མྱིག་གཅོད་ཀྱིས་བརྩམས་པའི《གླིང་གེ་སར་དང་རྨ་ཆུའི་ཁུགས་སོ་དང་པོ》ཞེས་པ་ཐེངས་གསུམ་པར་པར་དུ་བསྐྲུན་པ།
ཉེ་ལམ། རྨ་ཆུ་རྫོང་གེ་སར་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་འགན་ཁུར་བའི་རྨ་ཆུ་རྫོང་གི་གླིང་སྒྲུང་ཞིབ་འཇུག་པ་མྱིག་གཅོད་ལགས་ཀྱིས་བརྩམས་པའི《གླིང་གེ་སར་དང་རྨ་ཆུའི་ཁུགས་སོ་དང་པོ》ཞེས་པའི་དེབ་དེ་འདོན་ཐེངས་གསུམ་པར་པར་དུ་བསྐྲུན་ནས་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱས། དེབ་དེའི་ནང་རྨ་ཆུ་རྫོང་གི་ས་མིང་ངོ་སྤྲོད་དང༌། གླིང་སྒྲུང་དང་འབྲེལ་བའི་ཤེས་བྱ་སོགས་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཤན་སྦྱར་གྱིས་བཀོད་ཡོད་པ་མ་ཟད་རྨ་ཆུ་རྫོང་དུ་ཡོད་པའི་གླིང་སྒྲུང་གི་རིག་གནས་དག་གོ་བདེ་ཞིང་ཁ་གསལ་བར་བཀོད་ཡོད་པས་དེའི་ཕྱོགས་ལ་མོས་འདུན་ཡོད་པའི་ཀློག་མཁན་ཚོའི་ཡིད་ཀྱི་དང་བ་འདྲེན་ནུས་པར་ཐེ་མི་ཚོམ།
རྩོམ་ཁུངས། ངེད་དྲ་བ།