རྩོམ་རིག་ཞིབ་འཇུག་པ་ཀོའུ་པེན་གྱིས་སླར་ཡང་ཀྲུང་གོའི་རྩོམ་རིག་ལ་དགག་པ་བརྒྱབ་པ།

    

     རྒྱལ་ཁོངས་འཇར་མན་ཡིན་པའི་ཕྱི་གླིང་བ་ཀོའུ་པེན་ནི་མིང་དུ་གྲགས་པའི་རྒྱ་ནག་རིག་པ་བ་ཞིག་དང་པོ་ཨུན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་ཞིང་ཁོང་ཉིད་རྒྱའི་གནའ་ཡིག་དང་ཀྲུང་གོའི་དེང་རབས་རྩོམ་རིག་ལ་ཧ་ཅང་མཁས་པར་མ་ཟད་སྐད་རིགས་མང་པོ་ཤེས་ལ་རྒྱ་སྐད་ཀྱང་འབྱོངས་པོར་བཤད་ཐུབ། མི་ལོ་གསུམ་གྱི་སྔོན་དུ་ཁོང་གིསཀྲུང་གོའི་དེང་རབས་རྩོམ་རིག་ནི་གད་སྙིགས་རེདཅེས་པའི་ཚིག་དེས་ཀྲུང་གོའི་རྩོམ་སྟེགས་ཧྲིལ་བོ་འུར་ཆི་ལིར་བཞག་པ་དང་ངེད་དྲ་བས་ཀྱང་དེའི་སྐོར་ནས་གསར་འགྱུར་བཀོད་མྱོང་།

     ཉེ་བའི་ཆར་ཁོང་ཉིད་ནན་ཅིན་སློབ་ཆེན་གྱི་ཀྲུང་གོའི་དེང་རབས་རྩོམ་རིག་གི་ཞིབ་འཇུག་ལྟེ་བའི་མཚན་འཛིན་སློབ་དཔོན་དུ་གདན་དྲངས་པ་དང་། དེ་རུ་ཁོང་གིས་ཀྲུང་གོའི་རྩོམ་པ་པོ་མང་པོ་དང་མཉམ་དུ་རྩོམ་རིག་སྐོར་བགྲོ་གླེང་བྱེད་སྐབསཀྲུང་གོའི་དེང་རབས་རྩོམ་པ་པོ་ཚོར་ནང་གི་བསམ་བློའི་སྟོབས་ཤུགས་དེ་མི་འདུག སྟོབས་ཤུགས་དེ་གང་དུ་བུད་སོང་ངམ། སྔོན་ཆད་ཆབ་སྲིད་ཀྱི་དབང་དུ་སོང་བ་དང་ད་ལྟ་ཚོང་ཁྲོམ་ལ་བཙོང་འདུག” “ཀྲུང་གོའི་རྩོམ་པ་པོ་དེ་ཚོ་ནི་རྩོམ་པ་པོ་རེད་དམ་ཚོང་བ་རེད། ངེས་པ་དོན་གྱི་རྩོམ་པ་པོ་ཞིག་གིས་ཚོང་ལས་ཀྱི་ཟློས་གར་འཁྲབ་གཞུང་མི་འབྲི་ནའང་ཁོ་ཚོ་ཕལ་ཆེ་བས་ཚོང་ལས་ཀྱི་ཟློས་གར་འཁྲབ་གཞུང་འབྲི་བར་བྱེད། དེར་མ་ཟད་ཁོ་ཚོའི་འབྲི་རྒྱུ་ནི་མཚན་མ་དང་ནག་ཉེས་ཁོ་ན་རེད།ཅེས་སྐྱོན་བརྗོད་གནང་བར་མ་ཟད་རྩོམ་པ་པོ་ཡག་པོ་ཞིག་ཡིན་ཚེ་ཚོང་ཁྲོམ་དང་རྒྱང་དུ་བཀྱེད་དེ་ནང་སེམས་བརྩེ་བས་བཀང་ནས་སྐྱེ་བོ་གཞན་ལ་ཕན་གདགས་དགོས་པའི་ལྟ་ཚུལ་ཀྱང་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་ཀྲུང་གོའི་དེང་རབས་རྩོམ་པ་པོ་ཚོ་ནི་རྒྱའི་གནའ་ཡིག་ལ་མི་མཁས་པས་རྗོད་བྱེད་ཀྱི་ཚིག་ལ་བརྗིད་རྔམ་མི་ལྡན་པ་དང་ཕྱི་གླིང་གི་ཡི་གེར་མི་མཁས་པས་གྲགས་རྩོམ་དག་ལ་གོ་བ་བླངས་པའི་ཚད་ཧ་ཅང་དམའ་ཚུལ་ཡང་གླེང་། ཡིན་ནའང་དེར་ཡོད་ཀྱི་རྩོམ་པ་པོ་མང་པོས་ཁོང་གི་ལྟ་ཚུལ་དེར་ཕྱོགས་ལྷུང་གི་ཆ་ཆེན་པོ་ལྡན་འདུག་ཅེས་མ་གྲོས་གཅིག་མཐུན་དུ་མང་པོ་ཞིག་ལབ།

                                        (སྙན་ངག་གི་འཚོ་བ་དྲ་བ་ལས་བསྒྱུར)

   

