རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་བྱ་བའི་གྲོས་ཚོགས་སྐོར།

བསོད་ནམས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-19

     སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་བྱ་བའི་གྲོས་ཚོགས་ཟླ་༡༠ པའི་ཚེས་༡༣ ལ་པེ་ཅིང་ནས་འཚོགས་ཤིང་། ཟི་ཁྲོན་མི་རིགས་སློབ་གླིང་དང་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་སྡེ་ཁག  ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་ཆེན།  མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་སློབ་ཆེན་གསོ་རིག་གླིང་སོགས་སློབ་གྲྭ་དང་སྡེ་ཁག་བཅུ་གཅིག་གི་འཐུས་མི་ཉི་ཤུ་ལྷག་འཚོག་འདུ་ལ་ཞུགས། 
    ཐེངས་འདིའི་གྲོས་ཚོགས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཚོགས་ལ། གྲོས་འཚོག་གི་མཛད་སྒོར་ཀྲུང་དབྱང་མི་རིགས་སློབ་ཆེན་ཀྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ་དང་བོད་རིག་པའི་མཁས་པ་ཝང་ཡོའུ། བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་ཚེ་རིང་ཐར་དང་བཅས་སློབ་ཆེན་༡༡  གི་འཐུས་མི་ཉི་ཤུ་ལྷག   པེ་ཅིང་དུ་སློབ་གཉེར་བྱེད་བཞིན་པའི་བོད་ཀྱི་སློབ་མ་མང་པོ་ཞིག་ཞུགས།  མཛད་སྒོའི་སྟེང་སློབ་གཙོ་ཤེས་རབ་ཉི་མ་དང་ཆེད་མཁས་པ་ཝང་ཡོའུ་གཉིས་ཀྱིས་གཏན་བཤད་གནང་། 
      གྲོས་ཚོགས་ཉིན་གཉིས་ཀྱི་རིང་ལ་འཚོགས་ཤིང་།  སྔ་གཞུག་ཏུ་༼བོད་སྐད་ཡིག་གི་སློབ་ཁྲིད་ཁྲོད་ཀྱི་མིང་བརྡ་གསར་པ་ཁག་གཅིག་ཚད་ལྡན་དུ་བསྒྱུར་བཅོས་༽གནང་པ་དང་། ­༼སྨྱན་མང་གཟུགས་སོགས་དེང་རབས་ཅན་གྱི་སློབ་ཁྲིད་ཡོེ་བྱད་བོད་སྐད་ཡིག་གི་སློབ་ཁྲིད་ཁྲོད་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་པ།༽༼  མིག་སྔར་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་ཁྲིད་ལ་གནས་པའི་གནད་དོན་དང་དེ་ཐག་གཅོད་པའི་ཐབས་ལམ་༽སོགས་ལ་བགྲོ་གླེང་དང་གཙབ་བརྡར་བྱས།  ཚོགས་ཐོག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་གླིང་གཙོ་ཟླ་བས་བོད་སྐད་ཡིག་གི་མཐོ་རྒྱུགས་ལ་དགེ་སློབ་གཉིས་ཀས་རྗུན་བཟོ་བྱས་པས་སློབ་མ་བཟང་པོ་བསྡུ་ལེན་བྱེད་པར་གེགས་བྱེད་པའི་སྐོར་ནས་གཏན་བཤད་གནང་བར་ཀུན་གྱིས་གདེང་འཇོག་ཆེན་པོ་བྱས།  ཚོགས་ཞུགས་པ་རྣམ་གྱིས་བོད་སྐད་ཡིག་གི་ཆེད་ལས་ལ་ཤུགས་སྣོན་རྒྱུག་དགོས་པ་དང་།  སློབ་མའི་མདུན་ལམ་ལ་བསམ་བློ་གཏོང་དགོས་པ།  ཚད་ལྡན་གྱི་སློབ་དེབ་བེད་སྤྱོད་བྱེད་དགོས་པ་སོགས་ལ་བཀའ་མོལ་གནང་།   ད་དུང་ཚོགས་ཞུགས་མི་སྣ་ཁ་ཤས་ཀྱི་དགོངས་འཆར་ལྟར་འཚོག་འདུའི་མིང་༼ རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་ཀྱི་བྱ་བའི་གྲོས་ཚོགས་༽ཞེས་པར་བསྒྱུར་བ་ལ་གྲོས་འཆམ་བྱུང་། 

ཚོགས་ཞུགས་ཀྱི་འཐུས་མི་རྣམས་པ།

འཚོག་ར་དངོས།

གྲོས་འཚོག་ལ་ཞུགས་པའི་འཐུས་མི་རྣམས་ཀྱིས་ལྷན་དུ་དྲན་རྟེན་གྱི་པར་བསྐྱོན་པ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་བྱ་བའི་གྲོས་ཚོགས་སྐོར།

2010-10-19 བསོད་ནམས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།