གླུ་བ་སྒྲོལ་མ་སྐྱབས་ཀྱི་བོད་གླུའི་ཆེད་བསྒྲིགས་བརྙན་འཁོར《རྩམ་པ》ཞེས་པ་འགྲེམ་སྤེལ་བྱས་ཡོད་པ།

གསར་འགོད་པ་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-23

 ཉེ་ལམ། ན་གཞོན་གླུ་བ་སྒྲོལ་མ་སྐྱབས་ཀྱི་བོད་གླུའི་ཆེད་བསྒྲིགས་བརྙན་འཁོར<<རྩམ་པ>>ཞེས་པ་པར་སྐྲུན་བྱས་ཞིང་དེའི་ཐད་ནས་སྔོན་ཆད་
<<གངས་ཅན་པ>>ཞེས་པའི་གླུ་དབྱངས་ལ་བརྟེན་ནས་ཞག་གཅིག་གི་མཚན་གྲགས་འབར་བའི་ན་གཞོན་གླུ་བ་སྒྲོལ་མ་སྐྱབས་ཀྱིས་འགྲེལ་བཤད་བསྐྱོན་དོན།དེ་འང་ ཆེས་ཐོག་མའི་ངུ་སྐད་ཨ་མའི་པང་ཐོག་ལ་བཞག་ནས་ང་རང་གནམ་སྔོན་མོ་གདུགས་སུ་བཀར་ཞིང་ས་དོག་མོ་གདན་དུ་བཏང་བའི་མི་རིགས་ཤིག་གི་གདོད་མའི་སྒྱུ་རྩལ་དང་མཉམ་དུ་མནར་སོན་ཞིང༌།   མི་རིགས་དེའི་སླད་མེད་དྭངས་གཙང་གི་སྙན་མོའི་རྫི་གླུ་རེ་རེ་དང་མ་བཅོས་ལྷུན་གྱིས་གྲུབ་པའི་འཚོ་བའི་དབྱངས་རྟ་རེ་རེའང་མཚམས་གང་ཞིག་ནས་ངའི་མི་ཚེ་འདིའི་འཚོལ་སྙེགས་ཀྱི་ཁ་ཕྱོགས་སུ་གྱུར།༢༠༠༥ལོར་གངས་ཅན་པ་ཞེས་པའི་ཆེད་བསྒྲིགས་VCDཞིག་འགྲེམས་སྤེལ་བྱས་ཚུན་ཆོད་ནས་ད་བར་བགྲང་བྱ་གསུམ་ཙམ་ཟིན་པར་ཕྱི་འདངས་རེ་བརྒྱབ་ཚེ།གཞས་ཆུང་བཅུ་གཉིས་ལས་གྲུབ་པའི<<རྩམ་པ། ཕ་ཡུལ>>ཞེས་པའི་ཆེད་བསྒྲིགས་འདིའང་མི་ཡུལ་དུངས་པ་ཅན་ལ་ཕུལ་བའི་ཟས་རིན་ཙམ་དུ་ཟད་ཀྱང༌།ཡོད་ཚད་ང་ཡི་དུངས་ཞེན་གྱིས་བསགས་པའི་དགའ་སྐྱོ་ཆགས་སྡང་གི་ཉིང་བཅུད་ཞིག་དུ་བརྗོད་ཆོག  