ཕེ་རོའུ་ཡི་རྩོམ་པ་པོ་གྲགས་ཅན་ལོ་ཟཱ་ལ་༢༠༡༠ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།

        ཟླ་༡༠པའི་ཚེས་༧ཉིན། སུའེ་ཏེན་གོང་མའི་རྩོམ་རིག་གླིང་གིས་༢༠༡༠ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཕེ་རོའུ་ནས་ཡིན་པའི་སྐད་གྲགས་ཅན་གྱི་རྩོམ་པ་པོ་མཱ་རེའོ·ཝར་ཀ་སི·ལོ་ཟཱ་ལ་ཐོབ་པ་ཁྱབ་བསྒྲགས་བྱས་ཤིང་གཟེངས་བསྟོད་ཡི་གེ་རུ“དབང་ཤུགས་ཀྱི་གྲུབ་ཆ་ཁག་གི་རྣམ་པ་ཞིབ་མོར་མཚོན་ཞིང་སྐྱེས་བུ་སྒེར་གྱི་འགོག་རྒོལ་དང་། ངོ་རྒོལ། ཕམ་ཁ་བཅས་ཞིབ་ཅིང་ཕྲ་བར་བརྗོད་ཡོད”ཅེས་བྲིས་འདུག
       ད་ལོ་དགུང་གྲངས་༧༤བཞེས་པའི་རྩོམ་པ་པོ་ལོ་ཟཱ་ལགས་ནི་དེ་སྔ་དབྱིན་ཇིའི་ཁམ་ཟམ་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཡིན་པ་དང་། ལོན་ཏོན་སློབ་ཆེན་དང་། ཨ་རིའི་ཀི་ལོམ་སྦི་ཡ་སློབ་ཆེན། ཧ་བར་དི་སློབ་གྲྭ་ཆེན་མོ་སོགས་ཀྱི་མགྲོན་ཞུས་སློབ་དཔོན་ཡང་ཡིན།
        ཁོང་གི་བརྩམས་ཆོས་མང་ཤོས་ཀྱི་བརྗོད་བྱ་ནི་ལམ་ལུགས་སྒེར་གཅོད་ལ་རྒོལ་བ་དང་། གཡས་མཐར་ལྷུང་བའམ་གཡོན་མཐར་ལྷུང་བར་རྒོལ་བ་ཡིན་ལ་ཁོང་གིས་བརྩམས་སྒྲུང་གིས་ངེས་པར་དུ་ཆབ་སྲིད་ལ་ཐེ་གཏོགས་བྱ་དགོས་པར་འདོད་ཅིང་དེ་ལྟར་ཐུབ་ཚེ་བརྩམས་སྒྲུང་ནི་མཚོན་ཆ་ནུས་ལྡན་ཞིག་ཏུ་འགྱུར་ཐུབ་པར་འདོད།
        ཁོང་<<གྲོང་ཁྱེར་དང་ཁྱི>>ཞེས་པའི་བརྩམས་སྒྲུང་དེར་བརྟེན་ནས་མཚན་སྙན་རྒྱས་པ་ཞིག་ཡིན་ལ་དེ་ནི་ལ་ཏེན་ཨ་མེ་རི་ཀ་གླིང་གི“རྩོམ་རིག་འབར་གས”སྐབས་ཀྱི་བརྩམས་སྒྲུང་གྲགས་ཅན་བཞིའི་གྲས་སུ་གཏོགས། ཁོང་གི་ཚབ་མཚོན་བརྩམས་ཆོས་ལ་དུང་<<ཁང་བ་སྔོན་པོ>>དང་<<དུས་མཐའི་གཡུལ་འཐབ>> <<ལག་དམར་སུ་ཡིན་ནམ>> <<སྤྲོས་བརྗོད་པ>> <<རྫུན་གཏམ་ཁྲོད་ཀྱི་བདེན་པ>> <<དག་པའི་ཞིང་གི་སྲང་ཟུར་གཞན་ཞིག>> སོགས་བརྩམས་སྒྲུང་དང་། འཁྲབ་གཞུང་། ལྷུག་རྩོམ་སོགས་དེབ་སུམ་ཅུ་ལྷག་ཡོད།
      དེ་སྔ་ཁོང་ལ་སི་ཕེན་སྐད་ཀྱི་རྩོམ་རིག་གི་བྱ་དགའ་མཐོ་ཤོས་ཏེ་སུར་ཝན་ཐེ་སེའི་རྩོམ་རིག་བྱ་དགའ་ཐོབ་མྱོང་བ་དང་། ༡༩༩༠ལོར་ཕེ་རོའུ་ཡི་སྲིད་འཛིན་ཀྱི་འོས་མིར་བདམས་ནའང་སྲོག་ཉེན་ལ་ཐེངས་གསུམ་ལ་འཕྲད་ཅིང་སྲིད་འཛིན་ཀྱི་ཁྲི་ལ་དངོས་སུ་བཞུགས་མ་ཐུབ། ༡༩༩༣ལོར་ཁོང་སི་ཕེན་གྱི་རྒྱལ་ཁོངས་སུའང་ཞུགས་པ་རེད།
     ཁོང་ནི་དེང་འདིར་སྐུ་འཚོ་གཞེས་གནང་བའི་སི་ཕེན་སྐད་ཀྱི་རྩོམ་འབྲི་མཁན་ཚོའི་ནང་དུ་ཤིན་ཏུ་འགངས་ཆེན་དུ་རྩི་བ་ཞིག་ཡིན་ལ<<ལོ་བརྒྱའི་ཧྲེང་ཧྲེང>>གི་རྩོམ་པ་པོ་རྒ་རེ་ཁ·མར་ཁེ་ཟིའི་རྗེས་ནས་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་ལ་ཏེན་ཨ་མེ་རི་ཀ་གླིང་གི་རྩོམ་པ་པོ་ཨང་བཞི་བར་གྱུར་ཡོད། ཁོང་ལ་ཐེངས་འདིར་སུའེ་ཏེན་གྱི་དངུལ་ལོར་བྱེ་བ་གཅིག་བྱ་དགའི་གསོལ་རས་སུ་གནང་རྒྱུ་རེད།
                                   སྦྲེལ་མཐུད། ༢༠༠༩ལོའི་ནོ་པེལ་རྩོམ་རིག་བྱ་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕེ་རོའུ་ཡི་རྩོམ་པ་པོ་གྲགས་ཅན་ལོ་ཟཱ་ལ་༢༠༡༠ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།

2010-10-08 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།