ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མ་བུ་མོ་ཚོའི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་བ་བསྡུས་པ།

  ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་ནས་སྐབས་བཞི་བའི་སློབ་མ་བུ་མོ་ཚོའི་རང་རྟོགས་གོང་འཕེལ་དང་ནུས་རྩལ་གསོ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་པ།
  
  
  
   སྤྱི་ཟླ12པའི་ཚེས4ཉིན་གྱི་སྔ་དྲོར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་དང་སྐལ་བཟང་འཚོ། ཚེ་རིང་དགའ་སྐྱིད་སོགས་སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པའི་སྣེ་ཁྲིད་ལ་བརྟེན་ནས་ལོ་རིམ་མི་འདྲ་བའི་  སློབ་མ་བུ་མོ་ཚོས་རྩ་འཛུགས་བྱས་ཏེ“ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སྐབས་བཞི་བའི་སློབ་ཆེན་བུ་མོའི་རང་རྟོགས་གོང་འཕེལ་དང་ནུས་རྩལ་གསོ་སྦྱོང་བགྲོ་གླེང་ཚོགས་འདུ”སློབ་གྲྭའི་ནང་བསྡུས། ཚོགས་འདུར་ཞུགས་མཁན་ཞིབ་འཇུག་འཛིན་གྲྭ་དང་དངོས་གཞི་འཛིན་གྲྭ། ཆེད་སྦྱོང་འཛིན་གྲྭ་བཅས་སྡོམ་པས་སློབ་མ་བུ་མོ་ཉིས་བརྒྱ་སུམ་བཅུ་ཙམ་ཡོད། 
    ཐེངས་འདིའི་གླེང་གཞི་བུ་མོ་རྣམས་ལ་འབྲེལ་བ་ཆེ་བའི་ཟླ་མཚན་དང་སྦྲུམ་འགོག མངལ་སྐྲན་དང་མཚན་མའི་འགོས་ནད་སོགས་ཀྱི་འབྱུང་རྐྱེན་དང་བཅོས་ཐབས་ཐད་ཀྱི་འཕྲོད་བསྟེན་ཤེས་བྱ་བསྒྲགས་པ་དང་གཞན་ད་དུང་སློབ་ལོའི་དཔྱད་རྩོམ་དང་མཐར་ཕྱིན་དཔྱད་རྩོམ་འབྲི་བར་ཇི་ལྟར་སྔོན་འགྲོའི་མཐུན་རྐྱེན་བསྒྲུབ་རྒྱུ་དང་ཐོག་མའི་གྲ་སྒྲིག་བྱ་རྒྱུ། དེ་དང་འབྲེལ་བའི་སྤྱི་ཚོགས་ཉམས་ཞིབ་བྱེད་ཚུལ་སོགས་ཤེས་བྱ་མང་བོ་བཤད་པས་བློ་ རྒྱ་བསྐྱེད་ཡོད། དེ་བརྟེན་ལོ་རིམ་མི་འདྲ་བའི་བུ་མོ་ཚོས་དྲི་བ་བཏོན་ཅིང་རང་རང་གི་ལྟ་ཚུལ་གང་མང་བརྗོད།
    བྱེད་སྒོ་ཕུན་སུམ་ཚོགས་ཤིང་བུ་མོ་ཚོའི་སྣང་བ་སྐྱིད་པོ་ཡོང་ཆེད། ཚོགས་འདུའི་བར་ནས་གླུ་མ་བསམ་ཁོ་སྐྱིད་ཀྱིས་སྙན་མོའི་ངག་གི་འགྱུར་ཁུགས་ལ་བརྟེན་ནས་རེ་ཞིག་བོད་ཕྲུག་ཚོ་ཕ་ཡུལ་རྩྭ་ཐང་ལ་ཁྲིད།
ངེད་ཚོགས་པའི་རྩ་དོན་ནི། སློབ་མ་བུ་མོ་ཚོར་འདུ་ཤེས་དང་འཇོན་ཐང་ཡག་པོ་ལྡན་པར་ཕྱོགས་ཡོངས་ནས་ཅི་ཐུབ་སྒོས་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན།

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མ་བུ་མོ་ཚོའི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་བ་བསྡུས་པ།