རྒྱུ་མཚན་ནི་༢༠༠༥ལོའི་ལོ་མཇུག་ནས་ཐོག་མར་གླུ་གཞས་ཀུན་གྱི་བརྗོད་བྱ་འཚོལ་སྙེགས་ཀྱིས་བོད་ཡུལ་ན་གྲགས་ཆེ་བའི་བོད་ཀྱི་སྒྱུ་རྩལ་བ་སྐུ་ཞབས་སྨན་བླ་སྐྱབས་དང་བོད་ཀྱི་ན་གཞོན་སྙན་ངག་པ་སྐུ་ཞབས་འབྲོང་ལགས༌།ད་དུང་བོད་ཀྱི་ན་གཞོན་རྩོམ་པ་བོ།བོད་ཀྱི་དེང་རབས་གཞས་ཚིག་རྩོམ་མཁན་གྲགས་ཅན་ཅོ་ནེ་ཡུམ་ཚེ་རིང་སོགས་ཀྱི་ཐུགས་ཁུར་དང་ཡིད་ཆེས་ཀྱིས་གནང་བའི་སྐུལ་སློང་འོག་གཞས་ཚིག་གཏན་འབེབས་བྱས་དེ་ཚིག་གི་བརྗོད་སྙིང་གི་ཆེས་ཟབ་ས་ནས་གཞས་གདངས་ཀྱི་སྲོག་བཙལ་བ་ཡིན།   ཁྱེད་ཀྱིས་བརྗོད་སྙིང་དང་འབྲེལ་བའི་གཞས་གདངས་ཀྱི་སྲོག་ཞེས་པ་ག་འདྲ་འདུག་ཞེས་འདྲི་གཞི་མི་འདོན་པའི་ངེས་བ་མེད་ཀྱང༌།ཕྲན་གྱིས་གཞས་གདངས་ཀྱི་སྲོག་དེ་ཚིག་གི་བརྗོད་བྱ་སེམས་ལ་འཕྲོས་ཤིང༌།སེམས་ཀྱི་འགྱུར་བ་གང་རུང་དེས་རྣམ་དག་གིས་བཞེངས་པའི་གཟུགས་མེད་ཀྱི་རི་མོ་ཞིག་ལ་ངེས་འཛིན་གྱི་ཡོད།{ཕྲན་ནི་ཆེད་ལས་སྟེང་མཐར་ཕྱིན་དཔང་རྟགས་མཐོ་ཤོས་ཡོད་པའི་རྒྱལ་ཁབ་ཀྱིས་ངེས་བཟུང་བའི་སྒྱུ་རྩལ་བའི་སྤྲུལ་སྐུ་དེའི་རིགས་མིན་པས།དུངས་སེམས་ཀྱི་ཚོར་འདུ་གཙོར་འཛིན་པ་ལས}ཆེད་ལས་ཀྱི་གཞུང་ཆེན་པོའི་དབྱངས་ཀྱི་སྦྱོར་ལུགས་ལ་རྟེན་པའི་གོམས་གཤིས་མེད།དེའི་རིགས་གང་ཡང་མི་ཤེས། 
       
