བོད་ཀྱི་སློབ་རའི་གློག་བརྙན༼གཟའ་ཉི་མ༽ཞེས་པ་ཕབ་སྐྲུན་བྱས་པ།
ཉེ་སྔོན། བོད་རིགས་སློབ་ཆེན་སློབ་མས་རྩ་འཛུགས་བྱས་ཤིང་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ཕབ་སྐྲུན་བྱས་པའི་སློབ་རའི་གློག་བརྙན༼ གཟའ་ཉི་མ ༽ཞེས་པ་དངོས་སུ་ཕབ་སྐྲུན་བྱས་ཚར་ཡོད། བརྙན་ཐུང་འདི་ནི་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས༼ ཕྱིར་འོང་མེད་པའི་ལོ་ཟླ ༽ཕབ་སྐྲུན་བྱས་རྗེས་ཀྱི་བོད་ཀྱི་སློབ་རའི་བརྙན་ཐུང་གཉིས་པ་ཡིན། བརྙན་ཐུང་འདིར་བོད་རིགས་སློབ་ཆེན་སློབ་མ་ཞིག་གི་གཟའ་ཉི་མའི་གཏམ་རྒྱུད་གཞིར་བཟུང་ནས་ཁོ་དང་ཁོའི་ཁོར་ཡུག ནང་སེམས་བཅས་དབར་གྱི་འགལ་བ་ཁུངས་སྣེ་བྱས་ཏེ་བོད་རིགས་སློབ་ཆེན་སློབ་མའི་འཚོ་བ་དངོས་ལ་ཟབ་འཇུག་བྱས་ཡོད་པས་བརྙན་རིགས་ལ་མོས་པ་ཡོད་མཁན་ཚོས་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། ད་ལྟ་སྒྲིག་སྤྱོར་བྱེད་བཞིན་པའི་སྒང་ཡིན་ལ་ད་ལོའི་ཟླ༢པའི་ནང་དངོས་སུ་ལེགས་འགྲུབ་ཡོང་ངེས་ཡིན།
༼གཟའ་ཉི་མ༽ཕབ་སྐྲུན་ཚོགས་པ།
ཕབ་སྐྲུན་གྱི་ཡུལ་དངོས།
པར་སྐྲུན་གྱི་ཡུལ་དངོས།
པར་སྐྲུན་གྱི་ཡུལ་དངོས།
ཕབ་སྐྲུན་ཚོགས་པའི་དཔང་ཡིག
རྩོམ་ཁུངས། ངེད་དྲ་བ།