ནུབ་བྱང་མི་རིགས་སློབ་ཆེན་གྱིས“དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”གསར་འཛུགས་བྱས།

གསར་འགོད་པ་རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-31

       
                (པར་དབང་། རྒྱ་ཡིག་གི་བོད་མིའི་རིག་གནས་དྲ་བ།)
      ནུབ་བྱང་མི་རིགས་སློབ་ཆེན་གྱིས་“དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”གསར་འཛུགས་བྱས་ཏེ་བོད་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་མ་དག་ལ་བྱ་དགའ་ཆེན་པོ་གནང་རྒྱུ་ཡིན་པ་རེད།༢༠༡༠ ལོའི་ཟླ་༩ པར། ནུབ་བྱང་མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར་༦༠ ལོན་པའི་སྐབས་དེར། སློབ་གྲྭ་དེ་ནས་ཕྱག་ལས་གནང་སྟེ་ལོ་སུམ་ཅུ་ལོན་ལ་ཉེ་བའི་འབུམ་རམས་པའི་སློབ་དཔོན་ཆེན་མོ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་མཆོག་གིས། རང་ཉིད་ཀྱི་བརྩམས་ཆོས་པར་སྐྲུན་བྱས་པའི་ཡོང་འབབ་དང་སྒེར་གྱི་ཕོགས་སྣོན་ཁྲོད་ནས་སྒོར་ཁྲི་༥ བཏོན་ཏེ“དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”བཙུགས་ནས། མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར་༦༠ ལོན་པའི་དགའ་སྟོན་གྱི་ལེགས་སྐྱེས་སུ་ཕུལ།
         “དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”དེ་གཙོ་བོ་སློབ་སྦྱོང་དང་ཀུན་སྤྱོད་ཕྱོགས་གང་ཐད་ནས་བཟང་བ་དང༌། སློབ་གྲྭ་དེར་སློབ་སྦྱོང་བྱས་ནས་ལོ་གཅིག་ལོན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་(བོད་འབར་སྐད་རིགས། བོད་ཡིག་བརྡ་འཕྲིན)ཆེད་ལས་དང༌། ལོ་རྒྱུས་ཡིག་ཆ་རིག་པའི་(གེ་སར་རིག་པ)ཆེད་ལས་ཀྱི་འབུམ་རམས་པ་དང་རབ་འབྱམས་པ་ལ་གནང་རྒྱུ་ཡིན་པ་རེད། ལོ་རེར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་༢ དང༌། འབུམ་རམས་པའི་ཞིབ་འཇུག་སློབ་མ་༡ ལ་གནང་རྒྱུ་རེད། བྱ་དགའི་དངུལ་གྲངས་ནི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་མི་རེར་སྒོར་༡༥༠༠ དང༌། འབུམ་རམས་པའི་ཞིབ་འཇུག་སློབ་མ་མི་རེར་སྒོར་༢༠༠༠ ཡོད་པ་རེད།

 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་གྱིས“དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”གསར་འཛུགས་བྱས།

2010-10-31 གསར་འགོད་པ་རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།

       
                (པར་དབང་། རྒྱ་ཡིག་གི་བོད་མིའི་རིག་གནས་དྲ་བ།)
      ནུབ་བྱང་མི་རིགས་སློབ་ཆེན་གྱིས་“དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”གསར་འཛུགས་བྱས་ཏེ་བོད་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་མ་དག་ལ་བྱ་དགའ་ཆེན་པོ་གནང་རྒྱུ་ཡིན་པ་རེད།༢༠༡༠ ལོའི་ཟླ་༩ པར། ནུབ་བྱང་མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར་༦༠ ལོན་པའི་སྐབས་དེར། སློབ་གྲྭ་དེ་ནས་ཕྱག་ལས་གནང་སྟེ་ལོ་སུམ་ཅུ་ལོན་ལ་ཉེ་བའི་འབུམ་རམས་པའི་སློབ་དཔོན་ཆེན་མོ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་མཆོག་གིས། རང་ཉིད་ཀྱི་བརྩམས་ཆོས་པར་སྐྲུན་བྱས་པའི་ཡོང་འབབ་དང་སྒེར་གྱི་ཕོགས་སྣོན་ཁྲོད་ནས་སྒོར་ཁྲི་༥ བཏོན་ཏེ“དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”བཙུགས་ནས། མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར་༦༠ ལོན་པའི་དགའ་སྟོན་གྱི་ལེགས་སྐྱེས་སུ་ཕུལ།
         “དོར་ཞི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”དེ་གཙོ་བོ་སློབ་སྦྱོང་དང་ཀུན་སྤྱོད་ཕྱོགས་གང་ཐད་ནས་བཟང་བ་དང༌། སློབ་གྲྭ་དེར་སློབ་སྦྱོང་བྱས་ནས་ལོ་གཅིག་ལོན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་(བོད་འབར་སྐད་རིགས། བོད་ཡིག་བརྡ་འཕྲིན)ཆེད་ལས་དང༌། ལོ་རྒྱུས་ཡིག་ཆ་རིག་པའི་(གེ་སར་རིག་པ)ཆེད་ལས་ཀྱི་འབུམ་རམས་པ་དང་རབ་འབྱམས་པ་ལ་གནང་རྒྱུ་ཡིན་པ་རེད། ལོ་རེར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་༢ དང༌། འབུམ་རམས་པའི་ཞིབ་འཇུག་སློབ་མ་༡ ལ་གནང་རྒྱུ་རེད། བྱ་དགའི་དངུལ་གྲངས་ནི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་མི་རེར་སྒོར་༡༥༠༠ དང༌། འབུམ་རམས་པའི་ཞིབ་འཇུག་སློབ་མ་མི་རེར་སྒོར་༢༠༠༠ ཡོད་པ་རེད།

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།