  དེའང་བརྙན་འཁོར་དེའི་ནང་གི་གླུ་གཞས་དག་རེ་རེ་བཞིན་མཚམས་སྦྱོར་བྱས་ན།
  《སེམས་གྱི་མཆོད་མེ》ཞེས་པ་གཙོ་བོ་ས་ཆེན་པོ་འདིའི་སྟེང་ང་ཚོའི་མེས་པོ་རླབས་ཆེན་དག་གིས་བསྐྲུན་པའི་གཏམ་རྒྱུད་དང་ཕང་སེམས་ཀྱིས་བཞུད་པའི་ལོ་ཟླ་དག་ལ་ཕུལ་པའི་གྱེས་ཕྱག་དང་མིག་ཆུ་ཡིན་ལ།མེས་པོ་བཞུད་ཤུལ་ན་ད་དུང་བདེན་དོན་གྱིས་འཚོ་བའི་མི་རབས་ཤིག་གམ་གནས་འདི་ལ་སེམས་ཀྱིས་སྒྲོན་པའི་མཆོད་མེའང་ཡིན། 
  《ང་ནི་མཐོ་སྒང་འདི་ཡི་གཞི་འཛིན་ཡིན》ཞེས་པ་སའི་གོ་ལའི་ཆེས་མཐོ་ས་ནས་སྐད་གསེང་མཐོན་པོས་འཇིག་རྟེན་གྱི་མི་ཡོད་དོ་ཅོག་ལ་གཞིས་ཁྱིམ་འདི་ན་མི་རིགས་ཤིག་ཡོད་ཅེས་གསལ་བཤད་བྱས་པ་ཡིན།   
 《དགེ་འདུན་པ》ཞེས་པ་ཞིག་ཀྱང་བཀོད་བསྒྲིག་བྱས་ཡོད་དེ།གཙོ་བོ་སྤྱི་ཚོགས་འདིའི་གྲུ་ཟུར་རེ་རེ་ན་གྲྭ་ཆས་ཙམ་ལས་འདུལ་ཁྲིམས་གང་ལའང་དོ་སྣང་མེད་པའི་དུས་རབས་གསར་བའི་རྣལ་འབྱོར་པ་དག་ལ་གསལ་འདེབས་དང་གནའ་བོའི་སྐྱེས་ཆེན་གསེར་རིའི་ཕྲེང་བ་དག་གི་ཀུན་སྤྱོད་གཙང་མ་ལ་རྗེས་སུ་ཡི་རེངས་བྱས་པ་ཡིན།            
 《རྩམ་པ》  མི་རིགས་ཤིག་གི་ཀྱག་ཀྱོག་གི་ལོ་རྒྱུས་དང་མཉམ་དུ། ཡར་ཀླུང་གཙང་པོའི་ཀྱག་ཀྱོག་གི་བཞུར་རྒྱུན་དང་མཉམ་དུ།ཁྱེད་ནི་མི་རིགས་འདིའི་ཚེ་སྲོག་གི་རྒྱུན་ཐག་ལ་གྱུར་ཡོད།ང་མི་རིགས་འདིའི་མགྲིན་ཚབ་དུ་ལངས་ནས་དེ་རིང་ཕ་ཟས་སྦྲང་དཀར་རྩམ་པ་ཁྱེད་ཀྱང་གླུ་རུ་གྱེར་ན་འདོད། 
 《ཕ་ཡུལ》  ཀུན་གྱི་སེམས་ན་ཆེས་མཛེས་པའི་ཕ་ས་ཕ་ཡུལ།   གཉིད་དུས་རྨི་ལམ་ལ་འཁོར་བའི་ཕ་ས་ཕ་ཡུལ།སད་དུས་སེམས་གཏིང་ལ་འཁྱིལ་བའི་ཕ་ས་ཕ་ཡུལ།  གཉེན་ཉེ་ཚོ་དང་མཉམ་དུ་སྐྱིད་ཀྱི་ཉི་མར་བརྡས་སའི་ཕ་ཡུལ།སྡུག་གི་མིག་ཆུ་གཏོང་སའི་ཕ་ཡུལ།ནམ་ཡང་དྲན་མི་ཚར་བའི་ཕ་ཡུལ།   ནམ་ཡང་བློས་མི་ཐོངས་པའི་ཕ་ཡུལ།གཞས་ཆུང་གཅིག་གིས་ང་ཡིས་ཁྱེད་ཉིད་བླངས་ག་ལ་ཚར་ཀྱང༌།  ངས་འདི་ལྟར་ནམ་ཡང་དམར་ཆུང་སེམས་ཀྱིས་ཁྱེད་རང་གཅིག་པུ་བསྲུང་བཞིན་ཡོད།མདོར་ན་ཕ་ཡུལ་གྱིས་གནང་བའི་གཞས་ཆུང་འདི་དག་ཁོ་བོའི་སེམས་ཀྱི་རླབས་རྒྱུན་ལ་དྲངས་དེ་མི་ཡུལ་དུངས་བ་ཅན་ལ་ཕ་ཟས་སྦྲང་དཀར་རྩམ་པའི་བཅུད་དུ་འཁུམས་པར་ཤོག
 
  སྦྲེལ་མཐུད། གླུ་བ་སྒྲོལ་མ་སྐྱབས་ལ་བཅར་འདྲི་བྱས་པ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླུ་བ་སྒྲོལ་མ་སྐྱབས་ཀྱི་བོད་གླུའི་ཆེད་བསྒྲིགས་བརྙན་འཁོར《རྩམ་པ》ཞེས་པ་འགྲེམ་སྤེལ་བྱས་ཡོད་པ།

2008-12-23 གསར་འགོད་པ་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།