རྩོམ་པ་པོ་སྐད་གྲགས་ཅན་ཧྲི་ཐེ་ཧྲིན་སྐུ་གཤེགས་པ།
རྒྱ་རིགས་རྩོམ་པ་པོ་སྐད་གྲགས་ཅན་ཧྲི་ཐེ་ཧྲིན(史铁生)ལགས་ལ་ཀླད་ཁྲག་བརྡོལ་ནས་སྨན་བཅོས་ཀྱིས་སྐྱོབ་མ་ཐུབ་པར་དེ་རིང༼༢༠༡༠ལོའི་ཟླ༡༢པའི་ཚེས༣༡ཉིན༽ཞོགས་པའི་ཆུ་ཚོད་གསུམ་པར་པེ་ཅིང་ནས་སྐུ་གཤེགས་པ་རེད།ནང་མིས་ཁོང་གི་རེ་འདོད་ལྟར་དབང་པོ་དང་དོན་སྣོད་མང་པོ་ཞིག་གཞན་ལ་སྦྱིན་པ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཀྱང་འདུག
ཁོང་ནི་སྔ་མོ་ཞིག་ནས་ནད་ཀྱིས་མནར་ཏེ་ཕལ་ཆེར་མལ་སར་ལྷུང་ཡོད་པའི་རྩོམ་པོ་ཞིག་ཡིན་ལ།གྲོགས་པོ་ཚོར་ཀུ་རེའི་ཚུལ་དུ་ང་ནི་ཆེད་ལས་ཀྱི་ནད་པ་ཞིག་ཡིན།ཞོར་དུ་རྩོམ་རེ་འབྲི་གི་ཡོད་ཅེས་ཀུ་རེ་རྩེ་རྒྱུར་དགའ་བོ་ཡོད་ཟེར།འོན་ཀྱང་ནད་ཀྱིས་ཅི་འདྲ་མནར་ཀྱང་ཁོང་གི་གསར་རྩོམ་གྱི་ལམ་བུ་མ་ཁེག་པར་སྔ་གཞུག་དུ་ལྷུག་རྩོམ་དང་བརྩམས་སྒྲུང་སྣ་ཁ་མང་པོ་ཞིག་ཕུད་ཡོད་པས།དེང་གི་རྒྱ་ནག་གི་རྩོམ་པ་པོ་ཚོའི་གྲས་ཀྱི་ཉམས་མྱོང་འཛོམས་ཤོས་དང་སྐད་གྲགས་ཆོད་ཤོས་ཀྱི་་རྩོམ་པ་པོའི་གྲས་སུ་ཚུད་ཡོད་པ་སྨོས་མེད་ཡིན།འོན་ཀྱང་འུ་ཅག་བོད་ལ་དེ་འདྲ་རྒྱུས་མངའ་མེད་པ་ནི་གཅིག་ནས་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་དེས་འུ་ཅག་གི་བལྟ་ཀློག་གི་རྒྱ་མ་ཁེབས་པ་དང་གཉིས་ནས་འུ་ཅག་གི་ཡིག་སྒྱུར་བ་ཚོས་ཁོང་གི་བརྩམས་ཆོས་སྒྱུར་མ་མྱོང་བས་ཡིན་པ་འདྲ།
རྩོམ་ཁུངས། ངེད་དྲ་བ།