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་ཞིབ་འཇུག་པ་ཀོའུ་པེན་གྱིས་སླར་ཡང་ཀྲུང་གོའི་རྩོམ་རིག་ལ་དགག་པ་བརྒྱབ་པ།

2009-02-25 སྐྱ་བོ། ཀློག་གྲངས། མཆན ཡོད།

    

     རྒྱལ་ཁོངས་འཇར་མན་ཡིན་པའི་ཕྱི་གླིང་བ་ཀོའུ་པེན་ནི་མིང་དུ་གྲགས་པའི་རྒྱ་ནག་རིག་པ་བ་ཞིག་དང་པོ་ཨུན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་ཞིང་ཁོང་ཉིད་རྒྱའི་གནའ་ཡིག་དང་ཀྲུང་གོའི་དེང་རབས་རྩོམ་རིག་ལ་ཧ་ཅང་མཁས་པར་མ་ཟད་སྐད་རིགས་མང་པོ་ཤེས་ལ་རྒྱ་སྐད་ཀྱང་འབྱོངས་པོར་བཤད་ཐུབ། མི་ལོ་གསུམ་གྱི་སྔོན་དུ་ཁོང་གིསཀྲུང་གོའི་དེང་རབས་རྩོམ་རིག་ནི་གད་སྙིགས་རེདཅེས་པའི་ཚིག་དེས་ཀྲུང་གོའི་རྩོམ་སྟེགས་ཧྲིལ་བོ་འུར་ཆི་ལིར་བཞག་པ་དང་ངེད་དྲ་བས་ཀྱང་དེའི་སྐོར་ནས་གསར་འགྱུར་བཀོད་མྱོང་།

     ཉེ་བའི་ཆར་ཁོང་ཉིད་ནན་ཅིན་སློབ་ཆེན་གྱི་ཀྲུང་གོའི་དེང་རབས་རྩོམ་རིག་གི་ཞིབ་འཇུག་ལྟེ་བའི་མཚན་འཛིན་སློབ་དཔོན་དུ་གདན་དྲངས་པ་དང་། དེ་རུ་ཁོང་གིས་ཀྲུང་གོའི་རྩོམ་པ་པོ་མང་པོ་དང་མཉམ་དུ་རྩོམ་རིག་སྐོར་བགྲོ་གླེང་བྱེད་སྐབསཀྲུང་གོའི་དེང་རབས་རྩོམ་པ་པོ་ཚོར་ནང་གི་བསམ་བློའི་སྟོབས་ཤུགས་དེ་མི་འདུག སྟོབས་ཤུགས་དེ་གང་དུ་བུད་སོང་ངམ། སྔོན་ཆད་ཆབ་སྲིད་ཀྱི་དབང་དུ་སོང་བ་དང་ད་ལྟ་ཚོང་ཁྲོམ་ལ་བཙོང་འདུག” “ཀྲུང་གོའི་རྩོམ་པ་པོ་དེ་ཚོ་ནི་རྩོམ་པ་པོ་རེད་དམ་ཚོང་བ་རེད། ངེས་པ་དོན་གྱི་རྩོམ་པ་པོ་ཞིག་གིས་ཚོང་ལས་ཀྱི་ཟློས་གར་འཁྲབ་གཞུང་མི་འབྲི་ནའང་ཁོ་ཚོ་ཕལ་ཆེ་བས་ཚོང་ལས་ཀྱི་ཟློས་གར་འཁྲབ་གཞུང་འབྲི་བར་བྱེད། དེར་མ་ཟད་ཁོ་ཚོའི་འབྲི་རྒྱུ་ནི་མཚན་མ་དང་ནག་ཉེས་ཁོ་ན་རེད།ཅེས་སྐྱོན་བརྗོད་གནང་བར་མ་ཟད་རྩོམ་པ་པོ་ཡག་པོ་ཞིག་ཡིན་ཚེ་ཚོང་ཁྲོམ་དང་རྒྱང་དུ་བཀྱེད་དེ་ནང་སེམས་བརྩེ་བས་བཀང་ནས་སྐྱེ་བོ་གཞན་ལ་ཕན་གདགས་དགོས་པའི་ལྟ་ཚུལ་ཀྱང་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་ཀྲུང་གོའི་དེང་རབས་རྩོམ་པ་པོ་ཚོ་ནི་རྒྱའི་གནའ་ཡིག་ལ་མི་མཁས་པས་རྗོད་བྱེད་ཀྱི་ཚིག་ལ་བརྗིད་རྔམ་མི་ལྡན་པ་དང་ཕྱི་གླིང་གི་ཡི་གེར་མི་མཁས་པས་གྲགས་རྩོམ་དག་ལ་གོ་བ་བླངས་པའི་ཚད་ཧ་ཅང་དམའ་ཚུལ་ཡང་གླེང་། ཡིན་ནའང་དེར་ཡོད་ཀྱི་རྩོམ་པ་པོ་མང་པོས་ཁོང་གི་ལྟ་ཚུལ་དེར་ཕྱོགས་ལྷུང་གི་ཆ་ཆེན་པོ་ལྡན་འདུག་ཅེས་མ་གྲོས་གཅིག་མཐུན་དུ་མང་པོ་ཞིག་ལབ།

                                        (སྙན་ངག་གི་འཚོ་བ་དྲ་བ་ལས་བསྒྱུར)

   

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།