁུངས་དང་མི་སྒེར་གྱིས་མ་དངུལ་བཏང་སྟེ་བཙུགས་པ་ཞིག་ཡིན་ལ་ཚོགས་པ་འདིས་ད་ལྟའི་བར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་༩༡༡ལ་མི་དམངས་ཤོག་སྒོར་ས་ཡ་གཅིག་དང་འབུམ་བདུན། ཁྲི་བཞི་ལྷག་སློབ་ཡོན་དང་འཚོ་བའི་མཐུན་རྐྱེན་དུ་ཕུལ་མྱོང་ཡོད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུ་རྫོང་གི་ཇོ་རུ་དབུལ་སྐྱོར་ཐེབས་རྩ་ཚོགས་པར་དགེ་རྩའི་མཚན་སྙན་ཐོབ་པ།

2009-02-27 ངེད་དྲ་བ། ཀློག་གྲངས། མཆན ཡོད།

        ཉེ་ཆར། ཀྲུང་གོའི་རྒྱལ་སྤྱིའི་དགེ་རྩ་ཐེབས་རྩ་ཚོགས་པ་དང་། དགེ་རྩ་ཀྲུང་ཧྭར་སྐྱོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ན་གཞོན་ལག་རྩལ་སྦྱོང་བརྡར་དང་སྐྱེ་དམན་ནམ་ཕྲུ་གུ་སྲུང་སྐྱོབ་རྩ་འཛུགས་སོགས་ཀྱིས་རྨ་ཆུ་རྫོང་གི་ཇོ་རུ་དབུལ་སྐྱོར་ཐེབས་རྩ་ཚོགས་པར "དགེ་རྩ་ཀྲུང་ཧྭར་སྐྱོད་པར་བྱས་རྗེས་བཞག་པའི་ལས་ཁུངས"ཀྱི་མཚན་སྙན་ཐོབ་པ་དང་། ཇོ་རུ་ཐེབས་རྩ་ཚོགས་པའི་མཚན་འཛིན་ཚོགས་གཙོ་དཔལ་སྦྱིན་དང་། ཚོགས་གཙོ་ངག་དབང་བློ་གྲོས། ཚོགས་མི་བཀྲ་ཤིས་རྒྱ་མཚོ། གཞུང་ལས་ཁང་གི་འགན་འཛིན་པ་བློ་བཟང་དོན་གྲུབ་བཅས་ལ"དགེ་རྩ་ཀྲུང་ཧྭར་སྐྱོད་པའི་སེམས་བཟང་གི་མི་སྣ"ཞེས་པའི་མཚན་སྙན་གནང་།

             རྨ་ཆུ་རྫོང་ཇོ་རུ་དབུལ་སྐྱོར་ཐེབས་རྩ་ཚོགས་པ་ནི༢༠༠༥ལོར་སྐབས་དེའི་རྫོང་ཨུའི་ཧྲུའུ་ཅི་ཚེ་ཕྲུག་གི་སྐུལ་སློང་འོག་རྨ་ཆུ་རྫོང་གི་ལས་ཁུངས་དང་མི་སྒེར་གྱིས་མ་དངུལ་བཏང་སྟེ་བཙུགས་པ་ཞིག་ཡིན་ལ་ཚོགས་པ་འདིས་ད་ལྟའི་བར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་༩༡༡ལ་མི་དམངས་ཤོག་སྒོར་ས་ཡ་གཅིག་དང་འབུམ་བདུན། ཁྲི་བཞི་ལྷག་སློབ་ཡོན་དང་འཚོ་བའི་མཐུན་རྐྱེན་དུ་ཕུལ་མྱོང་ཡོད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།