དཔའ་རིས་པ་རིག་འཛིན་སྒྲོལ་མའི་གླུ་གཞས་ཆེད་བསྒྲིགས་ཀྱི་འོད་སྡེར་ཚོང་རར་བཀྲམ་ལ་ཉེ་བ།

 དཔའ་རིས་པ་རིག་འཛིན་སྒྲོལ་མའི་གླུ་གཞས་ཆེད་བསྒྲིགསའབྲི་མོ་དུང་ཆུང་དཀར་མོཞེས་པའི྇VCDདངCDའོད་སྡེར་དེ་གཉིས་མི་འགྱངས་པར་ཚོང་རར་འགྲེམ་སྤེལ་བྱ་གྲབས་ཡོད། ཁོ་མོའི་གླུ་གཞས་ཆེད་བསྒྲིགས་དེ་རུའབྲི་མོ་དུང་ཆུང་དཀར་མོདངལྷན་འཛོམས》 《ང་ཡི་ཁྲི་ཤོར་རྒྱལ་མོསོགས་གླུ་གཞས་བཅུ་ལྷག་ཅིག་ཡོད་ལ། གླུ་གཞས་ཀྱི་གདངས་ཚིག་རྣམས་བོད་ཀྱི་གདངས་ཚིག་རྩོམ་མཁན་གྲགས་ཅན་དུ་མ་ཞིག་གིས་བརྩམས་ཡོད་པར་མ་ཟད། ཁོ་མོ་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གཞས་གདངས་ཀྱང་རེ་འགའ་ཞིག་ཡོད།

གླུ་གཞས་དེ་དག་ནི་ཡུན་རིང་ལ་ཁོ་མོའི་སེམས་ཀྱིས་བསྙལ་ཞིང་ངག་གིས་གྱེར་བ་ཞིག་ཡིན་པས། བརྩེ་བ་དང་གདུང་བ་ཡོད་ཚད་སྙན་མོ་ངག་གི་རྟ་ལ་འཕོས་པའི་གླུ་གཞས་དེ་དག་གིས་ཀུན་གྱི་ཡིད་སེམས་དབང་མེད་དུ་བཟི་ཞིང་མྱོས་པར་བྱ་ངེས།

དཔའ་རིས་པ་རིག་འཛིན་སྒྲོལ་མ་ནི། དུས་རབས་ཉེར་གཅིག་པའི་ས་སྒང་གི་ཕྲག་པར་ཐོལ་གྱིས་ཤར་བའི་སྐར་ཆེན་ཞིག་སྟེ། ཁོ་མོ་མདོ་སྨད་དཔའ་རིས་ནོར་དཀར་དུ་གྲགས་པའི་སའི་ཆ་ཡི་བ་ཟ་ཚོ་བ་རུ་སྐྱེས་ཤིང་། ཁོ་མོའི་རྗོད་ངག་གི་ནང་དུ་འབྲི་དཀར་མོའི་འོ་མའི་དྲི་བསུང་མ་ཡལ་པར་ཡོད་པ་དང་། ཁོ་མོའི་གླུ་སྐད་ཀྱི་ནང་དུ་བྱ་དཀར་པོའི་རི་ཡི་ལྗོན་ཤིང་གི་ཟིལ་ཆུའི་རང་སྒྲ་ལྷུན་གྱིས་གྲུབ།ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་འཛོམས་པོ་དེའི་སྟེང་ལ་མཚོ་སྔོན་སྒྱུ་རྩལ་སློབ་གྲྭ་ནས་གསབ་སྦྱོང་དང་། རྒྱ་རིགས་དགེ་རྒན་ལི་ཉིང་ཧྲིང་དང་། བོད་ཀྱི་དབྱངས་མཁན་ཀུན་མཁན་ཀུན་དགའ་ཚེ་བརྟན་སོགས་ཀྱི་མདུན་ནས་གཞས་དང་རོལ་དབྱངས་ལ་ཆེད་ལས་ཀྱི་སྦྱངས་པ་མི་དམན་པ་ཐོབ་པ་དང་། མཚོ་སྔོན་མི་རིགས་གླུ་བྲོ་ཟློས་གར་གླིང་གི་གཞས་གཏོང་མཁན་དང་གངས་དཀར་ནོར་བུའི་གླིང་རིག་གནས་སྒྱུ་རྩལ་དར་སྤེལ་ལྟེ་གནས་ཀྱི་གན་རྒྱའི་གཞས་མར་གྱུར་པའི་རིང་ལ། བོད་ཀྱི་གཞས་གདངས་རྩོམ་མཁན་དུ་མ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་ཉན་དགའ་ཞིང་ཡིད་འཕྲོག་པའི་གླུ་གཞས་ཀྱང་མང་པོ་བྱུང་སྟེ། ད་ལྟ་ཆེད་ལས་མཁས་ཅན་དང་ཉན་པོ་ཀུན་གྱིས་ཁོ་མོར་མཚོ་བྱུང་སྲས་མོ་ཞེས་སྙན་པའི་མིང་གིས་འབོད་ཀྱིན་ཡོད།།

སྤྱི་ལོ༢༠༠༡ལོ་ནས་ད་ལྟའི་བར། ཁོ་མོ་ཞིང་ཆེན་ཕྱི་ནང་གི་རིག་རྩལ་དགོང་ཚོགས་ཆེན་མོའི་རིགས་ལྔ་བཅུ་ལྷག་ལ་ཞུགས་མྱོང་ཡོད་པ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་སོགས་ཀྱིས་བསྡུས་པའི་ཆེད་སྒྲུབ་དགོང་ཚོགས་དང་ལོ་སར་སྤྲོ་ཚོགས་དུ་མར་ཞུགས་པ་མ་ཟད་སྤྲོ་ཚོགས་ཀྱི་བརྗོད་དོན་གླུ་གཞས་ཀྱང་བླངས་མྱོང་ཡོད།

གཞན་ཁོ་མོར་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་ཀྱང་གང་མང་ཐོབ་མྱོང་།

གླུ་གཞས་སྒྲ་ལེན་གྱིན་པ།
     
      བརྙན་ཕབ་ཀྱི་ཡུལ་དངོས་སུ་སྒེག་ཆས་སྤྲོ་བཞིན་པ།
     
      རིག་འཛིན་སྒྲོལ་མ་དང་འབྲི་མོ་དུང་ཆུང་དཀར་མོ།
     
      ལོ་སར་དགོང་ཚོགས་སུ་གླུ་གཞས་གཏོང་བཞིན་པ།

གླུ་གཞས་ཆེད་བསྒྲིགས་བརྙན་སྡེར་གྱི་མདུན་ཤོག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་རིས་པ་རིག་འཛིན་སྒྲོལ་མའི་གླུ་གཞས་ཆེད་བསྒྲིགས་ཀྱི་འོད་སྡེར་ཚོང་རར་བཀྲམ་ལ་ཉེ་བ།

2009-01-20 འབྲོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།