2010-12-06 ངེད་དྲ་བ། ཀློག་གྲངས། མཆན ཡོད།

  ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་ནས་སྐབས་བཞི་བའི་སློབ་མ་བུ་མོ་ཚོའི་རང་རྟོགས་གོང་འཕེལ་དང་ནུས་རྩལ་གསོ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་པ།
  
  
  
   སྤྱི་ཟླ12པའི་ཚེས4ཉིན་གྱི་སྔ་དྲོར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་དང་སྐལ་བཟང་འཚོ། ཚེ་རིང་དགའ་སྐྱིད་སོགས་སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པའི་སྣེ་ཁྲིད་ལ་བརྟེན་ནས་ལོ་རིམ་མི་འདྲ་བའི་  སློབ་མ་བུ་མོ་ཚོས་རྩ་འཛུགས་བྱས་ཏེ“ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སྐབས་བཞི་བའི་སློབ་ཆེན་བུ་མོའི་རང་རྟོགས་གོང་འཕེལ་དང་ནུས་རྩལ་གསོ་སྦྱོང་བགྲོ་གླེང་ཚོགས་འདུ”སློབ་གྲྭའི་ནང་བསྡུས། ཚོགས་འདུར་ཞུགས་མཁན་ཞིབ་འཇུག་འཛིན་གྲྭ་དང་དངོས་གཞི་འཛིན་གྲྭ། ཆེད་སྦྱོང་འཛིན་གྲྭ་བཅས་སྡོམ་པས་སློབ་མ་བུ་མོ་ཉིས་བརྒྱ་སུམ་བཅུ་ཙམ་ཡོད། 
    ཐེངས་འདིའི་གླེང་གཞི་བུ་མོ་རྣམས་ལ་འབྲེལ་བ་ཆེ་བའི་ཟླ་མཚན་དང་སྦྲུམ་འགོག མངལ་སྐྲན་དང་མཚན་མའི་འགོས་ནད་སོགས་ཀྱི་འབྱུང་རྐྱེན་དང་བཅོས་ཐབས་ཐད་ཀྱི་འཕྲོད་བསྟེན་ཤེས་བྱ་བསྒྲགས་པ་དང་གཞན་ད་དུང་སློབ་ལོའི་དཔྱད་རྩོམ་དང་མཐར་ཕྱིན་དཔྱད་རྩོམ་འབྲི་བར་ཇི་ལྟར་སྔོན་འགྲོའི་མཐུན་རྐྱེན་བསྒྲུབ་རྒྱུ་དང་ཐོག་མའི་གྲ་སྒྲིག་བྱ་རྒྱུ། དེ་དང་འབྲེལ་བའི་སྤྱི་ཚོགས་ཉམས་ཞིབ་བྱེད་ཚུལ་སོགས་ཤེས་བྱ་མང་བོ་བཤད་པས་བློ་ རྒྱ་བསྐྱེད་ཡོད། དེ་བརྟེན་ལོ་རིམ་མི་འདྲ་བའི་བུ་མོ་ཚོས་དྲི་བ་བཏོན་ཅིང་རང་རང་གི་ལྟ་ཚུལ་གང་མང་བརྗོད།
    བྱེད་སྒོ་ཕུན་སུམ་ཚོགས་ཤིང་བུ་མོ་ཚོའི་སྣང་བ་སྐྱིད་པོ་ཡོང་ཆེད། ཚོགས་འདུའི་བར་ནས་གླུ་མ་བསམ་ཁོ་སྐྱིད་ཀྱིས་སྙན་མོའི་ངག་གི་འགྱུར་ཁུགས་ལ་བརྟེན་ནས་རེ་ཞིག་བོད་ཕྲུག་ཚོ་ཕ་ཡུལ་རྩྭ་ཐང་ལ་ཁྲིད།
ངེད་ཚོགས་པའི་རྩ་དོན་ནི། སློབ་མ་བུ་མོ་ཚོར་འདུ་ཤེས་དང་འཇོན་ཐང་ཡག་པོ་ལྡན་པར་ཕྱོགས་ཡོངས་ནས་ཅི་ཐུབ་སྒོས་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།