བོད་སྐད་གློག་བརྙན《ལམ》ཞེས་པར་བྱ་དགའ་ཐོབ་བ།

གསར་འགོད་པ་རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-18


   ནུབ་བྱང་མི་རིགས་སློབ་ཆེན་མཛེས་རྩལ་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་བོད་རིགས་སློབ་མས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་གློག་བརྙན«ལམ»ཞེས་པར་ཉེ་སྔོན་ཧུའུ་པེ་ཞིང་ཆེན་གྱི་སྐབས་བཞི་བའི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་འགྲན་བསྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ།     ཐེངས་འདིའི་བྱ་འགུལ་ནི་ཧུའུ་པེ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་དང་བུའུ་ཧན་སློབ་ཆེན་གྱི་གུང་གཞོན་ཚོགས་པ། བུའུ་ཧན་སློབ་ཆེན་རྒྱུན་ལས་ལས་འཛིན་ལྷན་ཚོགས།  བུའུ་ཧན་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན།
   བྱ་དགའ་སྟེར་བའི་མཛད་སྒོ་སྟེ་ཟླ་འདིའི་ཚེས་༣ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་སྟེང་ཧུའུ་པེ་ཞིང་ཆེན་བུའུ་ཧན་སློབ་ཆེན་གྱི་རིག་གཞུང་སྙན་ཞུ་ཁང་དུ་བསྡུས་ཤིང་།འཁྲབ་ཁྲིད་པ་བསྟན་འཛིན་ཉི་མ་དང་འཁྲབ་སྟོན་པ་གཙོ་བོ་བདུད་འདུལ་སྐྱབས་གཉིས་ཆེད་དུ་བུའུ་ཧན་གྲོང་ཁྱེར་དུ་བྱ་དགའི་རྟགས་མ་ལེན་དུ་སོང་བ་མ་ཟད། བུའུ་ཧན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་དྲ་བ་ཁག་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས་མ་འོངས་པ་ན་མུ་མཐུད་ནས་བོད་སྐད་ཀྱི་གློག་བརྙན་མང་པོ་ཕབ་སྐྲུན་བྱེད་རྒྱུའི་བསམ་ཚུལ་དང་བྱ་དགའ་ཐོབ་པའི་མྱོང་ཚོར་བཅས་ཀྱི་ཐད་ནས་ཁ་བརྡ་གནང་ཡོད།
གཞན་ཡང་།ཐེངས་འདིའི་འགྲན་བསྡུར་ལ་རང་རྒྱལ་གྱི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་མང་པོ་ཞུགས་ཡོད་པ་མ་ཟད།ཧྥ་རིན་སི་དང་ཁོ་རེ་ཡ་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་ཀྱང་ཞུགས་ཡོད་པ་རེད་དོ། །
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་སྐད་གློག་བརྙན《ལམ》ཞེས་པར་བྱ་དགའ་ཐོབ་བ།

2010-12-18 གསར་འགོད་པ་རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།


   ནུབ་བྱང་མི་རིགས་སློབ་ཆེན་མཛེས་རྩལ་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་བོད་རིགས་སློབ་མས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་གློག་བརྙན«ལམ»ཞེས་པར་ཉེ་སྔོན་ཧུའུ་པེ་ཞིང་ཆེན་གྱི་སྐབས་བཞི་བའི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་འགྲན་བསྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ།     ཐེངས་འདིའི་བྱ་འགུལ་ནི་ཧུའུ་པེ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་དང་བུའུ་ཧན་སློབ་ཆེན་གྱི་གུང་གཞོན་ཚོགས་པ། བུའུ་ཧན་སློབ་ཆེན་རྒྱུན་ལས་ལས་འཛིན་ལྷན་ཚོགས།  བུའུ་ཧན་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན།
   བྱ་དགའ་སྟེར་བའི་མཛད་སྒོ་སྟེ་ཟླ་འདིའི་ཚེས་༣ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་སྟེང་ཧུའུ་པེ་ཞིང་ཆེན་བུའུ་ཧན་སློབ་ཆེན་གྱི་རིག་གཞུང་སྙན་ཞུ་ཁང་དུ་བསྡུས་ཤིང་།འཁྲབ་ཁྲིད་པ་བསྟན་འཛིན་ཉི་མ་དང་འཁྲབ་སྟོན་པ་གཙོ་བོ་བདུད་འདུལ་སྐྱབས་གཉིས་ཆེད་དུ་བུའུ་ཧན་གྲོང་ཁྱེར་དུ་བྱ་དགའི་རྟགས་མ་ལེན་དུ་སོང་བ་མ་ཟད། བུའུ་ཧན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་དྲ་བ་ཁག་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས་མ་འོངས་པ་ན་མུ་མཐུད་ནས་བོད་སྐད་ཀྱི་གློག་བརྙན་མང་པོ་ཕབ་སྐྲུན་བྱེད་རྒྱུའི་བསམ་ཚུལ་དང་བྱ་དགའ་ཐོབ་པའི་མྱོང་ཚོར་བཅས་ཀྱི་ཐད་ནས་ཁ་བརྡ་གནང་ཡོད།
གཞན་ཡང་།ཐེངས་འདིའི་འགྲན་བསྡུར་ལ་རང་རྒྱལ་གྱི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་མང་པོ་ཞུགས་ཡོད་པ་མ་ཟད།ཧྥ་རིན་སི་དང་ཁོ་རེ་ཡ་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་ཀྱང་ཞུགས་ཡོད་པ་རེད་དོ། །
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།