སྙན་ངག་པ་ཕུ་ཧྲི་ཅེན་གྱི་འཆི་རྐྱེན་ངོ་མ་རྩད་ཆོད་པ།
ཉེ་ལམ། ཨུ་རུ་སུའི་ཆེད་མཁས་པས་སྙན་ངག་པ་ཕུ་ཧྲི་ཅེན་ནི་༡༨༣༧ལོའི་ཟླ་༢པའི་ཚེས༨ཉིན་མི་གཞན་དང་འཛིང་རེས་བྱས་ཏེ་རྨས་ཕོག་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་བདེན་པ་ཡིན་པ་དང་། དེའི་སྒྲུབ་བྱེད་དུ་ཁོང་ཉིད་ཀྱིས་སྐུ་བསྙེས་སའི་འབོལ་ཁྲིའི་སྟེང་གི་ཁྲག་རྗེས་རྙེད་ཡོད་ཚུལ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱ་རྒྱུ་བྱས།
དེའང་ཨེ་ལེ་སི་བྷེ་སེ·ཕུ་ཧྲི་ཅེན་ནི་སྙན་པའི་གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ་པའི་སྙན་ངག་པ་ཆེན་པོ་ཞིག་ཡིན་པ་དང་། ཨུ་རུ་སུའི་རྩོམ་རིག་གི་ཡབ་ཆེན་ཞེས་པ་དང་། ཨུ་རུ་སུའི་སྙན་ངག་གི་ཉི་མ་ཞེས་པ་སོགས་མཚན་བཏགས་དུ་མས་རྗེས་རབས་དག་གིས་ཁོང་གི་རླབས་ཆེན་གྱི་གྲུབ་འབྲས་ལ་གདེང་འཇོག་བྱས་ཡོད། དེ་བཞིན་ཁོང་ནི་རང་རེའི་བོད་ཀྱི་ཀློག་མཁན་ལའང་རྒྱུས་མངའ་ཆེ་ཤོས་ཀྱི་ཕྱི་གླིང་གི་སྙན་ངག་པ་ཞིག་གོ།
རྩོམ་ཁུངས། ངེད་དྲ་བ།