༼མི་རབས་ཤིག་གི་ཉིན་འགའ༽ཞེས་པའི་བརྩམས་སྒྲུང་དེབ་པར་དུ་བསྐྲུན་པ།

     ཉེ་ལམ། གུར་མགོན་ཚེ་རིང་གིས་བརྩམས་པའི་སྒྲུང་དེབ༼མི་རབས་ཤིག་གི་ཉིན་འགའ༽ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཟིན་པའི་གནས་ཚུལ་རྡོ་འབུམ་དཔེ་འཕྲིན་དུ་བཀོད་འདུག
     དྲ་བ་དེར་བཀོད་པ་ལྟར་ན། བརྩམས་སྒྲུང་དེའི་ནང་དུ་སློབ་གྲྭ་ཆེན་མོའི་འཚོ་བ་ལ་སུན་སྣང་གིས་ཁེངས་པའི་སློབ་མ་ཞིག་སློབ་ཁྲིད་ལ་མ་ཞུགས་པར་སློབ་གྲྭའི་སྒྲིག་ལམ་ལ་ཡང་ཡང་འགལ་ན་ཡང༌། སློབ་གྲྭའི་མགོ་ཁྲིད་རྣམས་ཀྱིས་ཁོ་རང་ཕ་མེད་ཀྱི་དྭ་ཕྲུག་ཅིག་ཡིན་པ་ཤེས་ནས་མུ་མཐུད་དུ་སློབ་གཉེར་བྱ་རྒྱུའི་གོ་སྐབས་བྱིན་མོད། མཇུག་མཐར་ཁོས་གསར་དུ་ངོ་ཤེས་པའི་དཔེ་མཛོད་ཁང་གི་ལས་ཀ་བ་དཔལ་ཆེན་རྡོ་རྗེས་རང་གི་དགའ་མ་རྐྱེན་ལམ་དུ་བརྫངས་རྗེས་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་ཆ་ཉོ་བྱེད་ཀྱི་སྒོར་མོ་ཁྲི་ལྔ་བཅུ་འཁྱེར་ནས་གར་སོང་མ་ཤེས་པས། དེའི་ཉེས་སྐྱོན་རང་ཐོག་ལ་འབབ་པར་སྐྲག་ནས་མི་འདི་ཡང་སློབ་གྲྭ་ནས་རང་འགུལ་གྱིས་ཕྱིར་བུད་པ་རེད།
   ད་དུང་དྲ་བ་དེར། དཔེ་དེབ་དེའི་ནང་དུ་གཙོ་བོ་མིའི་ནང་སེམས་ཀྱི་འགྱུར་བ་བྲིས་པ་བརྒྱུད་ནས་རྩོམ་གྱི་བརྗོད་སྙིང་དེ་སར་ཐར་(萨特)སོགས་ཀྱི་འཚོ་གནས་ལ་སྙིང་བོ་མེད་པར་སྨྲ་བའི་(世界是荒诞的)མཚན་ཉིད་རིག་པའི་གཞུང་ཁོག་ལ་བསྲིངས་ཡོད་པས་ལྟ་རིན་ཆེ་ཞེས་བྲིས་འདུག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།